ཐོན་མིའི་སློབ་ཚོགས་ཀྱི་སྒྲིག་ཡིག
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2022 ལོའི་ཟླ 6 ཚེས 27 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» མཐར་ཕྱིན་འོས་སྦྱོར། »ཐོན་མིའི་སློབ་ཚོགས་ཀྱི་སྒྲིག་ཡིག
ཐོན་མིའི་སློབ་ཚོགས་ཀྱི་སྒྲིག་ཡིག
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས 2015-03-24ལྟ་ཀློག (1614)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་སྒྲིག་ཡིག་

ལེགས་ཚོགས་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ཅེས་བྱ་བ་བཞུགས་སོ།།

དང་བོ།

      སློབ་ཚོགས་འདི་ནི་མ་ཡུམ་སློབ་གླིང་སྟེ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲྭ་ཚིགས་དོ་དམ་དང་དཔལ་འབྱོར་འཚོལ་སྒྲུབ་བྱེད་པའི་མཐར་ཕྱིན་སློབ་མ་ཁོ་ནས་གྲུབ་པའི་སློབ་གྲྭ་རང་ངོས་ཀྱི་ཚོགས་པ་ཞིག་ཡིན་པས་ཚོགས་མི་གཞན་བསྡུ་ལེན་བྱ་མི་ཆོག

གཉིས་པ།

      འཛིན་གྲྭ་སོ་སོས་འཐུས་མི་སུས་ཀྱང་སློབ་གྲྭ་དང་ཚོགས་པའི་མཚན་སྙན་ལ་གནོད་པའི་བྱ་བ་བསྒྲུབ་མི་རུང་།  གལ་ཏེ་བྱ་བ་དེ་འདྲ་བྱུང་ཚེ་འཐུས་མི་བརྗེ་སྤོར་དང་ཡང་ན་ཚོགས་པའི་ནང་ནས་ཕྱིར་དབྱུང་གཏང་རྒྱུ།

གསུམ་པ།

      འཐུས་མི་སོ་སོས་ནང་ཕན་ཚུན་ལ་མཐུན་པོ་དང་ནུས་ཤུགས་ཡོད་དགུས་ཚོགས་པ་ལ་རྒྱབ་སྐྱོར་གནང་བ་ལས།    ཕན་ཚུན་དབྱེན་དཀྲུག་དང་ཕྲག་དོག་གིས་ཚོགས་པའི་ལས་གཞི་དང་མདུན་ལམ་ལ་གནོད་པའི་རིགས་བྱུང་ཚེ་ཐག་གཅོད་ནན་མོ་བྱ་རྒྱུ།

བཞི་བ།

     འཛིན་གྲྭ་སོ་སོས་གདམ་ཐོན་བྱུང་བའི་འཐུས་མི་སུ་ཡིན་ཡང་ཁ་ཙམ་མ་ཡིན་པར་ཚོགས་པའི་འཕེལ་རྒྱས་ལ་འགན་ནན་མོ་ཁུར་རྒྱུ་དང་།    གལ་སྲིད་འགན་མི་འཁུར་བ་དང་།   ནུས་པ་མི་འདོན་པའམ་མི་ཐོན་པའི་རིགས་སོགས་བྱུང་ཚེ་ངེས་པར་དུ་འཐུས་མི་བརྗེ་སྤོར་གནང་རྒྱུ།

ལྔ་བ།

        འཐུས་མི་རེ་རེ་ལ་ཚོགས་པའི་ཁ་ཕྱོགས་དང་གནས་བབ་ཐད་ལ་སོ་སོའི་ལྟ་ཚུལ་བརྗོད་པའི་ཁེ་དབང་ཡོད་ཀྱང་།  རང་གི་སྐད་ཆ་ལ་འགན་མི་འཁུར་བ་དང་།ནམ་ཡང་བབ་ཅོལ་དུ་སྨྲ་བ།ཚོགས་པའི་མཐུན་སྒྲིལ་ལ་གནོད་པའི་སྐད་ཆ་བཤད་མཁན་སོགས་བྱུང་ཚེ་དུས་ལྟར་ཐག་གཅོད་གནང་རྒྱུ།

དྲུག་པ།

       འཐུས་མི་སུ་ཡིན་ཡང་ཐོན་མིའི་སློབ་ཚོགས་ཀྱི་མིང་གཡར་ནས་སྒེར་གྱི་བྱ་བ་སྒྲུབ་མཁན་གྱི་རིགས་བྱུང་ཚེ་འཐུས་མི་ལས་ཕྱིར་དབྱུང་གཏང་བའམ་ཐག་གཅོད་ནན་མོ་བྱ་རྒྱུ།

བདུན་པ།

        འཐུས་མི་ལྷན་ཚོགས་ནང་ཁུལ་གྱི་གྲོས་ཀ་དང་འཆར་གཞི་སོགས་ཕྱི་རོལ་དུ་བསྒྲག་ཆོག་པར་གཏན་འཁེལ་བ་ཞིག་ཡིན་ན་མ་གཏོགས་ཚོགས་མི་སུས་ཀྱང་གང་བྱུང་དུ་ཚོགས་པའི་ནང་གཏམ་ཕྱིར་སྒྲོག་དང་འདོན་སྤེལ་བྱེད་པ་གཏན་འགོག་བྱ་རྒྱུ།

བརྒྱད་པ།

        འབྱུང་འགྱུར་གྱི་ལོ་ཟླའི་ནང་དུ་ཐོན་མིའི་སློབ་ཚོགས་ལ་དཀའ་ཁག་རབས་དང་རིམ་པ་འབྱུང་བ་ནི་སྨོས་མེད་ཡིན་པས།     འཛིན་གྲྭ་སོ་སོའི་འཐུས་མི་རྣམས་དཔུང་བ་མཉམ་གཤིབ་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་དཀའ་ཁག་ཇི་འདྲ་བྱུང་ནའང་གདོང་ལེན་གནང་དགོས་པ་ལས།དཀའ་ཁག་ཆེ་བའི་སྐབས་སུ་ཕྱིར་བཀྱེད་པ་སོགས་སྐྱིད་སྡུག་མི་མཉམ་པའི་རིགས་བྱུང་ཚེ་རང་འགུལ་གྱིས་ཕྱིར་འབུད་དགོས།

དགུ་བ།

         ལོ་རེར་འཐུས་མི་ལྷན་ཚོགས་ཐེངས་གཅིག་ནས་གཉིས་པར་འཚོགས་ཏེ་ཐོན་མིའི་སློབ་ཚོགས་ཀྱི་བྱ་བ་ཆེ་ཕྲ་མཐའ་དག་ལ་གྲོས་བསྡུར་དང་འཆར་གཞི་བཟོ་བ་དང་།  སློབ་ཚོགས་ཀྱི་ལོ་རེའི་འགྲོ་གྲོན་གྱི་དངུལ་རྩིས་ཞིབ་གཤེར་གནང་རྒྱུ་མ་ཟད།   ཚོགས་འདུའི་སྐབས་སུ་འཛིན་གྲྭ་གང་གི་འཐུས་མི་དུས་ལྟར་མ་འབྱོར་ཚེ་རྒྱུ་རྐྱེན་དམིགས་བསལ་བ་ཡིན་པ་མ་གཏོགས་ཐག་གཅོད་ནན་མོ་བྱ་རྒྱུ།

བཅུ་བ།

         ཚོགས་པའི་བྱ་བ་ཆེ་ཆུང་ཀུན་གྲོས་བསྡུར་དང་ཐག་གཅོད་ཀྱི་སྐབས་སུ་རྣམ་པ་ཀུན་ཏུ་མང་གཙོའི་ལམ་ལུགས་ལྟར་འཐུས་མི་མང་གྲོས་ཀྱི་མོས་མཐུན་ངོས་ནས་ཐག་གཅོད་གནང་རྒྱུ་ལས་མི་སྒེར་བ་གཅིག་དང་གཉིས་ཀྱི་ཁ་དབང་ཙམ་དང་མོས་མཐུན་ཙམ་ལ་གཏན་ནས་ཡིད་འཇོག་བྱ་མི་ཆོག

བཅུ་གཅིག་པ།

         འཐུས་མི་སུས་ཀྱང་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མཐུན་པར་སློབ་ཚོགས་ཀྱི་བྱ་བ་བསྒྲུབ་པ་ལས།  རྒྱལ་ཁབ་ཀྱི་ཆབ་སྲིད་ལ་འགལ་བའི་སྐད་ཆ་བཤད་པ་དང་།   རྩོམ་འབྲི་བ།   ལས་ཀ་སྒྲུབ་པ་སོགས་གཏན་འགོག་བྱ་རྒྱུ།

བཅུ་གཉིས་པ།

        ཐོན་མིའི་སློབ་ཚོགས་ཀྱིས་མ་དངུལ་བསྡུ་བའི་བྱེད་སྒོ་ཞིག་ཡིན་ཚེ་ངེས་པར་རྒྱུན་ལས་ལས་འཛིན་གསུམ་གྱི་ཡན་འཛོམས་དགོས་པ་ལས་གཞན་ཚོགས་མི་རེ་རེ་ལ་མ་དངུལ་དངོས་སུ་བསྡུ་བའི་དབང་ཆ་མེད།

༢༠༡༤༡༠༡ཉིན་ཐོན་མིའི་སློབ་ཚོགས་ཀྱིས།


རྩོམ་སྒྲིག་འགན་འཁུར་བ།  མགར་རྩེ་ཉི་ཟེར། བན་ཤུལ་འཇམ་དབྱངས། འབའ་སྣང་གྲོལ།  ཨ་བུ་འབྲོང་།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ།
རྩོམ་སྒྲིག་པ། འབའ་སྣང་གྲོལ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། c91f བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
11309956
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།