སློབ་གཙོ་གཞོན་པ་ཟུར་བ་བློ་བཟང་ཉི་མ་ལགས་ངོ་སྤྲོད་མདོར་བསྡུས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2022 ལོའི་ཟླ 5 ཚེས 18 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གི་དབུ་ཁྲིད། »སློབ་གཙོ་གཞོན་པ་ཟུར་བ་བློ་བཟང་ཉི་མ་ལགས་ངོ་སྤྲོད་མདོར་བསྡུས།
སློབ་གཙོ་གཞོན་པ་ཟུར་བ་བློ་བཟང་ཉི་མ་ལགས་ངོ་སྤྲོད་མདོར་བསྡུས།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས 2015-03-24ལྟ་ཀློག (7375)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

        བློ་བཟང་ཉི་མ་ནི་༡༩༦༥ལོར་མགོ་ལོག་རྭ་རྒྱ་རུ་སྐྱེས་ཤིང་།   སྤྱི་ལོ༡༩༨༠ལོར་རྭ་རྒྱ་དགོན་དགེ་ལྡན་བཀྲ་ཤིས་འབྱུང་གནས་བཤད་སྒྲུབ་དར་རྒྱས་གླིང་གི་ཆོས་སྒོར་ཞུགས།   སྤྱི་ལོ་༡༩༩༤ནས་༡༩༩༩བར་མི་ལོ་ལྔའི་རིང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་བསླབ་བྱ་ཡོངས་ལ་སློབ་གཉེར་བྱས་ཏེ་སློབ་མཐར་ཕྱིན།    སློབ་སྦྱོང་གི་ཞོར་དུ་སྤྱི་གཉེར་ཁང་གི་ཚོགས་གཙོའི་འགན་གཙོ་བོ་ཁུར་ཞིང་།   སྤྱི་ལོ ༡༩༩༧-༢༠༠༤བར་སློབ་གྲྭའི་དངུལ་གཉེར་བའི་འགན་ཁུར།   སྤྱི་ལོ ༡༩༩༩ ལོར་སློབ་མཐར་ཕྱིན་རྗེས་དགེ་རྒན་འཇིགས་མེད་རྒྱལ་མཚན་མཆོག་གི་རེ་བ་ལྟར་སློབ་གྲྭའི་སྤྱིའི་ལས་ཀ་ཆེ་ཆུང་ཀུན་ལ་འབད་བརྩོན་ལྷོད་མེད་བྱས།  སྔ་གཞུག་ཏུ་སློབ་གླིང་གི་སྤྱི་རྫས་དོ་དམ་དང་།    ཁོར་ཡུག་ལྗང་སྒྱུར།    ཆུ་གློག་ལམ་གསུམ།  མལ་ཁང་དང་སློབ་ཁང་སོགས་ཀྱིས་མཚོན་པའི་འཛུགས་སྐྲུན་སྣ་ཚོགས་ཐད་བླ་ན་མེད་པའི་ནུས་པ་བཏོན།    སྔ་རྗེས་སུ༢༠༠༡-༢༠༠༢རྨ་ཆེན་རྫོང་དང་རྭ་རྒྱ་གྲོང་རྡལ་གཉིས་ནས་སྡོང་འཛུགས་ནགས་སྐྲུན་ཐད་བྱས་རྗེས་གཟེངས་ཐོན་གྱི་བྱ་དགའ་ཐོབ།   སྤྱི་ལོ༢༠༠༤ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དང་རྨ་ཆེན་རྫོང་སློབ་གསོ་ལས་ཁུངས་གཉིས་ནས་ཕུལ་བྱུང་ལས་བཟོ་བའི་བྱ་དགའ་དང་།   རྨ་ཆེན་རྫོང་མི་དམངས་སྲིད་གཞུང་གིས་ལྷག་བསམ་ཕུལ་བྱུང་མི་སྣའི་བྱ་དགའ་ཐོབ།   སྤྱི་ལོ༢༠༠༧ལོར་འཇིགས་མེད་ཀུན་སྤྱོད་བྱ་དགའ་དང་།  སྤྱི་ལོ ༢༠༠༨ལོར་ཕུལ་བྱུང་ལས་བཟོ་བའི་བྱ་དགའ།    སྤྱི་ལོ ༢༠༡༡ལོར་ཡང་བསྐྱར་ཕུལ་བྱུང་ལས་བཟོ་བའི་བྱ་དགའ་དང་ཕུལ་བྱུང་དོ་དམ་པའི་བྱ་དགའ་ཐོབ།    སྤྱི་ལོ༢༠༡༢ལོར་སློབ་སྦྱོང་དང་སྒྲིག་ལམ་དོ་དམ་ཐད་བྱས་རྗེས་གཟེངས་ཐོན་གྱི་བྱ་དགའ་དང་།   སྤྱི་ལོ ༢༠༡༣ལོར་ཕུལ་བྱུང་ལས་འཛིན་པའི་བྱ་དགའ་སོགས་རིམ་པར་ཐོབ།        སྤྱི་ལོ ༢༠༠༠-༢༠༡༠བར་སློབ་གཙོའི་ལག་རོགས་པ་དང་སྤྱིའི་ལྟ་སྐུལ་བའི་འགན་ཁུར་བ་དང་། 

སྤྱི་ལོ ༢༠༡༠ནས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ལག་བསྟར་སྤྱི་གཉེར་སློབ་གཙོ་གཞོན་པ་དང་རྨ་ཆེན་རྫོང་སྲིད་གྲོས་འཐུས་མིའི་འགན་འཁུར་བཞིན་ཡོད།

༢༠༡༩ལོོར་སློབ་གཙོ་གཞོན་པའི་ལས་ཁུར་མཐར་ཕྱིན་ཏེ་སློབ་གྲྭའི་ཆེས་མཐོའི་དབུ་བཞུགས་ལྷན་ཚོགས་སུ་བདམས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ།
རྩོམ་སྒྲིག་པ། འབའ་སྣང་གྲོལ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། he6k བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
10721620
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།