རྭ་རྒྱ་ཤེས་རིག་སློབ་གླིང་གི་༢༠༢༡ལོའི་སློབ་བསྡུའི་བརྡ་སྦྱོར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2022 ལོའི་ཟླ 10 ཚེས 6 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཀུན་འདུས།» སྙན་སྒྲོན་གསར་འགྱུར། »རྭ་རྒྱ་ཤེས་རིག་སློབ་གླིང་གི་༢༠༢༡ལོའི་སློབ་བསྡུའི་བརྡ་སྦྱོར།
བརྩམས་ཆོས་གསར་བ།
ཐོན་མིའི་སློབ་ཚོགས་དབུ་བརྙེས་པའི་ཚུལ།
སློབ་དཔོན་ཐོན་མིའི་ལོ་རྒྱུས།
ཐོན་མིའི་སློབ་ཚོགས་ཀྱི་སྒྲིག་གཞི།
ཐོན་མིའི་སློབ་ཚོགས་ཀྱི་ལས་འཛིན་གསར་བ་དག་ངོ་སྤྲོད།
ཐོན་མིའི་སློབ་ཚོགས་ངོ་སྤྲོད་མདོར་བསྡུས།
ཐོན་མིའི་སློབ་ཚོགས་ཀྱི་ལས་འཛིན་རྣམས་ངོ་སྤྲོད༼༢༠༡༤-༢༠༢༡༽།
སློབ་གླིང་ཕ་སྐད་དོ་དམ་ཚན་ཆུང་།
སློབ་གླིང་ལྗང་སྒྱུར་ཚན་ཆུང་།
སྤྱི་གཉེར་མཁོ་སྒྲུབ་ཚན་ཆུང་།
དགེ་རྒན་ཤེས་རབ་བསྟན་དར།
ནང་དོན་གསར་བ།
རྭ་རྒྱ་ཤེས་རིག་སློབ་གླིང་གི་༢༠༢༡ལོའི་སློབ་བསྡུའི་བརྡ་སྦྱོར།
རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱི་རྩོམ་ཞིག་བཛྲ་འོད་ཟེར་གྱིས་གྱེར་འདོན་བྱས།
དགེ་རྒན་འཇིགས་མེད་རྒྱལ་མཚན་གྱིས་མཐར་ཕྱིན་སློབ་མའི་སྐད་ཚོམས་སུ་གསུང་བཤད་གནང་བ།༼༢༽
དགེ་རྒན་འཇིགས་མེད་རྒྱལ་མཚན་གྱིས་མཐར་ཕྱིན་སློབ་མའི་སྐད་ཚོམས་སུ་གསུང་བཤད་གནང་བ།༼༡༽
༢༠༢༠ལོའི་འཁྲུངས་སྟོན་སྐབས་ཀྱི་དགེ་རྒན་འཇིགས་མེད་རྒྱལ་མཚན་གྱི་གསུང་བཤད།
བཛྲ་འོད་ཟེར་དང་གྱི་ལིང་འཇིགས་མེད་ཀྱི་གྱེར་འདོན་གསར་བ།
རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱི་གསུང་བཤད་གནད་ཅན་འགའ།
ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་བསྡུའི་བརྡ་ཐོ། གསར་བ།
སྙན་སྒྲོན་གསར་འགྱུར། ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་བསྡུའི་གནས་ཚུལ།
རྩྭ་ཐང་བུ་མོའི་སློབ་གྲྭར་སློབ་ཞུགས་བརྡ་ཐོ།༼སྙན་སྒྲོན།༽
བརྙན་གསར་བ།
གཅན་ཚ་རྫོང་ཚོང་ལས་ཡར་སྐུལ་མཐུན་ཚོགས་ཀྱིས་འཇིགས་མེད་རྒྱལ་མཚན་གདན་དྲངས་པ།
རེ་བའི་གསེར་གྱི་གཟེངས་རྟགས། རྭ་རྒྱ་འཇིགས་མེད་རྒྱལ་མཚན།
ཤེས་རིག་ནོར་བུའི་སློབ་གླིང་གི་བརྙན་བསྡུས་གསར་འགྱུར།
རྒྱལ་མོ་འབྲུག་པས་བོད་ཀྱི་ལོ་རྒྱུས་རིག་པའི་རྒྱུན་ཤེས་གླེང་བ། བརྙན།
བོད་པའི་དྲག་རྩལ་དགེ་རྒན་དང་ལུས་རྩལ་ལུས་སྦྱོང་སྤྲོ་སྐྱིད་ཁང་།
རྫ་སེར་ཤུལ་དགོན་གྱི་བྱང་ཆུབ་འོད་དྲ་བའི་སྐོར་ལ་བཅར་འདྲི།
ཤེས་རིག་སློབ་གླིང་གི་དྲ་བའི་གསར་འགོད་ཚོགས་འདུའི་བརྙན་བསྡུས་གསར་འགྱུར།
སློབ་དཔོན་ཆེན་མོ་བཛྲ་ཚུལ་ཁྲིམས་ཀྱིས་རྔ་བའི་སློབ་མ་རྣམས་ལ་གནང་བའི་བཀའ་སློབ།
སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོའི་དབུ་མའི་བགྲོ་གླེང་སྟེང་གི་གསུང་བཤད་བརྙན་བསྡུས།
རྭ་རྒྱའི་གསར་འགོད་པ་རྔ་བའི་སྒེར་གཉེར་བཟོ་རིག་བང་མཛོད་སློབ་གླིང་དུ་བསྐྱོད་པ།
རྭ་རྒྱ་ཤེས་རིག་སློབ་གླིང་གི་༢༠༢༡ལོའི་སློབ་བསྡུའི་བརྡ་སྦྱོར།
སྙན་སྒྲོན་པ། :   ཚེ་མགོན་རྒྱལ། རྩོམ་སྒྲིག་པ།:  ཁཱ་ཤེས་རབ་རྒྱ་མཚོ།
ཉན་གྲངས  : 32450སྤེལ་དུས : 2021-07-12
སྙན་སྒྲོན་གསར་འགྱུར།
རྭ་རྒྱ་ཤེས་རིག་སློབ་གླིང་གི་༢༠༢༡ལོའི་སློབ་བསྡུའི་བརྡ་སྦྱོར།
ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་བསྡུའི་བརྡ་ཐོ། གསར་བ།
སྙན་སྒྲོན་གསར་འགྱུར། ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་བསྡུའི་གནས་ཚུལ།
རྩྭ་ཐང་བུ་མོའི་སློབ་གྲྭར་སློབ་ཞུགས་བརྡ་ཐོ།༼སྙན་སྒྲོན།༽
སྙན་སྒྲོན་གསར་འགྱུར། དྲྭ་ཚིགས་གསོ་སྦྱོང་བསྡུས་འཕྲིན།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་མ་གསར་བསྡུའི་བརྡ་ཐོ།


 གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་མིང་ཐོ་འགོད་སྐབས་ངེས་པར་དུ་ཤེས་དགོས་པ་ཞིག་ནི། སྔར་སྲོལ་ལྟར་མིང་ཐོ་བཀོད་པའི་གོ་རིམ་ཁོ་ན་ལས་བླ་ཆེན་དཔོན་ཆེན་དང་།  སྒེར་འབྲེལ་ཟབ་པའི་གྲོགས་པོ་སུ་གང་ལ་ཡང་དམིགས་བསལ་ཅི་ཡང་མེད་པ་དེ་ཐུགས་ལ་འཛིན་པར་ཞུ།

  སློབ་གླིང་འདིར་ཞུགས་འདོད་པ་དག་གིས་ཐོག་མར་མིང་ཐོ་འགོད་དགོས་ལ། སློབ་མ་རང་གི་ཉེ་པར་གཅིག་དང་ཐོབ་དཔང་ངམ་ཁྱིམ་ཐོ་གང་རུང་རེ་དགོས།  མིང་ཐོ་འགོད་སར་རང་ཉིད་དངོས་སུ་མ་འབྱོར་ཡང་སློབ་གླིང་ན་ཡོད་པའི་སློབ་མ་སོགས་ཀྱིས་ཁྱེད་ཀྱི་ཚབ་ཏུ་མིང་ཐོ་འགོད་ཆོག

༣ རྒྱུགས་ཞུགས་མིང་ཐོ་འགོད་སྐབས་མཚོ་སྔོན་ཞིང་ཆེན་མ་ཡིན་པའི་ས་གནས་གཞན་གྱི་སློབ་མས་ཉིང་སྐྱུར་རྟག་དཔྱད་མཇུག་འབྲས་ངེས་པར་ཁྱེར་ཡོང་དགོས། དེ་མེད་ན་རྒྱུགས་རར་ཞུགས་མི་ཆོག

༤ དངོས་སུ་རྒྱུགས་ལ་ཞུགས་སྐབས་སྔར་མིང་ཐོ་བཀོད་ཟིན་པ་དག་གི་མིང་ཐོའི་ཨང་རིམ་དང་ཐོབ་ཐང་དཔང་ཡིག ཁྱིམ་ཐོ་བཅས་ལ་ཞིབ་བཤེར་བྱས་པ་བརྒྱུད་རྒྱུགས་ཞུགས་མིང་ཐོ་འགོད་དགོས།རྒྱུགས་ཚད་ལོངས་པའི་སློབ་མ་དག་ལ་མཉམ་འབྲེལ་སྨན་བཅོས་བྱང་བུ་<<一卡通 >>འང་བཟོ་དགོས་པས་སྔ་མོ་ནས་རང་གིས་གྲ་སྒྲིག་བྱས་ཏེ་ཁྱེར་ཡོང་དགོས།

  གལ་ཏེ་ཁྱོད་ཀྱིས་མིང་ཐོ་བཀོད་ཟིན་ཡང་རྗེས་སུ་རྒྱུགས་ལ་མ་ཞུགས་ན་ཁྱོད་ཀྱི་མིང་ཐོའི་དུས་ཡུན་ཡོལ་སོང་བས་འཕྲོ་བརླག་ཏུ་སོང་བ་ཡིན།   
མིང་ཐོ་བཀོད་རྗེས་ད་ལོར་རེ་བ་མེད་ཀྱང་དངོས་སུ་རྒྱུགས་ལ་ཞུགས་ན་ལོ་རྗེས་མའི་མིང་ཐོ་ལས་ཁྱོད་ལ་གོ་སྐབས་ཐོབ་སྲིད།

  ལོ་རེའི་སྤྱི་ཟླ་༩བའི་ཚེས་༩ནས་འགོ་བརྩམས་ཏེ་ལོ་རྗེས་མའི་སྤྱི་ཟླ་དགུ་བའི་ཚེས་འགོའི་བར་དུ་མིང་ཐོ་འགོད་བཞིན་ཡོད་ལ།  སྤྱི་ཟླ་༩བའི་ཚེས༤ནས༧བར་རྒྱུགས་ཞུགས་མིང་ཐོ་དང་ཚེས་༨ཉིན་ནི་དངོས་སུ་རྒྱུགས་ལེན་པའི་དུས་ཚོད་ཡིན་པས་དུས་ལྟར་ཕེབས་པར་དགའ་བསུ་ཞུ།།

༧ གསར་ཞུགས་སློབ་མར་མལ་ཆས་ཆ་ཚང་དང་། མལ་ཁང་ནང་གི་མཁོ་ཆས། ཁྲུས་རྫས་ཆ་ཚང་། སློབ་གྲྭས་གཅིག་གྱུར་ལྟར་བཀོད་བསྒྲིགས་བྱས་ཡོད་པས་ཕྱི་ནས་ཉོ་མི་དགོས།

༨ འདིར་གསལ་བཤད་ཞུ་འོས་པ་ཞིག་ལ།
    ནམ་རྒྱུན་ལོ་རེ་བཞིན་བོད་མདོ་དབུས་ཁམས་གསུམ་གྱི་ས་ཆ་སོ་སོ་ནས་ཆེད་ཕེབས་ཀྱི་སློབ་མ་དང་ཁྱིམ་བདག་བརྒྱ་ཕྲག་མང་བོ་སྔ་མོ་ནས་སློབ་གྲྭའི་ཉེ་འཁྲིས་ཀྱི་གྲོང་རྡལ་དུ་འབྱོར་ཏེ་མགྲོན་ཁང་དང་ཟ་ཁང་སོགས་ལ་རིན་གོང་ཆེན་པོ་བྱིན་ནས་གཟའ་འཁོར་གཅིག་ཡས་མས་སུ་སློབ་གྲྭར་ཞུགས་འདུན་གྱི་རེ་སྒུག་བྱས་ཡོད།  དེ་བས་མང་ཚོགས་ལ་སྟབས་བདེ་བཟོ་ཆེད་ངེད་སློབ་གླིང་གི་གླིང་སྟོད་ཀྱི་ཨ་མྱེས་ཁྲ་རྒན་རིག་གནས་ཁམས་གསེང་གླིང་གི་གཡས་གཡོན་དུ་རིན་མེད་སྒོས་གུར་ཕུབས་ནས་བསྡད་ཆོག་པའི་ས་གནས་ཤིག་གཏན་འཁེལ་བྱས་ཡོད་ལ། ཁྲ་རྒན་གླིང་གི་བོད་ཟས་དང་རྒྱ་ཟས་སོགས་ཀྱང་རིན་གོང་གཅིག་གྱུར་སྒོས་བཀོད་བསྒྲིགས་བྱས་ཡོད་པས་དེ་དོན་ཐུགས་ལ་འཛིན་པར་ཞུ་ཞུ།


༨  འབྲེལ་གཏུག་བྱ་ཡུལ།

བློ་བཟང་བདེ་ལེགས།   180 9715 8222

སྐལ་བཟང་རྒྱ་མཚོ།     155 9759 1153


སྤྱིའི་ལྟ་སྐུལ་བ།

སློབ་དཔོན་འཇིགས་མེད་རྒྱལ་མཚན།

སློབ་དཔོན་བཛྲ་ཚུལ་ཁྲིམས།

སློབ་དཔོན་ལྡོང་ཡོན་ཏན་རྒྱ་མཚོ།

གསར་འགྱུར་མཐུན་སྦྱོར་བ།

 སློབ་གླིང་གསར་འགྱུར་སྡེ་ཁག


སྙན་སྒྲོན་པ།

ཚེ་མགོན་རྒྱལ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་དྲྭ་ལམ་བརྡ་སྦྱོར་ཁང་གིས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 6 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། da2g བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  རྭ་རྒྱ་ཤེས་རིག་སློབ་གླིང་གི་༢༠༢༡ལོའི་སློབ་བསྡུའི་བརྡ་སྦྱོར།   སྤེལ་མཁན།: ཚུལ་ཁྲིམས། སྤེལ་དུས:2021/8/30
ད་ལོར་སླིབ་མ་དུ་བསྡུ་རྒྱུ་རེད།
  རྭ་རྒྱ་ཤེས་རིག་སློབ་གླིང་གི་༢༠༢༡ལོའི་སློབ་བསྡུའི་བརྡ་སྦྱོར།   སྤེལ་མཁན།: གཡག སྤེལ་དུས:2021/7/18
སློབ་གྲྭ་གང་ཡིན་ཡང་འདི་ལྟ་བུའི་དྲ་ཚིགས་ཚད་ལྡན་རེ་ཡོད་ན་ཧ་ཅང་འཚམ།
  རྭ་རྒྱ་ཤེས་རིག་སློབ་གླིང་གི་༢༠༢༡ལོའི་སློབ་བསྡུའི་བརྡ་སྦྱོར།   སྤེལ་མཁན།: གུར་མགོན། སྤེལ་དུས:2021/7/18
དྲ་ཐོག་ནས་མིང་ཐོ་འགོད་ས་ཡོད་དམ།
  རྭ་རྒྱ་ཤེས་རིག་སློབ་གླིང་གི་༢༠༢༡ལོའི་སློབ་བསྡུའི་བརྡ་སྦྱོར།   སྤེལ་མཁན།: ཇོ། སྤེལ་དུས:2021/7/18
སློབ་གྲྭ་འདིའི་ལས་བཟོ་བ་དག་གི་སྐུ་ཚེ་བརྟན་ནས་ཅི་བསམ་དོན་ཀུན་བགེགས་མེད་ལྷུན་འགྲུབ་ཤོག
  རྭ་རྒྱ་ཤེས་རིག་སློབ་གླིང་གི་༢༠༢༡ལོའི་སློབ་བསྡུའི་བརྡ་སྦྱོར།   སྤེལ་མཁན།: ཇོ། སྤེལ་དུས:2021/7/18
སློབ་གྲྭ་འདི་ནི་ཁ་བ་ཅན་གྱི་མ་འོང་བའི་རེ་བ་གཅིག་པུ་རེད་བསམ།
  རྭ་རྒྱ་ཤེས་རིག་སློབ་གླིང་གི་༢༠༢༡ལོའི་སློབ་བསྡུའི་བརྡ་སྦྱོར།   སྤེལ་མཁན།: བན་འཇམ། སྤེལ་དུས:2021/7/12
གསལ་དག་སྙན་གསུམ་གྱིས་ཧ་ཅང་ཡག་པོ་བཏོན་འདུག ཐུགས་རྗེ་ཆེ།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
13672958
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:516617821
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།