ཟས་རིགས་གཡོས་སྦྱོར་བ་དཔའ་བོ་འབུམ་ངོ་སྤྲོད་མདོར་བསྡུས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2022 ལོའི་ཟླ 7 ཚེས 3 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འོས་སྦྱོར་གླིང་། »ཟས་རིགས་གཡོས་སྦྱོར་བ་དཔའ་བོ་འབུམ་ངོ་སྤྲོད་མདོར་བསྡུས།
ཟས་རིགས་གཡོས་སྦྱོར་བ་དཔའ་བོ་འབུམ་ངོ་སྤྲོད་མདོར་བསྡུས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས 2021-05-05ལྟ་ཀློག (8365)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཟས་རིགས་གཡོས་སྦྱོར་བ་དཔའ་བོ་འབུམ་ངོ་སྤྲོད་མདོར་བསྡུས།

     དཔའ་བོ་འབུམ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་ཙག་པ་སྡེ་བར་སྐྱེས།   དྲིན་ཆེན་གྱི་ཕ་མ་གཉིས་ཀྱི་བཀའ་དྲིན་འོག་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་འགྲིམས་པའི་སྐལ་བ་ལྡན་ལ་མཚོ་སྔོན་འཕྲོད་བསྟེན་སློབ་གྲྭ་ནས་བོད་ལུགས་གསོ་བ་རིག་པའི་ཆེད་སྦྱོང་བསླབ་གནས་ཐོབ།  སློབ་མཐར་ཕྱིན་རྗེས་ནང་ལོག་གི་གྲོང་ཁྱེར་ཆེ་ཁག་ཏུ་རང་གི་དགའ་ཕྱོགས་ལ་སློབ་སྦྱོང་དང་དེའི་སྐོར་གྱི་རྒྱུ་ཆ་མང་པོ་འཚོལ་སྡུད་བྱས།

     ༢༠༡༦ ལོར་ཀན་ལྷོའི་གཙོས་གངས་ནོར་བོད་ཟས་སློབ་གྲྭར་ཞུགས།  སྔ་གཞུག་ཏུ་མདོ་དབུས་ཁམས་གསུམ་ན་གྲགས་ཆེ་བའི་མ་བྱན་ཆེད་མཁས་པའི་དྲུང་དུ་བོད་ཟས་གཡོས་སྦྱོར་སྐོར་ལ་འབད་པ་བྱས།   ཁོ་བོས་གཞི་རིམ་གྱི་སློབ་གསོ་ཞན་པ་དང་མཐུན་རྐྱེན་མི་འཛོམས་པའི་དབུལ་ཕོངས་སློབ་མ་དག་ཡིད་ལ་ཐོགས་ཤིང་དེ་རྣམས་ལ་ཕན་པ་ཅུང་ཟད་རེ་སྒྲུབ་ཐུབ་ན་སྙམ་པའི་ཀུན་སློང་གཙང་མ་ཞིག་སེམས་སུ་ཉར་ཏེ་༢༠༡༩ལོར་མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་རེ་ཞུ་ལྟར་བོད་ཟས་འཛིན་གྲྭའི་དགེ་རྒན་གྱི་འགན་ཁུར་ཏེ་བོད་ཟས་ཆེད་སྦྱོང་གི་སློབ་མ་མང་དུ་བསྐྱངས་དང་སྐྱོང་བཞིན་མཆིས་ལ།  ཞོར་དུགཡོས་སྦྱོར་གཞུང་ལུགས་ཀྱི་རྨང་གཞིའི་དྲི་བ་སུམ་བརྒྱ་མ།ཞེས་པའི་དཔེ་དེབ་ལྔ་བརྒྱ་དཔར་དུ་བསྐྲུན་ཏེ་སྤྱི་ཚོགས་ཀྱི་གྲུ་ཟུར་སོ་སོའི་ཀློག་པ་བོ་དག་ལ་རིན་མེད་གཟིགས་འབུལ་བྱས།

     གཞན་ཡང་དབྱར་དགུན་གནང་གི་ངལ་གསོའི་དུས་ཚོད་བེད་སྤྱད་ནས་སློབ་དཔོན་ཆེན་མོ་ཀརྨ་བདེ་ལེགས་སོགས་བོད་ཟས་ཆེད་མཁས་པ་མང་པོའི་མདུན་དུ་བཅར་ཏེ་སློབ་གཉེར་བྱེད་བཞིན་བོད་ཟས་རིག་གནས་རྒྱུད་འཛིན་དང་དར་སྤེལ་གྱི་ཕྱོགས་ལ་འབད་འབུངས་བྱེད་བཞིན་ཡོད་དོ།།

མཚོ་སྔོན་ཞིང་ཆེན་རིམ་པའི་གཡོས་སྦྱོར་འགྲན་བསྡུར་ལ་ཞུགས་པའི་སློབ་གྲོགས།

བོད་ཟས་འགྲེམས་སྟོན་ལ་ཞུགས་པའི་སློབ་མ།

བོད་ཟས་ཁྲོམ་རའི་གནས་བབ་སྐོར་གྱི་བགྲོ་གླེང་།

བདེ་ཐང་གི་ལམ་པ། བོད་ཀྱི་མ་བྱན་ཞེས་པའི་མཉམ་པར།

གཡོས་སྦྱོར་ལག་རྩལ་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་པའི་སློབ་གྲོགས།

གཡོས་སྦྱོར་གཞུང་ལུགས་ཀྱི་རྨང་གཞིའི་དྲི་བ་སུམ་བརྒྱ་མ།   དཔེ་དེབ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ།
རྩོམ་སྒྲིག་པ། འབའ་སྣང་གྲོལ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 3 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། sqiw བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ཟས་རིགས་གཡོས་སྦྱོར་བ་དཔའ་བོ་འབུམ་ངོ་སྤྲོད་མདོར་བསྡུས།   སྤེལ་མཁན།: འཇམ་དབྱངས་ཡོན་ཏན། སྤེལ་དུས:2021/5/6
བོད་ཟས་བཟོ་བ་ནི་བོད་སྨན་བཟོ་བ་དང་འདྲ། དུས་འདིར་བོད་མི་ཚོ་ལ་ཁ་ཟས་མི་འཕྲོད་པའི་ནད་ན་བ་མང་བས། ས་གནས་ཡུལ་དུས་དང་མཐུན་པའི་ཁ་ཟས་བཟོ་བ་ནི། སྐུ་ལུས་བདེ་ཐང་ལ་ཞབས་ཞུ་ངོ་མ་དེ་ཡིན་པས། ཆོས་དང་འཇིག་རྟེན་གང་བསྒྲུབ་ན་རྩ་བ་དེས་ཆོག་སྙམ།
  ཟས་རིགས་གཡོས་སྦྱོར་བ་དཔའ་བོ་འབུམ་ངོ་སྤྲོད་མདོར་བསྡུས།   སྤེལ་མཁན།:  སྤེལ་དུས:2021/5/6
གྲོགས་པོ་ཁོང་ལ་རྗེས་སུ་ཡི་རིང་ཡོད།
  ཟས་རིགས་གཡོས་སྦྱོར་བ་དཔའ་བོ་འབུམ་ངོ་སྤྲོད་མདོར་བསྡུས།   སྤེལ་མཁན།: བློ་བཟང་ཆོས་འཕེལ། སྤེལ་དུས:2021/5/5
དེང་སྐབས་འདི་ལྟ་བུའི་གཞོན་སྐྱེས་མང་པོ་ཞིག་གིས་དྲན་པ་བསམ་ཐོག་ནས་མ་བཞག་པར་ཁ་ཡོད་ལག་ཡོད་བྱས་ནས་དངོས་སུ་སྐབས་བབས་ཀྱི་སྤྱི་ཚོགས་ཀྱི་འགྱུར་འགྲོས་བཞིན་འཚོ་བ་འབྱོར་འཕེལ་གྱི་རྗེས་སུ་བསྐྱོད་པའི་ལམ་སྟོན་མིག་དཔེར་འོས་པ་བསྟན་པར་སེམས་བསམ་པའི་གཏིང་ནས་ཡི་རང་དང་ཐུགས་རྗེ་ཆེ། ནམ་ཡང་སེམས་པ་ཙམ་ཡིན་ཡང་རྒྱབ་ན་ཡོད་ཞུ།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
11405883
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།