ཟས་རིགས་སྣ་ཚོགས་གཡོས་སྦྱོར་ལ་བྱང་བའི་བོད་རིགས་བུ་མོ་སེམས་ཉིད་སྒྲོལ་མ་མཚམས་སྦྱོར་མདོར་བསྡུས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2022 ལོའི་ཟླ 5 ཚེས 18 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འོས་སྦྱོར་གླིང་། »ཟས་རིགས་སྣ་ཚོགས་གཡོས་སྦྱོར་ལ་བྱང་བའི་བོད་རིགས་བུ་མོ་སེམས་ཉིད
ཟས་རིགས་སྣ་ཚོགས་གཡོས་སྦྱོར་ལ་བྱང་བའི་བོད་རིགས་བུ་མོ་སེམས་ཉིད་སྒྲོལ་མ་མཚམས་སྦྱོར་མདོར་བསྡུས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས 2021-04-16ལྟ་ཀློག (5604)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཟས་རིགས་གཡོས་སྦྱོར་ལ་བྱང་ཆ་ལྡན་པའི་བོད་རིགས་བུ་མོ་སེམས་ཉིད་སྒྲོལ་མ་མཚམས་སྦྱོར་མདོར་བསྡུས།


   ངའི་མིང་ལ་སེམས་ཉིད་སྒྲོལ་མ་ཟེར། ཕ་ཡུལ་འཛམ་ཐང་ནས་ཡིན། སློབ་གྲྭ་མཐར་ཕྱིན་རྗེས་ཟས་རིགས་གཡོས་སྦྱོར་སྐོར་ལ་སྤྲོ་བ་ཆེན་པོ་ཡོད་པས། ཁྲིན་འདུ་མའེ་ཝེ་གཡོས་སྦྱོར་སློབ་གླིང་དུ་སོང་ནས་ལོ་གཉིས་རིང་ནུབ་ཟས་དང་རྒྱ་ཟས་གཡོས་ཐབས་སློབ་སྦྱོང་བྱས་པ་ཡིན། སྐབས་དེར་གཞུང་ལུགས་དང་ལག་ལེན་ཕྱོགས་གཉིས་ནས་སློབ་སྦྱོང་བྱས་པས། གཡོས་སྦྱོར་ལག་རྩལ་ལ་ཡར་སྐྱེད་ཆེན་པོ་ཐོབ་བྱུང་། ཉིས་སྟོང་བཅོ་བརྒྱད་ལོར་སློབ་གླིང་དེ་ནས་སློབ་མཐར་ཕྱིན་རྗེས། གྲོགས་པོ་ཞིག་དང་མཉམ་དུ་ཁྲིན་འདུ་གྲོང་ཁྱེར་ནས་ནུབ་ཟས་གཡོས་སྦྱོར་ཁང་ཞིག་གཉེར་བ་ཡིན། ལས་ཀ་དེ་གཉེར་ཞོར་དུ་བོད་ཟས་གཡོས་ཐབས་རང་སྦྱོང་བྱས་ཤིང་། ནུབ་ཟས་གཡོས་ཐབས་དང་བོད་རང་གི་ལྷད་མ་འདྲེས་པའི་བཟའ་བཅའི་རྒྱུ་ཆ་ཟུང་དུ་འབྲེལ་ནས་ཟས་རིགས་སྣ་ཚོགས་ཚོད་ལྟ་བྱས་མཐར། རོ་བཅུད་འཛོམས་ཤིང་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་ཟས་མཆོག་མང་པོ་ཞིག་གཡོས་ཐབས་ཤེས་པ་དང་། འཛད་སྤྱོད་པ་ཚོས་ཀྱང་དགའ་བསུ་ཆེན་པོ་ཐོབ་བྱུང་། དེར་བརྟེན་རང་ཉིད་ལ་འབྱོར་བའི་ལག་རྩལ་དེ་དག་མི་དེ་བས་མང་པོ་ལ་མཉམ་སྤྱོད་བྱེད་འདོད་སྐྱེས་པས། ཟས་རིགས་དེ་དག་གཡོས་ཐབས་བརྙན་ལ་ཕབ་ནས་དྲ་ལམ་དུ་སྤེལ་བ་ཡིན། དྲ་ལམ་དུ་སྤེལ་རྗེས་དྲ་གྲོགས་མང་པོར་སྦྱང་མོས་ཡོད་ཅིང་དགའ་བསུའང་ཆེན་པོ་ཐོབ་བྱུང་བས། རང་ཉིད་ཀྱིས་བདམས་པའི་ལམ་ཁ་དེ་ལ་ཡིད་ཆེས་སྔར་བས་ཇེ་བརྟན་དུ་གྱུར་སོང་། རྗེས་མར་རང་ཉིད་ཀྱི་གཡོས་སྦྱོར་ལག་རྩལ་འདི་གྲོགས་པོ་དེ་བས་མང་པོ་ལ་ཁྲིད་ནས་ཁོ་ཚོར་ཕན་པ་ཅུང་ཙམ་རེ་ཐོབ་པ་དང་། བོད་ཟས་ཀྱི་ཐུན་མོང་མ་ཡིན་པའི་ཐོན་རྫས་འགའ་རེ་གསར་བཟོ་བྱེད་ཐུབ་པའི་རེ་བ་ཡོད།


གཤམ་དུ་ཁོ་མོས་དངོས་སུ་གཡོས་སྦྱོར་བྱས་པའི་ཟས་རིགས་སྐོར་ཞིག་ཁྱེད་ཅག་གི་སྤྱན་ལམ་དུ་བསྟར་ཡོད་པས་ཀུན་གྱིས་དོ་ཁུར་དང་བསམ་ཚུལ་གནང་བའི་རེ་བ་ཡོད། 

རྩམ་གོར།

ཕྱུར་གོར།

རྩམ་ཞུན།

ཞོའི་སྤྲི་གོར།

ནས་ཀྱི་ཞོ་ཕོར།

བག་ཚ་མར་ཁུ།

ཞི་ལའི་རྣ་བ།

གྲོ་མའི་ཟས་རིལ་ཁུ་བ།

ཤ་མོ་སྐུད་ཐུག

ཞོ་སྲེག་མ།

འབྲེལ་གཏུག་བྱ་འདོད་པ་དག་གིས་གོང་གི་བཤེར་རིས་བརྒྱུད་འབྲེལ་བ་གནང་ཆོག

གསར་འགོད་པ། སྨར་ཁམས་མཁའ་འགྲོ་རྒྱལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ།
རྩོམ་སྒྲིག་པ། འབའ་སྣང་གྲོལ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 4 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། pmft བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ཟས་རིགས་སྣ་ཚོགས་གཡོས་སྦྱོར་ལ་བྱང་བའི་བོད་རིགས་བུ་མོ་སེམས་ཉིད་སྒྲོལ་མ་མཚམས་སྦྱོར་མདོར་བསྡུས།   སྤེལ་མཁན།: མགོ་ལོག་ཉི་འོད། སྤེལ་དུས:2021/5/13
དག་དག་བཟང་གི། མི་རིགས་རང་གི་སྲོལ་རྒྱུན་དང་ཁྱད་ཆོས་ལྡན་པའི་ཟས་རིགས་ཤིན་ཏུ་མང་པོ་ཞིག་གཡོས་སྦྱོར་ཐུབ་པར་སྨོན། ད་དུང་རྗེས་མ་འདི་དག་གཡོས་སྦྱོར་བྱེད་ལུགས་སོགས་བརྙན་ལམ་ནས་གྲལ་དག་གྲས་ཚང་གི་སྒོ་ནས་དྲྭ་ལམ་སོ་སོར་རིན་མེད་ངང་སྤེལ་ན་མ་འོང་བ་ཁྱེད་དང་ཁྱེད་ལྟ་བུ་མང་པོ་མང་པོ་ཞིག་འུ་གེ་བོད་པ་ཚང་བྱུང་སྲིད་ངེས། དེ་དུས་དེ་ནི་ཁྱོའི་གཟི་བརྗིད་དང་འབྱོན་ཐེངས་དུ་བརྩི་ཆོག་ཆོག་ཡིན།
  ཟས་རིགས་སྣ་ཚོགས་གཡོས་སྦྱོར་ལ་བྱང་བའི་བོད་རིགས་བུ་མོ་སེམས་ཉིད་སྒྲོལ་མ་མཚམས་སྦྱོར་མདོར་བསྡུས།   སྤེལ་མཁན།: མགོ་ལོག་ཉི་འོད། སྤེལ་དུས:2021/5/13
དག་དག་བཟང་གི། མི་རིགས་རང་གི་སྲོལ་རྒྱུན་དང་ཁྱད་ཆོས་ལྡན་པའི་ཟས་རིགས་ཤིན་ཏུ་མང་པོ་ཞིག་གཡོས་སྦྱོར་ཐུབ་པར་སྨོན། ད་དུང་རྗེས་མ་འདི་དག་གཡོས་སྦྱོར་བྱེད་ལུགས་སོགས་བརྙན་ལམ་ནས་གྲལ་དག་གྲས་ཚང་གི་སྒོ་ནས་དྲྭ་ལམ་སོ་སོར་རིན་མེད་ངང་སྤེལ་ན་མ་འོང་བ་ཁྱེད་དང་ཁྱེད་ལྟ་བུ་མང་པོ་མང་པོ་ཞིག་འུ་གེ་བོད་པ་ཚང་བྱུང་སྲིད་ངེས། དེ་དུས་དེ་ནི་ཁྱོའི་གཟི་བརྗིད་དང་འབྱོན་ཐེངས་དུ་བརྩི་ཆོག་ཆོག་ཡིན།
  ཟས་རིགས་སྣ་ཚོགས་གཡོས་སྦྱོར་ལ་བྱང་བའི་བོད་རིགས་བུ་མོ་སེམས་ཉིད་སྒྲོལ་མ་མཚམས་སྦྱོར་མདོར་བསྡུས།   སྤེལ་མཁན།:  སྤེལ་དུས:2021/4/25
གསར་འགྱུར་སྤེལ་མཁན་དང་དྲ་བདག་རྣམས་བཀའ་དྲིན་ཆེ། གཞན་ལ་སྐུལ་སློང་ཡོང་རྒྱུ་རེད། འདི་འདྲའི་མིག་དཔེ་སྟོན་པའི་བུ་མོ་དེ་ལ་སེམས་གཏིང་ནས་ཡི་རང་ཤོར་སོང་།🙏
  ཟས་རིགས་སྣ་ཚོགས་གཡོས་སྦྱོར་ལ་བྱང་བའི་བོད་རིགས་བུ་མོ་སེམས་ཉིད་སྒྲོལ་མ་མཚམས་སྦྱོར་མདོར་བསྡུས།   སྤེལ་མཁན།: འཇམ་དབྱངས་ཡོན་ཏན། སྤེལ་དུས:2021/4/16
ཞལ་ཟས་རོ་བརྒྱ་ལྡན་པའི་ཡིད་འཕྲོག་པ་ཟེར་བ་དེ་དྲན།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
10717584
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།