བོད་ཀྱི་སྐྱེས་སྐར་ལ་རོལ་ཚུལ་བཀྲ་ཤིས་པད་མ་དཀར་བོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2022 ལོའི་ཟླ 6 ཚེས 27 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འོས་སྦྱོར་གླིང་། »བོད་ཀྱི་སྐྱེས་སྐར་ལ་རོལ་ཚུལ་བཀྲ་ཤིས་པད་མ་དཀར་བོ།
བོད་ཀྱི་སྐྱེས་སྐར་ལ་རོལ་ཚུལ་བཀྲ་ཤིས་པད་མ་དཀར་བོ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས 2021-04-14ལྟ་ཀློག (8679)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བོད་ཀྱི་སྐྱེས་སྐར་ལ་རོལ་ཚུལ་བཀྲ་ཤིས་པད་མ་དཀར་བོ།

རྩོམ་པ་བོ། རྒྱ་གྲོལ། 

བར་བཅུག་རི་མོ་བ།  བསོད་ནམས་འབུམ།

༄༅། །ཨོ་བདེ་ལེགས་སུ་གྱུར་ཅིག  ད་ལྟ་བོད་ཀྱི་སྐྱེས་སྐར་ལ་རོལ་པའི་སྲོལ་ཞིག་དར་ཞིང་ཡོངས་སུ་ཁྱབ་བཞིན་ཡོད་ཅིང།དེའི་ཚུལ་ནི་མི་རིགས་གཞན་གྱི་རིག་གནས་དང་སྲོལ་དུ་འགྱུར་ཚབ་ཆེ་བས། སྐྱེས་སྐར་ལ་རོལ་འདོད་པ་དག་གིས་རང་གི་རིག་གནས་དང་མཐུན་ཞིང་།བཀྲ་ཤིས་དོན་དང་ལྡན་པ་ཞིག་ཡོང་བ་གལ་ཆེ་བས་འདི་ལྟར་བྱ།   དང་པོ། རང་གི་ཁྱིམ་མམ་ཟ་ཁང་སོགས་གང་ཡིན་རུང་བཟའ་བཏུང་སོགས་གྲ་སྒྲིག་བྱ།ལྷག་པར་ཞོ་ནི་བཀྲ་ཤིས་པའི་རྫས་ཡིན་པས་སྐྱེས་སྐར་ལ་བཀྲ་ཤིས་པའི་ཆེད་དུ་ངེས་པར་བསྒྲིག སྟབས་འགྲིག་ན་རང་གི་སྲུང་མ་དང་སྐྱེས་ལྷར་བསང་འབུལ་བ་དང་། གྲོ་སོ་ཕྱེ་མར་དང་གྲོ་ཞུན་ལྟ་བུ་ཡོད་ན་ལེགས།

    གཉིས་པ། བོད་ལྭ་གྲ་དག་གྱོན་པའང་སྟབས་གང་འགྲིག་བྱ། སྐྱེས་སྐར་བཀྲ་ཤིས་པའི་ཆེད་དུ་ཞྭ་མི་གྱོན་པར་དྲི་མེད་ཁ་བཏགས་ཤིག་མགུལ་ལ་བསྒྲོན་ཏེ་སྐྱེས་སྐར་རོལ། (ཁ་བཏགས་བོད་ཀྱི་བཀྲ་ཤིས་མཚོན་བྱེད་དང་ཞྭ་ཕུད་པ་བླ་མ་དང་ཕ་མར་གུས་པ་མཚོན་བྱེད་དོ༎)

   གསུམ་པ། སྐུ་གསུང་ཐུགས་རྟེན་གྱི་མདུན་དུ་མཆོད་པའམ། སྐྱེས་སྐར་ལ་རོལ་མཁན་གྱིས་ལག་ཟུང་གིས་རྨོངས་པའི་མུན་པ་སེལ་བའི་རྟེན་འབྲེལ་དུ་སྒྲོན་མེ་བཏེགས་ཏེ།ཚང་མས་མཉམ་དུ། མར་ཁུ་རྒྱ་མཚོ་ཡོངས་སུ་འཁྱིལ་བའི་རྐོང་། །ཕུན་ཚོགས་འོད་སྟོང་འབར་བའི་སྒྲོན་མེ་འདི།།མུན་པའི་བསྐལ་བ་ཡོངས་སུ་སངས་བྱས་ནས། །འགྲོ་རྣམས་སངས་རྒྱས་མངོན་སུམ་མཐོང་བར་ཤོག །ཅེས་གསུང་བར་བྱ།(སྒྲོན་མེར་ཕུ་འདེབས་པ་ནི་བོད་ལ་མཚོན་ན་བཀྲ་མི་ཤིས་པའི་རྟགས་ཤིག་ཡིན་པས་གཏན་ནས་མི་རུང་།)

   བཞི་བ།  སྐྱེས་སྐར་རོལ་མཁན་གྱིས། ཟླ་ངོ་བཅུ་ཡི་བར་དུ་ལུས་ལ་བཟུང་། །བཙས་ནས་ཉིན་མཚན་ཤ་ཡི་དྲོད་ལ་སྦྱར། །སྙན་པར་བོས་ཤིང་བརྩེ་བའི་འཛུམ་གྱིས་བསུས། །སོར་བཅུའི་རྩེ་ལ་གཡེངས་ཏེ་ནུ་ཞོས་གསོས།།གཉིད་དང་ལྟོ་བཅག་ཡིད་བཞིན་ནོར་ལྟར་བསྲུངས། །དེ་ཡི་དྲིན་ལན་ཆོས་ཀྱིས་འཁོར་བར་ཤོག །ཅེས་གསུངས་ནས་དལ་འབྱོར་གྱི་ལུས་རྟེན་གནང་བའི་ཕ་མའི་དྲིན་དྲན།

   ལྔ་བ། སྐྱེས་སྐར་ལ་རྟེན་འབྲེལ་ཞུ་བའི་ཚིག་སྟེ། གཞན་རྣམས་ཀྱིས་མེ་ཏོག་སིལ་མ་སྟོར་གྱིན།དཔའ་བོ་ཆེན་པོ་གང་སྐྱེས་པས། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང་། །དོན་གྲུབ་ཆོས་ཀྱང་གྲུབ་པ་དེས།།ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །ཚེ་བསོད་དཔལ་འབྱོར་ཕུན་ཚོགས་པའི། །བདེ་སྐྱིད་ལྡན་པའི་བཀྲ་ཤིས་ཤོག།ཆོས་སྲིད་ལེགས་ཚོགས་ལྷུན་འགྲུབ་པའི། །འདོད་དགུ་འགྲུབ་པའི་བཀྲ་ཤིས་ཤོག།ཅེས་སོགས་བཀྲ་ཤིས་པའི་ཚིག་བརྗོད་ཅིང་།དཔྲལ་བར་གཡང་མར་བསྐུ། ( གཡང་མར་ཞེས་པ་ནི་བོད་ཀྱི་སྔོན་གྱི་སྲོལ་སྟེ།ཐོད་པའི་དཀྱིལ་ན་སྣུམ་ཐིག་དགོས་ཞེས་བསོད་ནམས་ཀྱི་རྟགས་དང་། བཀྲ་ཤིས་པའི་རྟགས་སུ་བྱེད།སྐབས་དང་བསྟུན་ནས་ཤིས་པ་བརྗོད་པའི་ཚིག་བརྩམས་ན་ཆོག)

  དྲུག་པ། བྱིས་པ་ཆུང་ངུའི་རིགས་ལ་སྐྱེས་སྐར་གྱི་ལེགས་སྐྱེས་སུ་དཔེ་ཆ་ཕུལ་ན་རིག་གནས་ལ་དོ་སྣང་ཡོད་པའི་རྟགས་ཡིན་པས་ལེགས་ཤིང་།  གཞན་ལ་བཀྲ་ཤིས་པའི་དངོས་པོ་གང་ཞིག་སྐབས་བསྟུན་གྱིས་ཕུལ་ན་བཟང་།

    བདུན་པ།རང་ཉིད་ནང་བ་སངས་རྒྱས་པ་ཡིན་ཞིང་། བྱ་བ་གང་ཞིག་བྱས་ནའང་དཀོན་མཆོག་ལ་བསྟེན་ན་བཀྲ་ཤིས་ཤིང་དོན་འགྲུབ་པ་ཡིན་པས།ཚང་མས་མཉམ་དུ།སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ།།སྐྱབས་གནས་དཀོན་མཆོག་གསུམ་ལ་མཆོད་པ་འབུལ། །ཞེས་གསུང་ཞིང་དེ་ནས་རང་གི་སྐྱེས་ལྷ་དང་དགྲ་ལྷ་སོགས་ལ་མཆོད་དེ།  ཚེ་རིང་མཆེད་ལྔ་བསྟན་སྐྱོང་བཅས།།གངས་ཅན་གནས་པ་ཐམས་ཅད་དང་། །ཁྱད་པར་ཡུལ་ཕྱོགས་འདིར་གནས་པའི། །ལྷ་ཀླུ་གཞི་བདག་རྣམས་ལ་མཆོད་པ་འབུལ།།ཞེས་གསུངས་ཏེ་ཟས་ཕུད་དཀོན་མཆོག་ལ་མཆོད། དེ་ནས་ཕ་མར་ཕུལ་ཏེ། བཟའ་བཏུང་ལ་རོལ། རྩེད་མོ་རིགས་བྱ།འོན་ཀྱང་སྐྱེས་སྐར་ཡིན་པས་ཆང་དང་ཤོ་ལ་རོལ་པ་སོགས་བཀྲ་མི་ཤིས་པའི་རྩེད་མོ་ལ་རོལ་ན་མི་ལེགས།

   བརྒྱད་པ། མཇུག་ཏུ་སྐྱེས་སྐར་རོལ་མཁན་དེ་བཀྲ་ཤིས་པ་འབྱུང་བའི་ཆེད་དུ་དབྱངས་སྙན་པོས་ཤིས་ཚིག་རྒྱས་བསྡུས་གང་རུང་གསུང་བར་བྱ་སྟེ།ཉིན་མོ་བདེ་ལེགས་མཚན་བདེ་ལེགས།།ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པའི། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག།ཅེས་གསུང་བར་བྱ།   རྒྱས་པར་བྱེད་ན་ལྷས་བཀྲ་ཤིས་པའི་ཚིགས་སུ་བཅད་པ་གསུང་།(སྐྱེས་སྐར་ལ་རོལ་པ་འདི་སྔོན་རང་རེར་མ་དར་ཡང་དེང་གང་སར་ཁྱབ་ཅིང་།ཡེ་ཤུའི་ཆོས་ལུགས་ཀྱི་རྣམ་པར་འགྱུར་བཞིན་ཡོད་པས་ཤེས་གནས་སྨྲ་བ་མང་བོ་ཞིག་གིས་བསྐུལ་བ་བཞིན་ཆོས་དང་རིག་གནས་དང་མཐུན་པའི་སྐྱེས་སྐར་རོལ་ཚུལ་འདི་ཉིད་བྲིས་ཏེ།  བླ་མ་དང་དགེ་བཤེས།སློབ་དཔོན་ཆེན་མོ། འབུམ་རམས་པ་མང་བོར་བློ་བསྡུར་ཏེ། ཐེངས་མང་བོར་ཕྲི་སྣོན་གྱིས་གཏན་ལ་ཕབ་པའོ།།རི་མོ་པ།བསོདནམས་འབུམ)

རྩོམ་ཡིག་འདི་འཕྲིན་སྟེགས་དང་དྲ་བ་དག་གིས་བརྒྱུད་འགོད་བྱ་ཆོག་མོད། བརྒྱུད་འགོད་བྱེད་དུས་ཚིག་དོན་བཅོས་མི་ཆོག


རྩོམ་ཁུངས། ཤེས་རབ་གཡང་དཔེ་མཛོད་ཁང་སྤྱི་བའི་འཕྲིན་སྟེགས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ།
རྩོམ་སྒྲིག་པ། འབའ་སྣང་གྲོལ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། spiv བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  བོད་ཀྱི་སྐྱེས་སྐར་ལ་རོལ་ཚུལ་བཀྲ་ཤིས་པད་མ་དཀར་བོ།   སྤེལ་མཁན།: དྲུང་ཡིག་འཇམ་དབྱངས་བཀྲ་ཤིས། སྤེལ་དུས:2021/4/17
དུས་ཐོག་ཆར་བ་ལྟ་བུའི་སྤྱི་ཕན་གྱི་མཛད་འཕྲིན་རེད་ལགས། ཐུགས་རྗེ་ཆེ།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
11316615
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།