ང་ཁེར་རྐྱང་འདྲ་ཡང་དོན་གྱིས་གྲོགས་མཆོག་ཁྲི་མ་འབུམ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2022 ལོའི་ཟླ 6 ཚེས 27 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» མཐར་ཕྱིན་འོས་སྦྱོར། »ང་ཁེར་རྐྱང་འདྲ་ཡང་དོན་གྱིས་གྲོགས་མཆོག་ཁྲི་མ་འབུམ།
ང་ཁེར་རྐྱང་འདྲ་ཡང་དོན་གྱིས་གྲོགས་མཆོག་ཁྲི་མ་འབུམ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས 2020-12-24ལྟ་ཀློག (6735)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ང་ཁེར་རྐྱང་འདྲ་ཡང་དོན་གྱིས་གྲོགས་མཆོག་ཁྲི་མ་འབུམ།

   དེ་སྔོན་ཁ་པར་དང་སྐད་འཕྲིན་གྱི་ལམ་ནས་ཁྱོད་ལ་འགྲོ་རོགས་འདུག་རོགས་མེད་པར་གྲོགས་མེད་ཁེར་རྐྱང་མི་བྱེད་པར་རང་གི་བདེ་འཇགས་དང་ལུས་ཕུང་ལ་བདག་པོ་རྒྱགས་རོགས་ཞེས་བཤད་མཁན་མང་བོ་ཞིག་བྱུང་བས་རྐྱེན་བྱས་ཏེ།  ང་ཁེར་རྐྱང་འདྲ་ཡང་དོན་གྱིས་གྲོགས་མཆོག་ཁྲི་མ་འབུམ་ཟེར་བའི་ལན་ཞིག་འབྲི་བར་སེམས་སོང་།   སྤྱིར་གྲོགས་པོ་བཟང་བོ་སྨན་གྱི་ལྗོན་ཤིང་འདྲ་ཟེར་བ་ནི།  སྐྱིད་སྡུག་ལེགས་ཉེས་ཀྱི་བྱ་བ་གང་ལ་འཕྲད་ཀྱང་འགྱུར་བ་མེད་པར་ཕན་ཅི་ཐུབ་བྱེད་པ་ལ་ཟེར་བ་ལས།  དེ་རིང་ཁྱོད་ཀྱིས་མ་འཐུང་ན་ངས་ཡང་མི་ཟ་ཟེར་ནས་འདུག་ཀྱང་སང་ཉིན་ཕ་རོལ་བོ་ཅུང་ཙམ་རྒུད་པ་འམ་རང་ཉིད་ཀྱི་ཁེ་ཕན་ཕྲན་བུ་ཙམ་གྱི་ཆེད་དུ་བླ་བཙགས་རྐང་འདྲེན་བྱེད་མཁན་དག་ནི་གྲོགས་ངན་དུག་གི་སྡོང་བོ་ཟེར་བ་དེ་ཡིན། གྲོགས་པོ་བཟང་བོ་ཞིག་ཡིན་ན་ནི་ཁྱེད་རང་དཀའ་ངལ་ཆེ་ཤོས་ཀྱི་དུས་སུ་ལྷག་པར་ཁྱོད་ཀྱི་འགྲམ་དུ་ལངས་ནས་ཁྱེད་ལ་ཆར་རླུང་འགོག་འདོད་ཡོད་པ་དང་ཁྱེད་ལ་སྟོབས་ཤུགས་སྤྲོད་འདོད་ཡོད་པར་མ་ཟད།  ཁྱེད་རང་ལེགས་འགྲུབ་བྱུང་བའི་ཚེ་འང་ཕྲག་དོག་མི་བྱེད་པར་ཐག་ཉེ་རིང་གང་དུ་ཡོད་ཀྱང་ཁྱེད་ལ་སྨོན་འདུན་ཞུ་མཁན་དེ་ཡིན།

      真正的朋友,是在你最困难的时候,愿意站在你身边为你遮风挡雨,给予你力量,当你成功时,在远处默默为你祝福的人!


ང་ཁེར་རྐྱང་འདྲ་ཡང་དོན་གྱིས་གྲོགས་མཆོག་ཁྲི་མ་འབུམ།


རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱིས།


སྐྱབས་དཀོན་མཆོག་གསུམ་གྱི་བྱིན་རླབས་ཉི་མ་སྟོང་ལས་གཟི་བྱིན་འབར།།
ལྷ་ཡི་དམ་ཞི་ཁྲོའི་འཕྲིན་ལས་སྲིད་པ་གསུམ་ལས་རྣམ་པར་རྒྱལ།།
གྲོགས་ཆོས་སྐྱོང་སྲུང་མའི་དམ་ཚིག་འགྱུར་མེད་རྡོ་རྗེ་ཁམས་སུ་གྲུབ།།
ཡུལ་གཞི་བདག་དཀར་བོའི་སྡོང་གྲོགས་གློག་དམར་འཁྱུག་བཞིན་རྟག་ཏུ་འཁོར།།


ཕ་བླ་མ་དམ་པས་མི་མངོན་དབྱིངས་ནས་བྱིན་རླབས་གནང་།།
ཆོས་དམ་ཆོས་བདུད་རྩིས་སྤྱོད་ངན་གཤིས་གྱོང་བརླན་གྱིས་མཉེས།།
གྲོགས་མཛའ་བཤེས་བཟང་བོས་སྤོབས་པ་ཐོབ་པའི་སྙིང་གཏམ་སྦྱིན།།
ང་ཁེར་རྐྱང་མི་ལ་མགོན་སྐྱབས་དཔུང་གཉེན་ཁྲི་མ་འབུམ།།

ཡུལ་དགོན་སྡེའི་བླ་གྲྭས་འཕྲིན་བཅོལ་སྐྱབས་འཇུག་རྒྱུན་གྱིས་བསྐྱངས།།
གྲོགས་དམ་ཚིག་ཅན་གྱིས་རླུང་རྟ་བསྐྱེད་ཅིང་དགྲ་ལྷ་བསྟོད།།
བུ་གཤིས་ལེགས་སློབ་མས་དུང་སེམས་གཙང་མས་གུས་འདུད་ཞུ།།
ང་ཁེར་རྐྱང་མི་ལ་གཤོག་རྩལ་སྟེར་མཁན་ཁྲི་མ་འབུམ།།

ཡུལ་གཉེན་ཉེ་མང་བོས་དཀོན་མཆོག་གསུམ་ལ་སྐྱབས་འཇུག་ཞུས།།
འབྲོག་སྡེ་མི་མོད་པོས་སྐྱབས་འགྲོ་མཱ་ཙྱཻ་དབྱངས་སུ་གྱེར།།
གྲོགས་ལྷག་བསམ་ཅན་གྱིས་ཐབས་དང་བཀོད་པ་རྡོ་བཞིན་བསྒྲིགས།།
ང་ཁེར་རྐྱང་མི་ལ་རམ་འདེགས་དཔུང་རོགས་ཁྲི་མ་འབུམ།།

ཡུལ་ཁུ་ཞང་མ་ལོས་ལྷག་བསམ་འབུམ་གྱིས་གསོལ་བ་བཏབ།།
ཁྱིམ་མིང་སྲིང་ཕུ་ནུས་ལྷ་བསང་དུད་པས་ནམ་མཁའ་བཀང་།།
འཁོར་ཚ་བོ་ཡང་ཚས་སྐུ་རིམ་གསུམ་གྱི་ཆོས་རྒྱུན་བཟུང་།།
ང་ཁེར་རྐྱང་མི་ལ་ཉེ་ཚན་བདག་པོ་ཁྲི་མ་འབུམ།།

གྲོགས་དཔའ་རྒོད་གཏུམ་པོས་དཔའ་སྐད་བསྒྲགས་ཤིང་དཔུང་བ་བརྡར།།
སྤུན་བློ་སྙིང་འཁེལ་བས་དཔལ་དང་འབྱོར་བས་དཔུང་ཤུགས་བསྐྱེད།།
གྲོགས་མཛའ་གཅུགས་དམ་པས་ཞི་དྲག་ཐབས་ཚུལ་རྒྱུན་དུ་སྟོན།།
ང་ཁེར་རྐྱང་མི་ལ་སྟོབས་ཤུགས་བསྐྲུན་མཁན་ཁྲི་མ་འབུམ།།

སྟོད་ཕྱུགས་སྐྱོང་འབྲོག་པས་ཤ་མར་ཐུད་ཀྱིས་འཚོ་བ་བསྒྲུབས།།
བར་མཁས་པའི་ཚོགས་ཀྱིས་བློ་དང་རིག་པས་ཤེས་རྒྱ་བསྐྱེད།།
སྨད་སོ་ནམ་པ་ཡིས་གྲོ་བྱེ་འབྲི་སྣུམ་སྐྱེས་སུ་བསྐྱལ།།
ང་ཁེར་རྐྱང་མི་ལ་ཟུང་ཤུགས་གསོ་མཁན་ཁྲི་མ་འབུམ།།

གོང་བླ་མ་དཔོན་པོས་ཐུགས་ཀྱི་མཐིལ་བཟུང་སྐྱབས་དཔུང་མཛད།།
སྟོད་དབུས་གཙང་ཚོང་བས་མཐུན་རྐྱེན་ལེགས་པོས་རིམ་གྲོ་བསྒྲུབས།།
བར་ཞིང་འབྲོག་དམངས་ཀྱིས་ཕྱག་འཚལ་སྐོར་བས་བར་ཆད་བཟློག།
ང་ཁེར་རྐྱང་འདྲ་ཡང་དོན་གྱིས་གྲོགས་མཆོག་ཁྲི་མ་འབུམ།།

དབུལ་བོས་ཕྱུག་གཏམ་བཤད་ན་ངོ་ཚ་ཡིན།།
ཕྱུག་པོས་མེད་མུག་བཏོན་ན་སེར་སྣ་ཡིན།།
སྡར་མས་དཔའ་རབས་ལབ་ན་མཚང་ཡིན་ཀྱང་།།
དཔའ་བོར་དཔའ་གཏམ་མེད་ན་སྡར་མ་འདྲ།།

ང་འདུག་ས་དོག་མོ་ས་ཡིན་རུང་།།
ངའི་དམིགས་པ་ནམ་མཁའི་མཐོངས་ལ་བཟུང་།།
ང་སྐྱེས་ས་འབྲོག་པའི་སྦྲ་ཡིན་རུང་།།
ང་འགྲོ་ས་ཕོ་བྲང་གསེར་མདོག་ཡིན།།

ང་ཐུག་ས་མཐོན་པོའི་དཔོན་ཡིན་ཀྱང་།།
ངའི་ལག་ཆ་བཙན་པོ་རྒྱལ་ཁྲིམས་ཡིན།།
ང་བལྟས་ན་བླ་རྒན་ཉམ་ཆུང་ཡང་།།
ངའི་རྒྱབ་རྟེན་རྡོ་རྗེ་བྲག་རི་ཡིན།།

ཁ་ཕོ་བཤད་པས་དགྲ་མི་ཐུབ།།
སྟོང་བསམ་བཅིངས་པས་ལས་མི་འགྲུབ།།
ཆུ་ནག་བཤིགས་ནས་མར་མི་ལོན།།
རྨི་ལམ་རྨིས་ནས་དོན་མི་འཁྱོངས།།

བདེན་རྫུན་ཁྲིམས་ཀྱིས་དེད་ན་གསལ་ལེར་འོང་།།
བཟང་ངན་འབངས་ལ་དྲིས་ན་ཐོས་ནས་ཡོང་།།
མང་ཉུང་བྲེ་ལ་འཇལ་ན་གསལ་ལེར་གདའ།།
ཡང་ལྕི་རྒྱ་མར་བཀྱགས་ན་ཤེས་ལེ་ཡིན།།

དོན་ཅི་འགྲུབ་མཆོག་གསུམ་བྱིན་རླབས་ཡིན།།
དགེ་ཅི་ཡོད་ཡི་དམ་འཕྲིན་ལས་ཡིན།།
དགྲ་ཅི་ཐུབ་ཆོས་སྐྱོང་ནུས་མཐུ་ཡིན།།
རྒྱལ་ཅི་ཡོད་གླིང་གི་དབུ་འཕང་ཡིན།།

       ཞེས་སྤྱི་ལོ་༢༠༢༠་ལོའི་སྤྱི་ཟླ་༩་བའི་ཚེས་༡༧་གྱི་མཚན་མོར་རྭ་རྒྱ་བ་འཇིགས་མེད་རྒྱལ་མཚན་གྱིས་གནའ་མཁར་ཟི་ལིང་གྲོང་ཁྱེར་གྱི་མཁར་སྤེའུ་ཚལ་དུ་ཡོད་པའི་གནས་མལ་བཀྲ་ཤིས་དོན་ཀུན་འགྲུབ་པའི་ལྡིང་ཁང་དུ་བྲིས། ཡིན་ན་ཡང་ཕྱི་ནང་གི་འགལ་རྐྱེན་སྣ་ཚོགས་ཀྱི་དབང་གིས་དེ་རིང་མ་གཏོགས་གྲོགས་པོའི་ཚོམས་སུ་འགོད་པའི་གོ་སྐབས་རེག་མ་བྱུང་།


བཛྲ་ཚུལ་ཁྲིམས་རྒྱ་མཚོས།


བཙན་པོའི་དབང་ལ་མི་འཇིགས་དཔའ་སྟོབས་ཡོད།།
རྒྱ་ཆེན་བྱ་གཞག་འདེགས་པའི་ལྷག་བསམ་ཡོད།།
གང་ལ་ཐུག་ཀྱང་ཞུམ་མེད་སྙིང་སྟོབས་ཡོད།།
ལ་རྒྱའི་རྒྱལ་མཚན་སྒྲེང་བའི་བློ་སྤོབས་ཡོད།།

དར་ན་ཁ་ཡག་བཤད་པའི་གྲོགས་པོའི་རིགས།།
ཅུང་ཟད་རྒུད་ན་ཕལ་ཆེར་རྒྱང་དུ་བྱེར།།
ཇི་ལྟར་གྱུར་ཏམ་གང་ལ་ཐུག་ན་ཡང་།།
མི་འགྱུར་མི་བྱེར་ང་ཚོ་ནམ་ཡང་ཡོད།།
ཅེས་བཛྲ་ཚུལ་ཁྲིམས་རྒྱ་མཚོས།

ལྡོང་ཡོན་ཏན་རྒྱ་མཚོས།


ཆོས་གྲོགས་ཁྱོད་ནི་རིགས་ཀྱི་བ་དན་ཡིན།།
ཆོས་གྲོགས་ཁྱོད་ནི་བདེན་པའི་བཙན་རྫོང་ཡིན།།
ཁྱོད་ཀྱི་ལྷག་བསམ་གངས་རིའི་མདངས་ལ་འདྲེས།།
ཁྱོད་ཀྱི་ཐུགས་སྟོབས་རྡོ་རྗེའི་བྲག་ལ་བཅོལ།།


ང་ཚོར་མཆོག་གསུམ་དམ་པའི་བྱིན་མཐུ་ཡོད།།
ང་ཚོར་ཆོས་སྐྱོང་སྲུང་མའི་འཕྲིན་ལས་ཡོད།།
ང་ཚོར་ཁྲི་འབུམ་བསམ་བློའི་རྒྱབ་དཔུང་ཡོད།།
ང་ཚོར་ཕྱོགས་ལས་རྣམ་རྒྱལ་དུས་བཟང་ཡོད།།

གསར་འགོད་པ།  རྒྱུ་ཐ་མཐོང་དགའ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ།
རྩོམ་སྒྲིག་པ། འབའ་སྣང་གྲོལ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 8 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། tqjw བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ང་ཁེར་རྐྱང་འདྲ་ཡང་དོན་གྱིས་གྲོགས་མཆོག་ཁྲི་མ་འབུམ།   སྤེལ་མཁན།: སྒར་ཤེས་རབ། སྤེལ་དུས:2020/12/2
སྐུ་ཚེ་རྒྱལ་མཚན་བརྟན། བཞེད་དོན་ལྷུན་འགྲུབ་ཤོག
  ང་ཁེར་རྐྱང་འདྲ་ཡང་དོན་གྱིས་གྲོགས་མཆོག་ཁྲི་མ་འབུམ།   སྤེལ་མཁན།: སྤེལ་མཁན། འཇིགས་མེད་རྒྱ་མཚོ། སྤེལ་དུས། 2020/12/ 24 སྤེལ་དུས:2020/12/2
གནོད་སེམས་དུག་གི་མཚོན་ཆའི་ཆར་ཕབ་ཡང་།། གནས་ལུགས་དྲང་བདེན་ཕུབ་ཀྱི་གུར་ཁང་བརྟན།། དཔལ་མགོན་ཆོས་སྐྱོང་སྲུང་མའི་བྱིན་མཐུ་ཡིས།། གངས་ལྗོངས་དུང་ཟླའི་འོད་ཁྱིམ་སྔར་ལས་གསལ།།
  ང་ཁེར་རྐྱང་འདྲ་ཡང་དོན་གྱིས་གྲོགས་མཆོག་ཁྲི་མ་འབུམ།   སྤེལ་མཁན།: གངས་རྩེན། སྤེལ་དུས:2020/12/2
ཨ་ཁུ་འཇིགས་མེད་རྒྱལ་མཚན་ནི་དོན་གྱི་ང་ཚོའི་བླ་སྲོག་ཡིན། མི་རིགས་ཀྱི་སྣེ་ཁྲིད་པ་ངོ་མ་ནི་ཁོང་ཡིན།སྐུ་ཚེ་བརྟན་པར་ཤོག ཕྱི་ནང་གསང་བའི་དགྲ་བགེགས་གང་གིས་ཀྱང་མི་བརྫི་བར་ཤོག།
  ང་ཁེར་རྐྱང་འདྲ་ཡང་དོན་གྱིས་གྲོགས་མཆོག་ཁྲི་མ་འབུམ།   སྤེལ་མཁན།: སྨན་དམིགས་བུ། སྤེལ་དུས:2020/12/2
སྐུ་ཚེ་རྒྱལ་མཚན་བརྟན། བཞེད་དོན་ལྷུན་འགྲུབ་ཤོག
  ང་ཁེར་རྐྱང་འདྲ་ཡང་དོན་གྱིས་གྲོགས་མཆོག་ཁྲི་མ་འབུམ།   སྤེལ་མཁན།: སྨན་དམིགས་བུ། སྤེལ་དུས:2020/12/2
སྐུ་ཚེ་རྒྱལ་མཚན་བརྟན། བཞེད་དོན་ལྷུན་འགྲུབ་ཤོག
  ང་ཁེར་རྐྱང་འདྲ་ཡང་དོན་གྱིས་གྲོགས་མཆོག་ཁྲི་མ་འབུམ།   སྤེལ་མཁན།: སྨན་དམིགས་བུ། སྤེལ་དུས:2020/12/2
སྐུ་ཚེ་རྒྱལ་མཚན་བརྟན། བཞེད་དོན་ལྷུན་འགྲུབ་ཤོག
  ང་ཁེར་རྐྱང་འདྲ་ཡང་དོན་གྱིས་གྲོགས་མཆོག་ཁྲི་མ་འབུམ།   སྤེལ་མཁན།: བ་རོད་པ། སྤེལ་དུས:2020/12/2
འཇིགས་མེད་གདོང་ལྔས་བཏེགས་པའི་རྒྱལ་མཚན་ཆེ། ། སྲིད་གསུམ་ཆེ་དགུའི་བླ་རུ་རྟག་བརྟན་ཤོག །🔅🙏
  ང་ཁེར་རྐྱང་འདྲ་ཡང་དོན་གྱིས་གྲོགས་མཆོག་ཁྲི་མ་འབུམ།   སྤེལ་མཁན།: ངོ་ལོག་པ། སྤེལ་དུས:2020/12/2
ལྡོང་ཡོན་དང་ཚུལ་བློ་བསོད་དར་སོགས་ལ་དགའ་བོ་མེད། འཇིག་མེད་རྒྱལ་མཚན་ལ་རྗེས་སུ་ཡུ་རབ་བྱེད་མི་ཡོད།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
11309524
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།