གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བསླབ་བྱའི་དེབ་ཕྲེང་བླུ་ན་འདི་ལ་ཕེབས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2022 ལོའི་ཟླ 7 ཚེས 3 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འོས་སྦྱོར་གླིང་། » གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བསླབ་བྱའི་དེབ་ཕྲེང་
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བསླབ་བྱའི་དེབ་ཕྲེང་བླུ་ན་འདི་ལ་ཕེབས།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2018-01-11ལྟ་ཀློག (5450)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

     

གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་བསླབ་བྱའི་དེབ་ཕྲེང་བླུ་ན་འདི་ལ་ཕེབས།

    གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བསླབ་བྱའི་དེབ་ཕྲེང་འདི་ནི་དགེ་སློབ་ཡོངས་ཀྱིས་མི་ལོ་ཉུ་ཤུ་ལྷག་གི་ཉམས་མྱོང་གཞིར་བྱས་ཏེ་གུང་གསེང་སོགས་ཁོམ་ལོང་གང་ཡོད་དུ་དག་བསྒྲིགས་དང་གྲོས་བསྡུར་རབས་དང་རིམ་པ་མང་བོ་བྱས་ཤིང་། ད་དུང་དགོན་པའི་དགེ་བཤེས་དང་སྤྱི་ཚོགས་སྟེང་གི་ཆེད་མཁས་པ་སོགས་གདན་འདྲེན་དང་ཆེད་བཅར་བཀའ་འདྲི་བཅས་རེ་ཞིག་གཏན་ལ་ཕབ་སྟེ་པར་དུ་བཀོད་པ་ཡིན་ཞིང་།  བོད་མདོ་དབུས་ཁམས་གསུམ་གཙོས་པའི་རྒྱལ་ཁབ་ཕྱི་ནང་གི་ཤེས་ལྡན་པ་མང་བོ་ཞིག་གིས་དགའ་བསུ་བླ་མེད་ཐོབ་སྟེ་སློབ་གྲྭ་དང་ཚོགས་པ། མི་སྒེར་སོགས་མང་བོ་ཞིག་གིས་དངོས་སུ་ངེད་སློབ་གླིང་ལ་འབྲེལ་བ་གནང་ཡོང་སྟེ་བསླབ་བྱའི་དེབ་ཕྲེང་བླུ་ཉོ་ཇི་ལྟར་གནང་བའི་ཕྱོགས་ལ་འདྲི་གཅོད་གནང་མཁན་མང་བས།   ད་རེབ་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་ཀྱང་ཚུལ་འདི་ལ་ནུས་ཚོད་ཀྱིས་དགོས་མཁོ་བསྐང་སླད་རྭ་རྒྱའི་རྒྱུད་འགོའི་ཤེས་རིག་གླིང་གི་དཔར་ཁང་ངམ་འཇིགས་མེད་རྒྱལ་མཚན་སློབ་གསོའི་བློ་འདྲི་ཚད་ཡོད་མཐུན་གཉེར་ཁང་དུ་བསླབ་བྱའི་དེབ་ཕྲེང་འདི་ཆེད་དུ་ཕྱིར་འཚོང་བྱེད་བཞིན་ཡོད་པས་དགོས་མཁོ་ཅན་རྣམས་ཀྱིས་འདི་ལ་འབྲེལ་གཏུག་བྱས་ཏེ་བླུ་ཉོ་གནང་ཆོག 

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བོད་ཡིག་བསླབ་བྱའི་དེབ་ཕྲེང་གི་མཚམས་སྦྱོར་གནད་བསྡུས། 


༡ བོད་ཡིག་སྦྱོར་ཀློག་སློབ་དེབ།   
   བོད་ཡིག་སྦྱོར་ཀློག་སློབ་དེབ་ཀྱི་ནང་དོན་གནད་བསྡུས་ནི་བོད་ཡིག་དབྱངས་གསལ་ངོས་འཛིན་ནས་འགོ་འདོགས་འཕུལ་རྟེན་སྦྱོར་ཚུལ་སོགས་རིམ་པར་བཀོད་ཡོད་ཅིང་། འཚོ་བའི་ཡོ་ཆས་ཀྱི་ཚོན་ཁྲའི་པར་རིས་ལ་རྒྱུན་སྤྱོད་ཐ་སྙད་དང་ཡི་གེ་སྦྱར་ནས་ངོས་འཛིན་སླ་བར་བཟོས་ཡོད།       
༢ རྨང་གཞིའི་སློབ་དེབ།
   རྨང་གཞིའི་སློབ་དེབ་ཀྱི་ནང་དོན་གནད་བསྡུས་ནི་ཀློག་འདོན་དང་ཚིག་སྦྱོར་ལ་བྱང་བ་དང་། རྒྱུན་ཤེས་ངོ་སྤྲོད་སོགས་ཀྱི་ཆེད་དུ་བོད་རང་གི་ལོ་རྒྱུས་སྟེང་བྱུང་མྱོང་བའི་མི་སྣ་རླབས་ཆེན་ངོ་སྤྲོད་དང་།   གནའ་ཤུལ་གྲགས་ཅན་མཚམས་སྦྱོར། དམངས་སྲོལ་དང་གཏམ་རྒྱུད། དམངས་གླུ་དང་ལོ་རྒྱུས་ཚན་བཤུས་སོགས་བཀོད་ཡོད།
༣ ཐོབ་ཐང་ངོས་འཛིན་སློབ་དེབ།
   ཐོབ་ཐང་ངོས་འཛིན་སློབ་དེབ་ཀྱི་ནང་དོན་གནད་བསྡུས་ནི་གོ་སླའི་ཐ་སྙད་ཀྱི་དག་ཆ་དང་ཚིག་སྒྲིག་ལ་བྱང་བ། ཕྲད་དང་རྣམ་དབྱེའི་སྦྱོར་སྟངས། ཐོབ་ཐང་ངོས་འཛིན་བཅས་ཀྱི་ཆེད་དུ་དག་པར་བྱེད་པའི་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ་དང་ལེགས་བཤད་ལྗོན་པའི་དབང་བོ་གཉིས་སློབ་ཚན་དུ་བགོས་ནས་བསྒྲིགས་ཡོད།
༤ དག་ཡིག་སློབ་དེབ།
   དག་ཡིག་སློབ་དེབ་ཀྱི་ནང་དོན་གནད་བསྡུས་ནི་དག་ཡིག་མཁས་པ་དགའ་སྐྱེད་རྩ་འགྲེལ་གཉིས་སློབ་ཚན་དུ་བགོས་ཤིང་། དེ་ཡང་སློབ་ཚན་རེར་སྦྱང་གཞི་དང་། སློབ་ཚན་ལྔ་རེར་བསྐྱར་སྦྱོང་རེ་བྱས་ཏེ་བགོས་ཡོད། ཞར་བྱུང་དུ་ཆོས་ཀྱི་རྣམས་གྲངས་ཉུང་བསྡུས་བཅས་བསྒྲིགས་ཡོད།
༥ སུམ་ཅུ་བའི་སློབ་དེབ། 
   སུམ་ཅུ་བའི་སློབ་དེབ་རབ་གསལ་སྒྲོན་མེའི་ནང་དོན་གནད་བསྡུས་ནི་པྲ་ཏི་རིན་པོ་ཆེའི་རང་ལུགས་བློ་གསལ་འཇུགས་ངོགས་གཞིར་བཞག་ནས་སུམ་ཅུ་བ་ཆ་ཚང་བར་བསྒྲིགས་ཡོད།
༦ རྟགས་འཇུག་གི་སློབ་དེབ།
   རྟགས་འཇུག་གི་སློབ་དེབ་བློ་གསལ་འགུལ་རྒྱན་གྱི་ནང་དོན་གནད་བསྡུས་ནི་དམུ་དགེ་བསམ་གཏན་རིན་པོ་ཆེའི་བློ་གསལ་འཇུག་ངོགས་གཞིར་བཞག་སྒོས་དཀའ་གནད་ཕྱོགས་ཀྱི་དྲི་བ་དྲིས་ལན་བཅས་བསྒྲིགས་ཡོད།   
༧ རིགས་ལམ་ཀུན་བཏུས་ཀྱི་སློབ་དེབ། 
   རིགས་ལམ་ཀུན་བཏུས་སློབ་དེབ་ཀྱི་ནང་དོན་གནད་བསྡུས་ནི་བསེ་བསྡུས་གཞིར་བཞག་སྒོས་བསྡུས་ཆུང་དང་བསྡུས་འབྲིང་སྐོར་གྱི་བསྡུས་ཚན་དག་སློབ་ཚན་དུ་བགོས་ནས་དགག་གཞག་སྤོང་གསུམ་ཆ་ཚང་བར་བཀོད་ཡོད།
༨ བློ་གསལ་འཇུག་ངོགས་ཀྱི་ཟུར་འདེབས་སློབ་དེབ། 

   བློ་གསལ་འཇུགས་ངོགས་ཀྱི་ཟུར་འདེབས་སྟོང་ཐུན་ངག་གི་ལྡེ་མིག་གི་ནང་དོན་གནད་བསྡུས་ནི་སུམ་རྟགས་ཀྱི་གཞུང་མང་བོའི་བཞེད་པ་སྣ་ཚོགས་དང་། ལུང་ཚིག་འདྲེན་པ། དཀའ་གནད་ལ་མཐའ་དཔྱོད་དང་མུ་བཞི་བརྩི་བ་སོགས་བསྒྲིགས་ཡོད། 

༩ ཚད་མའི་སློབ་དེབ། 

   ཚད་མའི་གཞུང་ལ་ཐོག་མར་འཇུག་ཚུལ་བློ་གསལ་བྱིས་པ་དགའ་བའི་མེ་ལོང་གི་ནང་དོན་གནད་བསྡུས་ནི་རིགས་ལམ་ཆེ་འབྲིང་ཆུང་གསུམ་གྱི་གསུང་མི་གསལ་པ་རྣམས་ཇེ་གསལ་དང་། ལུང་རིགས་ཞིབ་རྒྱས་ཀྱིས་རྟགས་གསལ་བཀོད་པ། དཀའ་གནད་མཐའ་དཔྱོད་སོགས་བསྒྲིགས་ཡོད། 
༡༠ སྙན་ངག་གི་སློབ་དེབ། 
   སློབ་དེབ་སྙན་འགྲེལ་དབྱངས་ཅན་དགྱེས་གླུའི་ནང་དོན་གནད་བསྡུས་ནི་རྒྱལ་དབང་རྔ་བའི་དབྱངས་ཅན་དགྱེས་གླུ་ལ་རྩ་བ་མེ་ལོང་མ་བར་དུ་བཅུག་ཅིང་། རྒྱན་རེ་སློབ་ཚན་དུ་བགོས་རྗེས་དཀའ་གནད་དང་འཁྲུལ་གཞི་རྣམ་དྲི་གཞིར་བཀོད་དེ་བསྒྲིགས་ཡོད།
༡༡ བློ་རིགས་ཀྱི་སློབ་དེབ། 
   རིགས་ལམ་ཀུན་བཏུས་ཀྱི་ནང་དོན་གནད་བསྡུས་ནི་རིགས་ལམ་ཆུང་འབྲིང་གི་སྐོར་སློབ་དེབ་སྔ་མ་རུ་སོང་ཟིན་པས་འདིར་རིགས་ལམ་ཆེ་བ་ལ་དམིགས་ཏེ་ཆེད་དུ་བསེ་བསྡུས་གྲྭ་རྨང་གཞི་བྱས་ཤིང་།   དེ་ལ་ཡོངས་འཛིན་རིགས་ལམ་འཕྲུལ་ལྡེ་སོགས་གཞུང་གཞན་ནས་ཁ་གསབ་པར་མ་ཟད།   དེའི་ཁར་སློབ་གླིང་རང་གི་སློབ་དཔོན་ཆེན་པོ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་སྐབས་སྔ་མ་དག་ལ་ཟིན་བྲིས་སུ་བཏབ་པའི་སེམས་སེམས་བྱུང་གི་རྣམ་གཞག་རྨོངས་མུན་འཇོམས་པའི་འོད་སྣང་ཡང་བསྣན་ཏེ་བསྡུས་ཚན་དག་སློབ་ཚན་དུ་བགོས་པའི་རྗེས་ལ་དྲི་བ་དང་དཀའ་གནད་བཀོད་ཡོད།
༡༢ རྟགས་རིགས་ཀྱི་སློབ་དེབ། 
   རྟགས་ཀྱི་རྣམ་གཞག་རིགས་ལམ་འཕྲུལ་ལྡེའི་ནང་དོན་གནད་བསྡུས་ནི་ཡོངས་འཛིན་ཕུར་ལྕོག་རིན་པོ་ཆེའི་རིགས་ལམ་འཕྲུལ་ལྡེ་གཞིར་བཞག་ཅིང་།   དེ་ལས་སྔར་བསྡུས་གྲྭའི་སྐབས་སོང་ཟིན་པ་དག་འདིར་བསྡུས་ཤིང་།  ཕྱོགས་ཆོས་འཁོར་ལོ་སོགས་ཁ་ཤས་བསྣན་རྗེས་སློབ་ཚན་དུ་བཀར་ནས་མཇུག་ཏུ་དྲི་བ་དང་དོགས་གཞི་བཀོད་ཡོད།
༡༣ གྲུབ་མཐའི་སློབ་དེབ། 

   གྲུབ་མཐའ་དང་ས་ལམ་གྱི་རྣམ་གཞག་རིན་ཆེན་མཛེས་རྒྱན་གྱི་ནང་དོན་གནད་བསྡུས་ནི་གྲུབ་མཐའ་དང་ས་ལམ་སྐོར་གྱི་གཞུང་མང་ན་ཡང་འདིར་ཚིག་ཉུང་ལ་དོན་འདུས་ཤིང་།   ཁ་གསལ་ཞིང་གོ་སླ་བའི་ཁྱད་ཆོས་ལ་དམིགས་ཏེ་ཀུན་མཁྱེན་འཇིགས་མེད་དབང་བོའི་གྲུབ་མཐའ་རིན་ཆེན་ཕྲེང་བ་དང་ས་ལམ་ཐེག་གསུམ་བགྲོད་པའི་མཛེས་རྒྱན་གཉིས་བདམས་པར་མ་ཟད།   སློབ་མའི་དང་ལེན་གྱི་ནུས་པ་ལ་དམིགས་ཏེ་སློབ་ཚན་དུ་བགོས་རྗེས་མཇུག་ཏུ་དཀའ་གནད་དང་དོགས་གཞི་བཀོད་ཡོད།  

ས་གནས།  རྭ་རྒྱའི་གངས་ལྗོངས་ཚོང་ར་ཆེན་མོའི་གཅིག་ཐོག་གི་ཤེས་རིག་གླིང་གི་དཔར་ཁང་། 
འབྲེལ་གཏུགས་བྱེད་ཡུལ། གཙང་རྡོ། 
བྲེལ་གཏུགས་ཨང་གྲངས། 17609751119



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ།
རྩོམ་སྒྲིག་པ། འབའ་སྣང་གྲོལ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། ljbp བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
11406065
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།