འཇིགས་མེད་རྒྱལ་མཚན་མཆོག་༼འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པའི་དུས་རབས་ཀྱི་ཀྲུང་གོ་བའི་དྲ་བར་༽བཀོད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2022 ལོའི་ཟླ 9 ཚེས 25 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། »འཇིགས་མེད་རྒྱལ་མཚན་མཆོག་༼འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པའི་དུས་
འཇིགས་མེད་རྒྱལ་མཚན་མཆོག་༼འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པའི་དུས་རབས་ཀྱི་ཀྲུང་གོ་བའི་དྲ་བར་༽བཀོད།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-09-15ལྟ་ཀློག (16350)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


འཇིགས་མེད་རྒྱལ་མཚན་མཆོག་༼འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པའི་དུས་རབས་ཀྱི་ཀྲུང་གོ་བའི་དྲ་བར་༽བཀོད།  

--བློ་གཅིག་སེམས་གཅིག་གིས་དམངས་ལ་ཞབས་འདེགས་ཞུ་བའི་སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག   

   འཇིགས་མེད་རྒྱལ་མཚན།  སྤྱི་ལོ1975ལོར་སློབ་ཆུང་འགྲིམས།  སྤྱི་ལོ1990ལོར་སློབ་ཆེན་མཐར་ཕྱིན།  མི་ལོ་བཅོ་ལྔའི་ཕུན་སུམ་ཚོགས་པའི་སློབ་སྦྱོང་གི་བརྒྱུད་རིམ་ཁྲོད་ཏང་དང་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ས་ཁུལ་གྱི་སློབ་གསོའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པའི་ཕན་འབྲས་ཐོབ་སྟེ་ཁོང་གི་སློབ་སྦྱོང་གི་ཕུགས་འདུན་མངོན་གྱུར་བྱུང་།  སློབ་དཔོན་འཇིགས་མེད་རྒྱལ་མཚན་གྱིས་སྔ་ཕྱིར་རྨ་ཆེན་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་།  རྭ་རྒྱ་དགོན་པའི་དམངས་གཙོ་དོ་དམ་ཁང་གི་འགན་གཙོ་གཞོན་པ།  རྨ་ཆེན་རྫོང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ། མགོ་ལོག་ཁུལ་སྲིད་གྲོས་བཅའ་སྡོད་རྒྱུན་ཨུ།   མགོ་ལོག་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན།  མགོ་ལོག་ཁུལ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཞོན།   མགོ་ལོག་ཁུལ་སྐབས་གཉིས་ཀྱི་དམངས་ཆེན་འཐུས་མི་དང་སྐབས་གསུམ་གྱི་སྲིད་གྲོས་ཨུ་ཡོན།  མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུའི་ལས་འཛིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་བ་དང་། བཅུ་གཅིག་པ།  བཅུ་གཉིས་པ་བཅས་ཀྱི་ཨུ་ཡོན་དང་།  མགོ་ལོག་ཁུལ་གངས་ལྗོངས་འབྲོག་ལས་འཕེལ་རྒྱས་མཐུན་ཚོགས་ཀྱི་ཚོགས་གཙོ།   མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་བྱ་བའི་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན། མཚོ་སྔོན་ཞིང་ཆེན་དམངས་སྒྲུབ་སློབ་གསོ་མཐུན་ཚོགས་ཀྱི་ཚོགས་གཞོན།  མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་མཐུན་ཚོགས་ཀྱི་ཚོགས་གཞོན། མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་ཚོགས་གཙོ་བཅས་ཀྱི་འགན་བཞེས།  

༼རྭ་རྒྱ་དགོན་པར་སློབ་སྦྱོང་གནང་ཞོར་དུ་དགོན་པ་དོ་དམ་ཁང་གི་འགན་འཛིན་ཁུར་བའི་སྐབས།༽

༼ཤེས་རིག་ནོར་བུའི་སློབ་གླིང་གི་ཐོག་མའི་དུས་སྐབས།༽

     སློབ་དཔོན་འཇིགས་མེད་རྒྱལ་མཚན་ནི་སྤྱི་ལོ1992ལོར་བྱ་བར་ཞུགས་ཤིང་།  སྔ་རྗེས་སུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དང་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་གསར་འཛུགས་གནང་།   སྤྱི་ལོ1994ལོར་མགོ་ལོག་ཁུལ་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་བརྒྱུད།  མ་དངུལ་རང་སྒྲིག་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་དམངས་སྒྲུབ་སློབ་གྲྭ་ཐོག་མ་གསར་འཛུགས་གནང་བ་སྟེ།  ད་ལྟའི་འཇིགས་མེད་རྒྱལ་མཚན་མི་རིགས་ལས་རིགས་སློབ་གླིང་ཡིན་ལ།  ཡུལ་བབ་དང་བསྟུན་ནས་སྐྱ་སེར་མཉམ་བསྲེས་འཛིན་གྲྭ་དང་།  ཆེ་ཆུང་མཉམ་བསྲེས་སློབ་ཁྲིད།  མཆོག་དམན་གྱི་དབྱེ་བ་མེད་པར་འདྲ་མཉམ་གྱི་སློབ་གསོ་ལག་ལེན་བྱས་ཏེ། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་དང་དེང་རབས་ཤེས་རིག་ཕན་ཚུན་ཟུང་འབྲེལ་གྱི་སློབ་གཉེར་བྱེད་སྟངས་གསར་གཏོད་དང་།    ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་བོད་བརྒྱུད་ནང་བསྟན་གྱི་ཚད་མའི་རྩོད་སྟངས་ཉིན་རྒྱུན་སློབ་གཉེར་ཁྲོད་སྲོལ་བཙུགས་པས།  སློབ་མའི་བསམ་གཞིགས་དང་ཤེས་རྟོགས། གསལ་བཤད་སོགས་ཀྱི་འཇོན་ཐང་གི་བློ་ཁ་ཡངས་པོར་ཕྱེ།   སློབ་གླིང་བཙུགས་ནས་ལོ་འཁོར28ལོན་དུས་སྐྱེད་སྲིང་བྱས་པའི་མཐར་ཕྱིན་སློབ་མ3000ལ་ཉེ་བ་ཡོད་ཅིང་། བོད་ཁམས་ཀྱི་སློབ་གསོ་དང་།  འཕྲོད་བསྟེན། དགོན་སྡེ་དོ་དམ་སོགས་ལས་རིགས་མང་པོར་ཁྱབ་ཡོད་ལ།  ཁོང་ཚོའི་མང་ཤོས་སྤྱོད་ཡོན་གཉིས་ལྡན་ཡིན་ཞིང་།   བྱ་བར་ཞུགས་སའི་ལས་ཁུངས་ཚན་པ་ཁག་གིས་ཀྱང་རྒྱ་ཁྱབ་ཏུ་ཁས་ལེན་ཞིང་གདེང་འཇོག་ལེགས་པོ་ཐོབ་ཡོད།  ད་ལྟ་སློབ་གླིང་དུ་སློབ་མ1030དང་ལས་བཟོ་བ67ཡོད།  

༼རྭ་རྒྱའི་བཀའ་འགྱུར་འཚོལ་ཞིབ་ཏུ་ཕྱིན་པའི་སྐབས།༽

༼ཚོགས་འདུ་སྣ་ཚོགས་སུ་ཞུགས་ནས་གཏམ་བཤད་གནང་བ༽

     བོད་ཁམས་ཀྱི་ས་མཐའ་ཡུལ་མཐའ་རུ་གནས་པའི་འབྲོག་ཁུལ་གྱི་བུ་མོ་རྣམས་ཀྱིས་འདྲ་མཉམ་གྱི་སློབ་གསོ་ལོངས་སུ་སྤྱོད་ཐུབ་ཆེད་སྤྱི་ལོ2005ནས་མ་དངུལ་རང་སྒྲིག་གིས་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་གསར་དུ་བཙུགས་ཤིང་།  རྨ་ཆེན་རྫོང་སྲིད་གཞུང་དང་གྲོས་ཆོད་བཞག་སྟེ། གལ་ཏེ་ལོ་དྲུག་གི་ནང་བུ་མོ་སློབ་མ240བསྡུ་ཐུབ་པ་བྱུང་ན་སྲིད་གཞུང་ནས་མ་དངུལ་བཏང་སྟེ་སློབ་གྲྭ་བསྒྲུབ་རྒྱུ་ཁས་ལེན་བྱས།  ཀུན་གྱི་རེ་འདོད་ལྟར་ལོ་གཉིས་ཀྱི་ནང་སློབ་མ་གསར་བའི་མིང་ཐོ་བརྒལ་བས་༼དམངས་གཉེར་གཞུང་རོགས་༽སུ་བསྒྱུར་ཅིང་།  སློབ་གྲྭ་འཕེལ་རྒྱས་སུ་སོང་སྟེ་ལོ་དགུའི་འོས་འགན་ལམ་ལུགས་སློབ་གསོ་རུ་ཕྱིན་ཡོད་ཅིང་།  ད་ལྟ་སློབ་མ556དང་ལས་བཟོ་བ73བཅས་ཡོད།   སྤྱི་ལོ2000ལོ་ནས་མགོ་ལོག་གངས་ལྗོངས་གཅེས་ནོར་ཚད་ཡོད་འགན་འཁྲི་མཐུན་གཉེར་ཁང་གསར་འཛུགས་གནང་སྟེ་བོད་ཁུལ་གྱི་འབྲོག་པས་༼ཕྱུགས་མཆོག་ཚོང་དམན་༽གྱི་བསམ་བློ་དེ་འབྲོག་ལས་མ་རྐང་མཉམ་ལས་གཉེར་སྐྱོང་གི་རྣམ་པ་རུ་བསྒྱུར་བར་སྣེ་ཁྲིད་བྱས་ཏེ།   ཁྱོན་བསྡོམས་འབྲོག་པའི་ཆེད་ལས་མཉམ་སྒྲུབ་ཚོང་སྡེ་27བཙུགས་ཤིང་།  ཁ་ཐོར་དུ་འཚོ་བ་རོལ་བ་དང་བསམ་བློ་ཅུང་རྗེས་ལུས་ཡིན་པའི་འབྲོག་ཁུལ་གྱི་དབུལ་ཕོངས་སྡེ་བའི་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་དང་།  དབུལ་ཐར་ཕྱུག་འགྱུར་གྱི་བགྲོད་ལམ་གསར་བ་ཞིག་བཏོད།   སྤྱི་ལོ2009ལོ་ནས་མགོ་ལོག་གངས་ལྗོངས་འབྲོག་ལས་འཕེལ་རྒྱས་མཐུན་ཚོགས་གསར་འཛུགས་གནང་ནས་འཕྲོག་བཅོམ་ལྟ་བུའི་རང་བྱུང་ཐོན་ཁུངས་གསར་སྤེལ་བྱེད་པའི་ཐོན་སྐྱེད་བྱེད་སྟངས་དེ་རིམ་གྱིས་རང་བྱུང་ཁམས་ལ་བཀུར་ཞིང་བསྟུན་པའི་རྣམ་པར་བསྒྱུར་ཏེ།  ཚན་རིག་ལྟ་བས་ཐོན་ཁུངས་བེད་སྤྱོད་པའི་དམངས་ཁྲོད་ཁོར་སྲུང་རྩ་འཛུགས་བཙུགས་ཤིང་།  ལོ་བཅུའི་འཕེལ་རྒྱས་བརྒྱུད་དེ་རིམ་བཞིན་འཐུས་ཚང་དུ་གྱུར་ནས་རིག་གནས་དང་དཔལ་འབྱོར། སྐྱེ་ཁམས་གསུམ་གཞི་གཅིག་ལམ་ནས་མུ་མཐུད་ངང་འཕེལ་རྒྱས་སུ་གཏོང་ཐུབ་པར་སྐུལ་འདེད་བྱེད་པའི་ལས་གཉེར་བྱེད་ཐབས་ཆ་ཚང་བ་ཞིག་གྲུབ་ཡོད།  

༼འཇིགས་མེད་རྒྱལ་མཚན་མི་རིགས་ལས་རིགས་སློབ་གླིང་གི་དམིགས་བསལ་གྱི་སློབ་ཁྲིད་བྱེད་ཐབས།༽

༼སློབ་གླིང་གི་བྱ་འགུལ་སྣ་ཚོགས།༽

      སློབ་དཔོན་འཇིགས་མེད་རྒྱལ་མཚན་ནི་ལྷག་བསམ་ལྡན་ཞིང་ལས་ལ་བརྩོན་པ་དང་།  སྐུ་ཚེ་གང་བོ་མི་དམངས་ཀྱི་ཆེད་དུ་གཏོང་ཐུབ་པའི་ཐུགས་སྟོབས་ལ་སྤྱི་ཚོགས་ལས་རིགས་ཁག་གིས་གདེང་འཇོག་ཆེན་པོ་ཐོབ་ཡོད་དེ།  སྔ་ཕྱིར་ཁུལ་དང་རྫོང་རིམ་པས་༼རོགས་དངུལ་བཏང་ནས་སློབ་གྲྭ་བསྒྲུབས་པའི་སྔོན་ཐོན་མི་སྒེར་༽དང་།  ༼མ་དངུལ་བསྡུས་ནས་སློབ་གྲྭ་བསྒྲུབས་པའི་སྔོན་ཐོན་མི་སྒེར།༽  ༼མཚོ་སྔོན་ཞིང་ཆེན་ཕུལ་བྱུང་ན་གཞོན་བཅུའི་གྲས།༽ ༼ཀྲུང་ཧྭ་དགེ་ལས་བྱ་དགའ།中华慈善奖༽  ༼རྒྱལ་ཡོངས་སྐབས་གཉིས་པའི་ཧོང་ཡན་ཕེ་ཕུལ་བྱུང་སློབ་གཙོའི་བྱ་དགའ།全国第二届黄炎培杰出校长奖 ༽ ༼རྒྱལ་ཡོངས་དམངས་སྒྲུབ་སློབ་གསོའི་སྔོན་ཐོན་ལས་སྒྲུབ་པའི་བྱ་དགའ།༽ ༼སྤྱི་ཚོགས་རིང་ལུགས་ཀྱི་ཕུལ་བྱུང་འཛུགས་སྐྲུན་པའི་བྱ་དགའ་༽སོགས་ཀྱི་མཚན་སྙན་ཐོབ་མྱོང་ལ།   གཞན་ཡང་༼ལྕགས་རི་རིང་པོ་རྒྱལ་གཅེས་རྒྱལ་ཡོངས་སྔོན་ཐོན་མི་སྒེར་གྱི་རྟགས་མ་长城爱国全国先进个人奖དང་།༽  ༼མཚོ་སྔོན་ཞིང་ཆེན་དམངས་སྒྲུབ་སློབ་གསོའི་བྱ་བའི་སྔོན་ཐོན་མི་སྒེར།  ༽༼ མཚོ་སྔོན་ཞིང་ཆེན་དུས་རབས་གསར་བའི་དཔལ་འབྱོར་ཐད་ཀྱི་འཕོ་འགྱུར་ཆེ་བའི་མི་སྣ།༽  《ལྷོ་ཕྱོགས་གྲོང་ཁྱེར་ཚགས་པར་南方都市报》གྱིས་སྤྱི་ལོ2012ལོའི་ལོ་འཁོར་སློབ་གསོ་བ་དང་དགེ་ལས་པ།  བཅོས་སྒྱུར་པའི་མཚན་སྙན་དང་།  སྤྱི་ལོ2015ལོའི་ལོ་འཁོར་བོད་ཁུལ་ཡོངས་ཀྱི་༼སློབ་གསོ་བ་༽ཞེས་པའི་གསེར་གྱི་རྟགས་མའི་བྱ་དགའ་བཞེས་མཁན་གཅིག་པུ་ཡིན་ལ། ༼བྱ་དགའ་ལ་ལག་སྒོར་སུམ་འབུམ་དང་ཁེ་200kཡོད་པའི་གསེར་གྱི་དབུ་བརྙན་བཅས་ཡོད་ཅིང་།  ཆ་ཚང་བ་སློབ་གྲྭའི་གྲོན་དངུལ་གྱི་ཕྱོགས་སུ་བཏང་།  ༽  

༼སློབ་གླིང་གི་འོས་འགན་ངལ་རྩོལ།༽

 

༼བྱ་དགའི་རྟགས་མ་སྐོར་ཞིག༽

    སློབ་དཔོན་འཇིགས་མེད་རྒྱལ་མཚན་གྱི་ལྷག་བསམ་ལས་འཁྲུངས་པའི་མཛད་ཕྲིན་གྱིས་བོད་ཁུལ་ཡོངས་ལ་མཛད་རྗེས་ངོ་མཚར་བ་བཞག་ཡོད་ལ།   ཁོང་གིས་ཉིན་མཚན་དབྱེར་མེད་ངང་སྐུའི་ངལ་བ་མ་འཛེམས་པར་ཡོད་ཚད་མི་རིགས་དང་སློབ་གསོའི་ཆེད་དུ་བཏང་བས། མི་དམངས་ཀྱི་སེམས་ན་ཁོང་ནི་རླབས་ཆེན་གྱི་སྐྱེས་བུ་དམ་པ་དེ་ལགས་པས། སྤྱི་ཚོགས་ཐོག་གི་མི་སྣ་གྲགས་ཅན་མང་པོས་ཀྱང་ཁོང་ལ་བསྟོད་བསྔགས་དང་གདེང་འཇོག་བགྲངས་ལས་འདས་པ་བྱས་ཡོད་དེ།

      དཔེར་ན།   ༡  དབྱང་ཏུང་ཕེན杨东平།  པེ་ཅིང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་北京理工大学གྱི་སློབ་གསོ་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་སློབ་དཔོན།  རྒྱལ་ཁབ་སློབ་གསོའི་བློ་འདྲིའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན།  རྒྱལ་ཁབ་རྒྱུགས་ལེན་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན།   དུས་རབས་ཉེར་གཅིག་པའི་སློབ་གསོ་ཞིབ་འཇུག་གླིང་གི་གླིང་གཙོ།  ༼རང་བྱུང་གི་གྲོགས་པོ་自然之友༽ཞེས་པའི་ལས་འཛིན་འགོ་གཙོ།  ཁོང་གིས་བྲིས་པའི་༼མཚོ་བོད་མཐོ་སྒང་གི་ཁྱད་མཚར་བའི་སློབ་གསོ་སྟེ་འཇིགས་མེད་རྒྱལ་མཚན་སློབ་གྲྭ༽ཞེས་པར།  ད་ནི་གཞི་ནས་འཇིགས་མེད་རྒྱལ་མཚན་ཚང་གི་སྐོར་གླེང་ཐུབ་པ་བྱུང་མོད།  འོན་ཀྱང་ཇི་ལྟར་ཕྲ་ཞིང་ཞིབ་པའི་ངོ་སྤྲོད་ཅིག་བྱེད་བསམ་ན་དེ་ལྟར་འབྲི་ཐུབ་པ་མི་འདུག་ལ། སེམས་ཁོང་ན་བརྗོད་འདོད་པ་མང་པོ་ཞིག་འདུག་ཅིང་སྔར་བཞིན་གསལ་བོ་གསལ་རྐྱང་ཞིག་བརྗོད་ཐུབ་བྲལ་ཏེ།   རྒྱུ་མཚན་འཇིགས་མེད་རྒྱལ་མཚན་ཁོང་ནི་དངོས་གནས་ངོ་མཚར་བ་ཞིག་ཡིན་ལ། འཇིགས་མེད་རྒྱལ་མཚན་གྱི་སློབ་གྲྭ་བསྒྲུབས་པའི་བསམ་བློའི་ལྟ་བ་གཙོ་བོ་ནི་སྲོལ་རྒྱུན་དང་དེང་རབས་སློབ་གསོ།  རྒྱ་བོད་སློབ་གསོ་སོགས་དབྱེ་བ་མེད་པར་སློབ་པ་ཡིན་ཞིང་།   དེ་ནི་གཞུང་གཉེར་སློབ་གྲྭའི་བོད་ཀྱི་རིག་གནས་སློབ་གསོ་བཟུང་ཚད་ཞན་པའི་གནས་སྟངས་བསྒྱུར་བའི་ཆེད་ཡིན་ལ།  ཁོང་གི་ཐབས་ཤེས་ནི་སྲོལ་རྒྱུན་གྱི་རིག་གནས་ཀྱི་སྙིང་བཅུད་ལ་བརྩི་འཇོག་སྟེ། ལོ་ངོ་བརྒྱ་སྟོང་མང་པོར་དར་ཞིང་ཕན་འབྲས་མཆིས་པའི་དགོན་པའི་འཆད་ཉན་བྱེད་སྟངས་དང་དེང་རབས་སློབ་གྲྭའི་སློབ་གསོ་ཕན་ཚུན་ཟུང་དུ་འབྲེལ་ཏེ། ཚད་མ་རིག་པ་དང་།  བོད་ཀྱི་བརྡ་སྤྲོད་རིག་པ།  ཚིག་སྦྱོར་རིག་པ།  སྐར་རྩིས་རིག་པ། སྒྲ་རིག་པ།  མངོན་བརྗོད་རིག་པ་སོགས་བོད་ཀྱི་སྲོལ་རྒྱུན་རིག་གནས་སློབ་གྲྭའི་ནང་གསར་འཛུགས་བྱས་ཤིང་། རྩ་ཚིག་དང་ཟིན་བྲིས་བློ་འཛིན་དང་སྙན་རྩོམ་འབྲི་བ་སོགས་གཙིགས་སུ་བཟུང་ཡོད་ལ།  ལྷག་པར་དུ་ཁོང་གིས་དགོན་པའི་ཆོས་གྲྭའི་རྩོད་སྟངས་སློབ་གྲྭར་སྲོལ་བཙུགས་ཏེ།     སློབ་མས་ཉིན་རེའི་སྔ་ཕྱིའི་ཆུ་ཚོད་ཕྱེད་ཀ་རེར་ལུས་རྩལ་ར་བར་རྩོད་པ་འཚོགས་ཏེ།    ཟླ་བོ་ཉིས་ཆའི་རྩོད་པ་དང་། རིག་ལངས་པ་གཅིག་གིས་དམ་བཅའ་བ་མང་པོར་རྩོད་པ། རིག་ལངས་མང་པོས་དམ་བཅའ་བ་གཅིག་ལ་རྩོད་པ་སོགས་མི་འདྲ་བའི་རྣམ་པས་རྩོད་པ་བྱས་པས། སློབ་མའི་གཏན་ཚིགས་རིག་པའི་ཆོས་ཉིད་དང་མཐུན་པའི་བསམ་གཞིགས་ཀྱི་ནུས་པ་དང་།  དབྱེ་ཞིབ་དང་ཤེས་རྟོགས་ཀྱི་ནུས་པ། ད་དུང་གཏམ་བཤད་ནུས་པའང་ཇེ་མཐོར་གཏོང་ཐུབ་ལ།  དེ་ནི་འཇིགས་མེད་རྒྱལ་མཚན་སློབ་གླིང་གི་ཆེས་ཡིད་དབང་འཕྲོག་ལ་ངོ་མཚར་ལྡན་པའི་མཐོང་སྣང་ཞིག་ཡིན།  དམིགས་བསལ་གྱི་སློབ་གཉེར་བྱེད་ཐབས་འདི་ད་ལྟ་གང་སར་ཁྱབ་སྤེལ་བྱེད་བཞིན་འདུག་ལ།  མཚོ་སྔོན་བོད་ཁུལ་གྱི་མི་རིགས་སློབ་གྲྭ་གཞན་དག་གིས་ཀྱང་སློབ་གཉེར་གྱི་སྲོལ་འདི་བཙུགས་དང་འཛུགས་བཞིན་ཡོད།  སློབ་གླིང་གིས་ལས་སློབ་གཉིས་བརྩོན་ལ་དམིགས་ཏེ་སྤེལ་བའི་སྤྲི་ཆར་བཟོ་གྲྭའི་ཐོན་རྫས་ནི་རྒྱང་རིང་ཕྱི་རྒྱལ་དུ་བཙོངས་པའི་ཕུལ་བྱུང་ཚོང་རྟགས་སུ་གྱུར་ཡོད་ལ།    དམངས་ཁྲོད་སློབ་གསོ་གསར་གཏོད་ཀྱི་ཕུལ་བྱུང་མིག་དཔེ་ཡིན་པའི་ཆ་ནས།  འཇིགས་མེད་རྒྱལ་མཚན་སློབ་གླིང་གི་སློབ་གསོའི་གནས་སྟངས་ལ་དེ་བས་ཞིབ་འཇུག་དང་གསལ་འགྲེལ་མང་པོ་བྱེད་རྒྱུ་འདུག་ཅིང་། ད་དུང་དེ་བས་ཀྱང་རོགས་རམ་དང་རྒྱབ་སྐྱོར་དགོས།  

༼ཁེ་ལས་ཀྱི་བཟོ་ཁང་སྔ་ཤོས།༽

༼ཁེ་ལས་ཀྱིས་ཐོན་སྐྱེད་བྱས་པའི་སྤྲི་ཆར་དང་འོ་ཕྱེ།༽

     ༢  ལི་ཀྲིན་ཞིས李镇西།  སུའུ་ཀྲོའུ་སློབ་ཆེན་苏州大学སློབ་གསོ་མཚན་ཉིད་རིག་པའི་འབུམ་རམས་པ་དང་། དེ་སྔ་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཕུལ་བྱུང་ཆེད་མཁས་པ་དང་།  2000ལོའི་རྒྱལ་ཡོངས་སློབ་གྲྭ་ཆུང་འབྲིང་གི་ཕུལ་བྱུང་ན་གཞོན་དགེ་རྒན་བཅུའི་མཚན་སྙན་སོགས་ཐོབ་མྱོང་ཞིང་།  ད་ལྟ་ཁྲིན་ཏུའུ་གྲོང་ཁྱེར་ཝུའུ་ཧོའུ་ཚོད་ལྟའི་སློབ་འབྲིང་武侯实验中学གི་སློབ་གཙོ་དང་ཧྲན་ཞི་ཞིང་ཆེན་མཉེན་པའི་ཚན་རིག་ཞིབ་འཇུག་གླིང་软科学研究院གི་གླིང་གཙོ་བཅས་ཀྱི་འགན་བཞེས་ཡོད།  ཁོས་བྲིས་པའི་༼འདི་འདྲའི་སློབ་གྲྭ་ཞིག་འདུག༽་ཅེས་པའི་རྩོམ་ཡིག་ནང་དུ་འཇིགས་མེད་རྒྱལ་མཚན་གྱི་དགེ་རྒན་གྱི་ཚད་གཞི་གླེང་བ་ཡིན་ན།  ཁོང་གིས་གསུང་རྒྱུར་ང་རང་གི་དགེ་རྒན་གྱི་ཚད་གཞི་ནི་ཐོག་མར་ངེས་པར་དུ་བླ་ན་མེད་པའི་ཀུན་སྤྱོད་ལྡན་དགོས་ཤིང་འདི་ནི་གལ་ཆེན་ནང་གི་དོན་ཆེན་ཡིན། ང་ཚོའི་སློབ་སྦྱོང་གི་གོམས་སྲོལ་འདི་འདྲ་ལེགས་དོན་ཅི་ཡིན་ཟེར་ན།  སློབ་བུ་རྣམས་ཀྱིས་དགེ་རྒན་རྣམ་པ་ཚོས་ལྷག་བསམ་སྲོལ་མེད་ཀྱི་ཕྱག་ལས་གནང་གི་ཡོད་པ་མཐོང་བས་ཡིན་གསུངས།   འདི་ནི་ང་ཚོ་མི་མང་པོ་ཞིག་ལ་མཚོན་ན་བསམ་ཡུལ་ལས་འདས་པ་ཞིག་ཡིན་ལ།  ལྷག་པར་དུ་ང་ཚོས་རང་ཉིད་ཀྱི་ངོས་ནས་བསམ་བློ་བཏང་བ་ཡིན་ན་དངོས་ནས་འདང་མི་དཔོག་པ་ཞིག་རེད།   ང་རང་སློབ་གྲྭ་མང་པོར་འགྲོ་མྱོང་ལ། ཆེད་མཁས་པ་མང་པོའི་སྙན་ཞུ་ལའང་ཉན་མྱོང་སྟེ།  ཁོ་ཚོའི་ཁྲོད་ཁ་ཡར་གྲག་མར་གྲག་ལ་བསམ་བློ་དང་ལྟ་བ་གླེང་མཁན་ཧ་ཅང་མང་པོ་འདུག་ཅིང་།  འཛམ་གླིང་ལ་ཁ་ཕྱོགས་པའི་དེང་རབས་ཀྲུང་གོའི་མི་གསོ་སྐྱོང་བྱེད་དགོས་ཞེས་པའི་སློབ་གཙོའང་རྟགས་པར་མང་དྲགས་ཀྱང་། འོན་ཏེ་མི་གཞི་ཡག་པོ་གསོ་སྐྱོང་བྱེད་དགོས་ཞེས་པའི་བབ་ཆགས་ཤིང་ཁ་བཤད་དོན་ལ་གནས་པའི་སློབ་གཙོ་འདི་འདྲ་ཤིན་ཏུ་ནས་ཀྱང་དཀོན་ནོ་ཞེས་བཤད།

༼མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པ་གསར་དུ་བཙུགས།༽

༼ཆེད་མཁས་པ་སོགས་འཚམས་འདྲིར་ཕེབས་པ།༽

     ༣  ཨ་རིའི་རྩོམ་པ་པོ་ལུང་འན་ཀྲི龙安志ཡིས་བརྩམས་པའི་《འཛམ་གླིང་གི་འབྱུང་འགྱུར་ཏེ། ཀྲུང་གོའི་རྣམ་པས་གོ་ལ་ཧྲིལ་བོའི་གནས་སྟངས་གསར་བ་བསྐྱར་སྐྲུན།》ཞེས་པའི་དེབ་ཀྱི་ནང་དུ་ཁ་བྱང་ལ་༼ཐེབས་རྩའི་སྤྱི་གཉེར་བ་ལས་ཀྱང་སྤྱང་གྲུང་ལྡན་པའི་གྲྭ་བ་༽ཞེས་པའི་ནང་དུ། ཁོང་གིས་ལུང་པ་གཞན་ཞིག་བསྟན་ནས་བཤད་རྒྱུར། སང་ཉིན་ང་ཚོ་རིའི་ཕར་རྒྱབ་ཀྱི་ལུང་པ་གན་ལ་སོང་སྟེ་སློབ་གྲྭ་གསར་བའི་རྨང་ཐིག་གཏན་ཁེལ་བྱེད་དགོས་ཞེས་བཤད།  སློབ་གྲྭ་ནི་ནོར་ནག་གི་སྤྲི་ཆར་ཕྱིར་འཚོང་བྱས་པའི་ཁེ་ཕན་ལས་བསྐྲུན་པ་ཡིན།  འཇིགས་མེད་རྒྱལ་མཚན་གྱིས་འབྲོག་པར་ཁེ་ལས་གསར་འཛུགས་དང་།  སློབ་གསོ་སྤྲད་པ་སོགས་སྔོན་ཐོན་གྱི་བསམ་བློས་འབྲོག་ཁུལ་ཡུན་རིང་ངང་འཕེལ་རྒྱས་འགྲོ་བར་དབུ་ཁྲིད་པས་འབྲོག་དམངས་ཀྱི་འཚོ་བར་ཤུགས་རྐྱེན་ཟབ་མོ་ཐེབས་ཤིང་དོན་སྙིང་ཆེན་པོ་ལྡན་ཞེས་བྲིས་ཡོད།

     ༤  བློ་བཟང་བསྟན་པ།  དེ་སྔ་མཚོ་སྔོན་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཡིན།   ཁོས་བྲིས་པའི་༼རྨ་ཆུའི་རྫོང་རིའི་རིག་གནས༽ཞེས་པའི་ནང་དུ་ཁོང་ནི་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕེང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་སློབ་སྟོན་དུ་འཛིན་མཁན་ཞིག་ཡིན་ལ། བོད་བརྒྱུད་ནང་བསྟན་དགོན་པའི་ཆོས་གྲྭའི་སློབ་གཉེར་བྱེད་སྟངས་དེ་སློབ་གྲྭའི་ནང་བཙུགས་པའི་བོད་རིགས་སློབ་གསོ་བ་ཞིག་དང་།   བོད་ཁུལ་གྱི་༼ཕྱུགས་མཆོག་ཚོང་དམན་༽གྱི་འབྲོག་པའི་འཚོ་བའི་གནས་སྟངས་དེ་འབྲོག་ལས་མ་རྐང་མཉམ་ལས་སུ་བསྒྱུར་བའི་བོད་རིགས་ཁེ་ལས་པ་ཞིག་ཡིན་ལ།   འཕྲོག་བཅོམ་གྱི་རྣམ་པས་རང་བྱུང་ཐོན་ཁུངས་སྤྱོད་སྟངས་དེ་རང་བྱུང་ཁམས་ལ་བསྟུན་ཞིང་བཀུར་བར་བྱེད་པ་དང་། སྣོད་བཅུད་ཀྱི་འཇིག་རྟེན་སྲུང་བའི་དམངས་ཁྲོད་ཁོར་སྲུང་བ་ཞིག་ཡིན་ལ།   ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་ལ་བརྩོན་ཅིང་མི་རིགས་མཐུན་སྒྲིལ་སྲུང་སྐྱོབ་དང་།  མེས་རྒྱལ་གཅིག་གྱུར་རྩ་བའི་དམིགས་ཡུལ་དུ་འཛིན་ལ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེང་གིས་བཏོན་པའི་སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་ཞེས་པའི་སྐྱེ་ཁམས་འདུ་ཤེས་ལག་ལེན་ཧུར་བརྩོན་དང་།  ཐོན་མིའི་སློབ་གསོ་དང་ཚོང་ལས། ཁོར་སྲུང་གི་འཁོར་ལོ་གསུམ་གྱི་སྒུལ་ཤུགས་གསར་འཛུགས་གནང་བས་མཚོ་སྔོན་གཙང་གསུམ་འབྱུང་ཡུལ་འབྲི་ཆུའི་སྐྱེ་ཁམས་ཁོར་སྲུང་དང་། རྨ་ཆུའི་རིག་གནས་བསྐྱར་བསྐྲུན།  རྫ་ཆུའི་ཡུལ་སྐོར་དབུལ་སྐྱོར་སྐྱེ་ཁམས་རིག་གནས་འཛུགས་སྐྲུན་གྱི་གོམ་སྟབས་གསུམ་དུས་རབས་གསར་བར་བསྐྱོད་ཅིང་།   བོད་ཁུལ་དཔལ་འབྱོར་སྤྱི་ཚོགས་འཆོང་སྐྱོད་ལྟ་བུར་གོང་འཕེལ་དང་ཡུན་རིང་བདེ་བར་འཁོད་པར་དབུ་ཁྲིད་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་སྐྱེས་བུ་དམ་པ་ཞིག་ཡིན་ནོ་ཞེས་བྲིས་འདུག

༼རྒྱལ་ཁབ་ཕྱི་ནང་དུ་འགྲེམས་སྟོན་ལ་ཞུགས་པའི་གནས་ཚུལ།༽

    ༥  སྤྱི་ལོ2006ལོར་ཀྲུང་གོ་དབུལ་སྐྱོར་ཐེབས་རྩ་ལྷན་ཚོགས་中国扶贫基金会ཀྱིས་《འཇིགས་མེད་རྒྱལ་མཚན་དབུལ་སྐྱོར་གསར་གཏོད་སྔོན་ཐོན་བྱས་རྗེས་སྙན་ཞུ》་ཞེས་པའི་ནང་བྲིས་དོན།  གླེང་རིན་ཡོད་པ་ཞིག་ནི་དེང་རབས་བོད་རིགས་སློབ་གསོ་སྒྱུར་བཅོས་པ་ཞིག་ཡིན་པའི་ཆ་ནས་ཁོ་ནི་མངོན་མཁྱེན་ལ་ཐོགས་པ་མེད་པའི་སྤྲུལ་སྐུ་མིན་ལ། མཐོ་སར་སྡོད་པའི་མཐོ་རིམ་དཔོན་རིགས་ཀྱང་མིན་ཞིང་། རྒྱུ་ནོར་གྱིས་ཁེངས་པའི་རྩེར་སོན་ཕྱུག་བདག་དེ་ལས་ཀྱང་མིན།   ཁོ་ནི་དགེ་ལས་དང་ཤེས་རབ་ལྡན་ཞིང་མི་རྣམས་ཀྱིས་བརྩི་བཀུར་ཐོབ་ལ།  མིག་རྒྱང་རིང་ཞིང་མི་ཚེ་གང་བོ་སློབ་གསོའི་ལས་དོན་ལ་གཏོང་ཕོད་པའི་བོད་ཀྱི་སློབ་གསོའི་སྒྱུར་བཅོས་ལས་དོན་ཁུར་བའི་རབ་བྱུང་དགེ་འདུན་པ་ཞིག་ཡིན།  

    ༦  ༼པེ་ཅིང་ནུབ་རྒྱུད་ཉི་འོད་གྲོང་གསེབ་འཕེལ་རྒྱས་ཐེབས་རྩ་ཚོགས་པའི་༽དྲུང་ཡིག་དང་།   དམངས་ཁྲོད་སློབ་གསོ་མཁས་ཅན་ལིང་ཞའོ་ཡན་梁晓燕གྱིས་གླེང་མོལ་ལེ་ཚན་ཞིག་ཏུ་བཤད་རྒྱུར།  གསར་འགོད་པ་ཀྲང་ན་ཡིས།  ནུབ་རྒྱུད་ས་ཁུལ་ཏེ་ལྷག་པར་དུ་གྲངས་ཉུང་མི་རིགས་འདུས་སྡོད་ས་ཁུལ་གྱི་སློབ་གསོ་སྟེ། འཇིགས་མེད་རྒྱལ་མཚན་སློབ་གྲྭའི་ནང་ན་ག་རེ་སློབ་ཀྱི་འདུག་ཅེས་དྲིས་པར།    ལིང་ཞའོ་ཡན་གྱིས་ལན་འདེབས་རྒྱུར།  མི་རིགས་ས་ཁུལ་མང་པོ་རུ་གཞུང་གཉེར་སློབ་གྲྭའི་མ་ལག་གི་ཁྱབ་རྒྱ་ཧ་ཅང་ཆེ་༼དམངས་སྒྲུབ་སློབ་གྲྭ་ཧ་ཅང་ཐ་ཐོར་དང་ཉམ་ཆུང་ཡིན། ༽མོད། འོན་ཀྱང་གཞུང་གཉེར་སློབ་གྲྭའི་མ་ལག་ཤིན་ཏུ་བཀག་སྡོམ་ཅན་ཏེ། སློབ་གསོ་དེ་སྲོལ་རྒྱུན་དང་རིག་གནས། འཚོ་བ་དངོས་བཅས་ལ་འབྲེལ་བ་ཧ་ཅང་ཉུང་ཞིང་།  སློབ་གསོ་དང་རིག་གནས་རྒྱུན་འཛིན་གྱི་འབྲེལ་ཐག་ཆད་ནས་ཡོད།  གལ་ཏེ་དཔྱད་གཞི་གླེང་ན་སྤྱིར་སློབ་གྲྭ་བསྒྲུབས་པའི་གྲུབ་ཆ་གཙོ་བོའི་སྟེང་གདམ་གསེས་ཀྱི་གོ་སྐབས་མང་པོ་ལྡན་འོས་ཤིང་།  དེ་ལས་ཀྱང་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་རང་མི་རིགས་ཀྱི་རིག་གནས་ལ་མཁས་ཤིང་ནུས་པ་ཡོད་པའི་མི་སྣས་རྣམ་པ་མི་འདྲ་བའི་སློབ་གསོ་བསྒྲུབ་པར་བསྔགས་བརྗོད་དང་སྐུལ་མ་བྱེད་དགོས།  ལམ་ལུགས་ཀྱི་བཀག་རྒྱ་དང་ཕྱོགས་གང་ཅིའི་ཐོན་ཁུངས་ཀྱི་ཆ་རྐྱེན་གྱིས་ཚོད་འཛིན་པ་སྲིད་ཀྱང་།  འོན་ཏེ་འཇིགས་མེད་རྒྱལ་མཚན་སློབ་གྲྭས་འདི་ལྟ་བུའི་བགྲོད་ལམ་ཞིག་བཏོད་ཟིན་ཞེས་བཤད་ཆོག   གཞུང་གཉེར་སློབ་གྲྭའི་ལམ་ལུགས་ཀྱིས་མི་རིགས་ས་ཁུལ་ལ་སྔར་ལས་གུ་ཡངས་པོ་དང་མི་རིགས་ཀྱི་རིག་གནས་གྲུབ་ཆ་མང་པོ་བསྡུ་ལེན་བྱེད་པར་རེ་བ་ཡོད་ཅེས་བཤད་འདུག  

༼རྩྭ་ཐང་བུ་མོའི་སློབ་གྲྭ་བཙུགས་པའི་དུས་འགོ།༽

༼གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ༽

    ༧ 《ལྷོ་ཕྱོགས་གྲོང་ཁྱེར་ཚགས་པར།  》སྤྱི་ལོ2012ལོའི་ཟླ12ཚེས10ཉིན་གྱི་《ལྷོ་ཕྱོགས་གྲོང་ཁྱེར་ཚགས་པར་》སྟེང་བཀོད་དོན།  འཇིགས་མེད་རྒྱལ་མཚན་ཁོང་གི་སྐྱེ་ཁུངས་དབུལ་ཕོངས་ཡིན་ཡང་དབུལ་ཕོངས་ལས་བསྒྱུར་རྒྱུ་ཕུགས་འདུན་ལ་འཁྲུངས་ཏེ།  ཁོང་གིས་ཐུགས་སྟོབས་ཆེར་སྐྱེད་ཀྱིས་མཛད་པ་ཕྲིན་ལས་རྒྱུན་མི་ཆད་པར་བསྐྱངས་པས།  སློབ་གསོ་བ་དང་།  དགེ་ལས་པ།  སྒྱུར་བཅོས་པ།  ལྷན་ཚོགས་འགོ་གཙོ་སོགས་ནི་ཁོང་གི་སྟེང་དུ་མིང་དོན་མཚུངས་པ་ཞིག་ཡིན།  འོན་ཀྱང་ཁོང་གི་མི་ཚེ་ལྟ་བ་ནི་ཐོག་མཐའ་བར་གསུམ་དུ་ཁ་ནང་དུ་ཕྱོགས་ཏེ། རྒྱུད་ལ་སྙིང་རྗེ་དང་ཤེས་རབ་ལྡན་ཞིང་གཞན་ཕན་ལྷག་བསམ་ཆེ་ལ།  ཁོང་གིས་དགེ་འདུན་པའི་ཉམས་ལེན་ལྟར་དལ་འབྱོར་གྱི་མི་ཚེ་ལ་སྙིང་བོ་ལེན་བཞིན་བཞུགས།  

    ༨  ཧྥུན་ཧུང་འཁོར་སྐར་凤凰卫视འཕྲིན་ལམ།  ༼སྤྱི་ཕན་ཀྲུང་གོ公益中国༽་ཞེས་པའི་ལེ་ཚན་ནང་བཤད་རྒྱུར།  འཇིགས་མེད་རྒྱལ་མཚན་སློབ་གྲྭས་བོད་ཁུལ་གྱི་ན་གཞོན་མང་པོར་ལས་སླ་བོ་མིན་པའི་སློབ་སྦྱོང་གི་གོ་སྐབས་སྦྱིན་ཞིང་།  ད་དུང་ཁོ་ཚོའི་མ་འོངས་པར་དེ་ལས་མང་པོའི་བདམ་གསེས་བྱེད་ཆོག་པ་འདོན་སྤྲོད་བྱས་ཡོད།  

༼ཁེ་ལས་ལ་ཐོབ་པའི་བྱ་དགའི་གཟེངས་རྟགས།༽

    ༩  ༼ཀྲུང་དབྱང་བརྙན་འཕྲིན་ཁང་འཕྲིན་ལམ་བདུན་པའི་༽《གཏམ་རྒྱུད་རྙིང་བའི་འཕྲིན་ལམ་老故事频道》གྱི་《ཡིད་རྟོན་ཀྲུང་གོ་信用中国》༽ཞེས་པའི་ལེ་ཚན་ནང་དུ་ཁ་བྱང་ལ་༼ཚོང་ལས་གཉེར་ནས་སློབ་གྲྭ་བསྒྲུབས་པ་སྟེ། རྣམ་དཔྱོད་དང་ཤེས་རབ་ཀྱིས་མཐོ་སྒང་གི་ས་གཞི་སྐྱོང་༽ཞེས་པའི་ལེ་ཚན་ནང་བཤད་རྒྱུར།

འོ་མ་དང་སློབ་གསོ་ནི་གནས་འདིའི་རིན་པོ་ཆེ་ཡིན་ལ།  ནོར་ནག་གི་སྤྲི་ཆར་ལས་ཐོབ་པའི་ཁེ་སྤོགས་ནི་གནས་འདིའི་སློབ་མའི་སློབ་ཡོན་ཡིན་ཞིང་། སློབ་བུ་དག་ལ་ཤེས་བྱ་ཐོབ་པའི་རེ་བའང་ཡིན།  རླབས་ཆེན་གྱི་ལས་དོན་འདིའི་རྒྱབ་ལྗོངས་ན་འཇིགས་མེད་རྒྱལ་མཚན་གྱི་རེ་བ་དང་སྙིང་སྟོབས་འདུས་ཡོད་ཅིང་།  རྣམ་དཔྱོད་དང་ཤེས་རབ་ཀྱིས་མི་དམངས་དང་ས་གཞི་འདིའི་འབྱུང་འགྱུར་གྱི་ལས་དབང་བསྒྱུར་བའང་མཚོན་ཡོད་ལ། འདི་ནི་ཚོང་རྟགས་གྲགས་ཅན་གྱི་བསམ་བློ་དང་དད་སེམས་ཡིན།  

    ༡༠  ༼ཟི་ལིང་བརྙན་འཕྲིན་ཁང་༽གིས་གནས་ཚུལ་སྤེལ་བའི་ནང་བཤད་རྒྱུར།  འཇིགས་མེད་རྒྱལ་མཚན་མི་རིགས་ལས་རིགས་སློབ་གྲྭས་སྤོབས་པ་ཆེན་པོས་འདི་ལྟ་བུའི་ནང་བསྟན་གྱི་ཆོས་གྲྭའི་རྩོད་པའི་སློབ་གཉེར་བྱེད་སྟངས་བཙུགས་ནས་རྣམ་པ་གསར་བའི་སློབ་ཁྲིད་མ་དཔེ་གསར་འཛུགས་བྱས་ཤིང་།  འདི་ལས་མངོན་སུམ་གྱིས་ཕན་ཐོགས་པའི་སློབ་མ་རྣམས་ཀྱིས་ལོ་དྲུག་གི་སློབ་སྦྱོང་བརྒྱུད་རྗེས་དཔྱད་རྩོམ་སོགས་འབྲི་ཐུབ་ལ།  ནམ་ཞིག་ཏུ་ང་ཚོའི་གྲོང་ཁྱེར་ནང་གི་སློབ་གྲྭ་ལའང་འདི་ལྟ་བུའི་རང་དབང་གི་སློབ་ཁྲིད་བྱེད་ཐབས་ཁྱབ་གདལ་དུ་གཏོང་ཐུབ་པའི་རེ་བ་ཡོད་ལ།  སློབ་བུ་རྣམས་ཀྱིས་སློབ་སྦྱོང་གི་གོ་རིམ་ཁྲོད་བསམ་བློ་མང་ཙམ་གཏོང་བ་དང་གོ་བ་མང་ཙམ་ལེན་དུ་འཇུག་དགོས་ཞེས་བཀོད་ཡོད།  

༼བརྙན་འཕྲིན་ཁང་སོ་སོའི་བཅར་འདྲི། ༽

༼པེ་ཅིང་དང་ཧྲང་ཧེ། ཧུའུ་ནན་སོགས་སུ་སློབ་གཉེར་བྱེད་བཞིན་པའི་མཐར་ཕྱིན་སློབ་མར་ལྟ་བར་ཕྱིན་པ།༽

གསལ་བཤད།   བོད་ཀྱི་སློབ་གསོ་བ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གི་མཛད་རྣམ་འཛམ་གླིང་གི་ཆེས་ཤུགས་རྐྱེན་ཆེ་བའི་དུས་རབས་ཀྱི་ཀྲུང་གོ་བའི་དྲ་བར་བཀོད་པ་བཞིན་བསྒྱུར་བ་ཡིན།
ཡིག་སྒྱུར་བ།  དྲ་བའི་གསར་འགོད་པ་ཉི་མ་རྒྱལ་མཚན།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ།
རྩོམ་སྒྲིག་པ། འབའ་སྣང་གྲོལ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 12 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། mjbp བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  འཇིགས་མེད་རྒྱལ་མཚན་མཆོག་༼འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པའི་དུས་རབས་ཀྱི་ཀྲུང་གོ་བའི་དྲ་བར་༽བཀོད།   སྤེལ་མཁན།: གཡུ་ཨ་གར། སྤེལ་དུས:2022/9/20
མཛད་འཕྲིན་མཁའ་མཐར་ཁྱབ་པར་ཤོག
  འཇིགས་མེད་རྒྱལ་མཚན་མཆོག་༼འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པའི་དུས་རབས་ཀྱི་ཀྲུང་གོ་བའི་དྲ་བར་༽བཀོད།   སྤེལ་མཁན།: གཡུ་ཨ་གར། སྤེལ་དུས:2022/9/20
མཛད་འཕྲིན་མཁའ་མཐར་ཁྱབ་པར་ཤོག
  འཇིགས་མེད་རྒྱལ་མཚན་མཆོག་༼འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པའི་དུས་རབས་ཀྱི་ཀྲུང་གོ་བའི་དྲ་བར་༽བཀོད།   སྤེལ་མཁན།: གཡུ་ཨ་གར། སྤེལ་དུས:2022/9/20
མཛད་འཕྲིན་མཁའ་མཐར་ཁྱབ་པར་ཤོག
  འཇིགས་མེད་རྒྱལ་མཚན་མཆོག་༼འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པའི་དུས་རབས་ཀྱི་ཀྲུང་གོ་བའི་དྲ་བར་༽བཀོད།   སྤེལ་མཁན།: གཡུ་ཨ་གར། སྤེལ་དུས:2022/9/20
མཛད་འཕྲིན་མཁའ་མཐར་ཁྱབ་པར་ཤོག
  འཇིགས་མེད་རྒྱལ་མཚན་མཆོག་༼འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པའི་དུས་རབས་ཀྱི་ཀྲུང་གོ་བའི་དྲ་བར་༽བཀོད།   སྤེལ་མཁན།: གཡུ་ཨ་གར། སྤེལ་དུས:2022/9/20
མཛད་འཕྲིན་མཁའ་མཐར་ཁྱབ་པར་ཤོག
  འཇིགས་མེད་རྒྱལ་མཚན་མཆོག་༼འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པའི་དུས་རབས་ཀྱི་ཀྲུང་གོ་བའི་དྲ་བར་༽བཀོད།   སྤེལ་མཁན།: གཡུ་ཨ་གར། སྤེལ་དུས:2022/9/20
མཛད་འཕྲིན་མཁའ་མཐར་ཁྱབ་པར་ཤོག
  འཇིགས་མེད་རྒྱལ་མཚན་མཆོག་༼འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པའི་དུས་རབས་ཀྱི་ཀྲུང་གོ་བའི་དྲ་བར་༽བཀོད།   སྤེལ་མཁན།: གཡུ་ཨ་གར། སྤེལ་དུས:2022/9/20
མཛད་འཕྲིན་མཁའ་མཐར་ཁྱབ་པར་ཤོག
  འཇིགས་མེད་རྒྱལ་མཚན་མཆོག་༼འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པའི་དུས་རབས་ཀྱི་ཀྲུང་གོ་བའི་དྲ་བར་༽བཀོད།   སྤེལ་མཁན།: མིག སྤེལ་དུས:2022/9/19
ཉིད་ཀྱི་ཕྱག་ལས་ལ་ཡུ་རང་དང་དད་གུས་ཡོད།
  འཇིགས་མེད་རྒྱལ་མཚན་མཆོག་༼འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པའི་དུས་རབས་ཀྱི་ཀྲུང་གོ་བའི་དྲ་བར་༽བཀོད།   སྤེལ་མཁན།: སྐྱུར་ཁུ། སྤེལ་དུས:2022/9/18
ཁྱེད་ནི་མི་རིགས་ཤིག་གི་དཔའ་སྤོབས་དང་ཆོས་ལུགས་ཤིག་གི་གཟི་བརྗིད་ཡིན་ལ།རྒྱལ་ཁབ་ཅིག་གི་མིག་དཔེ་ཡིན།ཁྱེད་ཡོད་པས་ནམ་མཁར་སྒྲེངས་ཆོག་པའི་ང་རྒྱལ་ཡང་ཡོད་འོས།
  འཇིགས་མེད་རྒྱལ་མཚན་མཆོག་༼འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པའི་དུས་རབས་ཀྱི་ཀྲུང་གོ་བའི་དྲ་བར་༽བཀོད།   སྤེལ་མཁན།: སྐྱུར་ཁུ། སྤེལ་དུས།2022/9/18 སྤེལ་དུས:2022/9/18
ཁྱེད་ནི་མི་རིགས་ཤིག་གི་དཔའ་སྤོབས་དང་ཆོས་ལུགས་ཤིག་གི་གཟི་བརྗིད་ཡིན་ལ།རྒྱལ་ཁབ་ཅིག་གི་མིག་དཔེ་ཡིན།ཁྱེད་ཡོད་པས་ནམ་མཁར་སྒྲེངས་ཆོག་པའི་ང་རྒྱལ་ཡང་ཡོད་འོས།
  པར་ངོས1/2 པར་ཡོད།  འོག་མ།  པར་ངོས་ཐ་མ།
ལྟ་ཀློག་གྲངས་ཀ
13459792
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:516617821
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།