རྨ་ལྷོ་སོག་རྫོང་གི་མཐར་ཕྱིན་སློབ་གྲོགས་མཉམ་འཛོམས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2022 ལོའི་ཟླ 9 ཚེས 25 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སྤྱི་ཚོགས་དང་སློབ་གླིང་། »རྨ་ལྷོ་སོག་རྫོང་གི་མཐར་ཕྱིན་སློབ་གྲོགས་མཉམ་འཛོམས།
རྨ་ལྷོ་སོག་རྫོང་གི་མཐར་ཕྱིན་སློབ་གྲོགས་མཉམ་འཛོམས།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-08-28ལྟ་ཀློག (3332)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

  རྨ་ལྷོ་སོག་རྫོང་མཐར་ཕྱིན་སློབ་གྲོགས་མཉམ་འཛོམས

     སྤྱི་ལོ་ཉིས་སྟོང་ཉེར་གཉིས་ལོའི་བོད་ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་སོ་སོའི་རྨ་ལྷོ་སོག་རྫོང་གི་མཐར་ཕྱིན་སློབ་མའི་ལྷན་འཛོམས་སྐབས་གཉིས་པ་གཟབ་རྒྱས་ངང་འཚོགས་ཤིང་། ཐེངས་འདིར་རྒན་གཙུག་ཕུད་གཙོས་སློབ་གྲོགས་ཚང་མས་གྲོས་མོལ་ལྷུག་པོར་བགྱིས་ཏེ་མ་འོངས་པའི་རང་ས་གནས་ཀྱི་ཕ་སྐད་མ་ཡིག་དང་སློབ་གསོ་གོང་འཕེལ་ཡར་རྒྱས་སོགས་ཀྱི་ཐད་དུ་རྩ་འཛུགས་མི་སྣ་གདམས།  དེ་ཡང་མང་མོས་ཀྱིས་ལམ་ནས་སྤྱིའི་ལྟ་སྐྱོང་བ་ཚོགས་གཙོ་གཅིག་དང་།  ཚོགས་གཞོན་གཉིས་སློབ་གསོའི་ཕྱོགས་ལ་མི་སྣ་གཉིས།  དཔལ་འབྱོར་ཐད་ཀྱི་མི་སྣ་གཉིས་དྲུང་ཡིག་པ་དང་རྩིས་གཉེར་བ་བཅས་ཁྱོན་མི་སྣ་དགུས་གྲུབ་པའི་ཚོགས་ཆུང་ཞིག་བཙུགས་ཤིང་ད་དུང་སྐབས་སོ་སོའི་མཐུས་ཚབ་མི་སྣ་བཅུ་བདུན་གདམས་ཏེ་མཇུག་བདེ་ལེགས་ངང་གྲོལ།  


ལྷན་འཛོམས་སྐབས་དང་བོ།


ལྷན་འཛོམས་སྐབས་གཉིས་པ། 

 

 ལས་འཛིན་གྲོས་ཚོགས། 

རྨ་ལྷོ་སོག་རྫོང་ཐོན་མིའི་སློབ་ཚོགས་ཀྱི་ཚོགས་པའི་སྒྲིག་ཡིག

གཅིག      ༡ རང་རས་ཚོགས་མི་རེ་རེས་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་འདས་མ་ད་གསུམ་ལ་བསམ་བློ་གཏོང་བ་དང་དུས་ནམ་ཡང་རང་གི་ནུས་པ་འདོན་པར་གྲ་སྒྲིག་བྱེད་དགོས།

༢  རང་རང་གི་ས་གནས་སློབ་གསོ་དར་སྤེལ་དང་སྐུལ་འདེད།  སྤྱི་ཚོགས་ཀྱི་དགོས་མཁོ་སྒྲུབ་པའི་འཇོན་མི་ནུས་ལྡན་རེ་བྱེད་དགོས།   


གཉིས   ང་ཚོའི་ཚོགས་པས་རྒྱལ་ཁབ་གྱི་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་དང་སྤྱི་ཚོགས་ཀྱི་གནད་དོན་ལ་དབྱེ་ཞིབ་བྱས་ནས་ངེས་པར་ཐག་གཅོད་དགོས་པའི་གནད་དོན་རེ་གཞིར་བཟུང་ནས་བྱ་བ་བྱེད་རྒྱུ་དང་རང་ཉིད་འཕེལ་རྒྱས་སུ་གཏོང་ཐུབ་པའི་ཁེ་ལས་དང་ཚོང་ལས།   མི་བཟང་དོན་བཟང་སྒྲུབ་པ་ལ་འབད་དགོས།

གསུམ   མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་སློབ་གྲྭའི་མཚན་སྙན་དང་ཐོན་མིའི་སློབ་གསོའི་མཚན་སྙན།   རང་ཚོགས་པའི་མཚན་སྙན་བཅས་ལ་གནོད་པའི་བྱ་བ་གཏན་ནས་སྒྲུབ་མི་ཆོག

བཞི    ང་ཚོའི་ཚོགས་པས་བྱ་བ་གང་དང་གང་སྒྲུབ་ནའང་ཚོགས་པའི་གྲོས་འཚོགས་ཁང་གིས་གྲོས་བསྡུར་བྱས་ནས་ཚོགས་མི་ཡོངས་ལ་ཁྱབ་བསྒྲགས་བྱས་ཐག་གཅོད་བྱེད་པ་མ་གཏོགས་རང་བསམ་གྱིས་ཐག་གཅོད་བྱེད་མི་ཆོག    

ལྔ   ཚོགས་མི་རེ་རེའི་མི་ནུས་སྔོག་འདོན་བྱས་ནས་བྱ་བ་འདི་དང་འདི་སྒྲུབ་ན་བཟང་པའི་ཡར་ཞུ་བྱས་ན།   གྲོས་ཚོགས་ཁང་གིས་དམིགས་བསལ་གྱི་ཚོགས་འདུ་འཚོགས་ནས་གྲོས་བྱེད་པ་དང་བྱ་བ་གལ་ཆེན་གྱི་རིགས་ཚོགས་ཆེན་ལ་ཁྱབ་སྒྲགས་བྱེད་དགོས།   

 རྨ་ལྷོ་སོག་རྫོང་ཐོན་མིའི་སློབ་ཚོགས་གྲོས་འཚོགས་ཁང་ནས།
                         ༢༠༢༢ལོའི་ཟླ་༧ཚེས་༢༥ ལ།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ།
རྩོམ་སྒྲིག་པ། འབའ་སྣང་གྲོལ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། tqiw བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
13459742
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:516617821
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།