ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་བསྡུས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2022 ལོའི་ཟླ 9 ཚེས 25 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་བསྡུས།
ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་བསྡུས།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-08-09ལྟ་ཀློག (5567)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཞི་ཅིན་ཕིང་གིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་སྟེང་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་བུ་མོས་མཐུན་སྒྲིལ་འབད་འཐབ་བྱེད་པར་ཡར་སྐུལ་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཆེད་དུ་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས་ཞེས་ནན་གྱིས་བསྟན།


ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་ཟླ་བདུན་པའི་ཚེས་ཉེར་དགུ་ཉིན་ནས་ཚེས་སུམ་ཅུ་ཉིན་བར་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། ད་ལོ་ནི་ང་ཚོའི་ཏང་གིས་འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་ཇུས་གསལ་བོར་བཏོན་ནས་ལོ་བརྒྱ་འཁོར་བའི་ལོ་ཡིན། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གོང་དུ་སྤེལ་བའི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་ལོ་རྒྱུས་ཁ་ཕྱོགས་ཡང་དག་པར་ཁོང་དུ་ཆུད་པར་བྱེད་དགོས། དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་གཞི་རྩའི་ལས་འགན་ནི། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གྱི་གཅིག་གྱུར་རྒྱུན་འཁྱོངས་བྱེད་པ། དཀྱིལ་སྙིང་ལ་དམིགས་པ་དང་ཆེ་ཕྱོགས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། བབ་བསྟུན་མདུན་སྐྱོད་དང་དག་སྲུང་གསར་གཏོད་རྒྱུན་འཁྱོངས་བྱས་ནས། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་། མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྡུད་ཀྱི་ཆབ་སྲིད་ནུས་པ་འདོན་པ། སྲིད་ཏང་གི་འབྲེལ་བ་དང་མི་རིགས་ཀྱི་འབྲེལ་བ། ཆོས་ལུགས་ཀྱི་འབྲེལ་བ། རིམ་གྲས་ཀྱི་འབྲེལ་བ། རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླའི་འབྲེལ་བ་བཅས་འཆམ་མཐུན་ཡོང་བར་ཡར་སྐུལ་བྱེད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་བུ་མོས་མཐུན་སྒྲིལ་འབད་འཐབ་བྱེད་པར་ཡར་སྐུལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཆེད་དུ་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་རྒྱུ་དེ་ཡིན།

ཟླ7པའི་ཚེས29ཉིན་ནས30ཉིན་བར། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།ལིས་ཁི་ཆང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད། ལིས་ཀྲན་ཧྲུའུ་དང་ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་བཅས་གྲོས་ཚོགས་ལ་ཞུགས། ཝང་དབྱང་གིས་སྤྱི་སྡོམ་གཏམ་བཤད་གནང་།ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བསྟན་དོན། འཐབ་ཕྱོགས་གཅིག་གྱུར་ནི་ཏང་གི་སྤྱིའི་ལམ་ཕྱོགས་དང་སྤྱིའི་སྲིད་ཇུས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། རང་རྒྱལ་གྱི་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བར་ནུས་པ་གལ་ཆེན་བཏོན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཏང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་སྟེང་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་གཅིག་གྱུར་འཆར་འགོད་བྱས་ཏེ། རྒྱལ་སྐྱོང་སྲིད་འཛིན་གྱི་འཐབ་ཇུས་མཐོ་ཚད་ནས་འཐབ་ཕྱོགས་གཅིག་གྱུར་བྱ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། འཐབ་ཕྱོགས་གཅིག་གྱུར་བྱ་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་བས། འཐབ་ཕྱོགས་གཅིག་གྱུར་ལ་མཐུན་སྒྲིལ་དང་ཡར་བརྩོན། གསར་སྤེལ། གསོན་ཉམས་ལྡན་པ་བཅས་ཀྱི་རྣམ་པ་བཟང་པོ་བྱུང་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ང་ཚོས་ལག་ལེན་གྱི་ཁྲོད་ནས་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བ་བཟང་པོར་སྒྲུབ་པའི་བསམ་བློ་གལ་ཆེན་གྲུབ་པར་བྱས་པ་དང་། འཐབ་ཕྱོགས་གཅིག་གྱུར་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པར་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་རབ་དང་རིམ་པ་བཏོན་ཡོད་དེ། གཙོ་བོ་ནི་ངེས་པར་དུ་འཐབ་ཕྱོགས་གཅིག་གྱུར་གྱི་མཆོག་གྱུར་ནུས་པ་གལ་ཆེན་ལེགས་པར་འདོན་རྒྱུ་དང་། ངེས་པར་དུ་མི་སེམས་དང་སྟོབས་ཤུགས་ཀྱི་གནད་དོན་ཐག་གཅོད་བཟང་པོ་བྱེད་རྒྱུ། ངེས་པར་དུ་གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གྱི་འབྲེལ་བ་ཡང་དག་པར་ཐག་གཅོད་རྒྱུ། ངེས་པར་དུ་ཀྲུང་གོའི་སྲིད་ཏང་ལམ་ལུགས་གསར་པ་རྒྱུན་འཁྱོངས་བཟང་པོ་དང་གོང་སྤེལ་བཟང་པོ། འཐུས་ཚང་བཟང་པོ་གཏོང་རྒྱུ། ངེས་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྲུན་པ་དེ་ཏང་གི་མི་རིགས་བྱ་བའི་གཙོ་སྙིང་དུ་འཛིན་རྒྱུ། ངེས་པར་དུ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་རྒྱུ། ངེས་པར་དུ་ཏང་ཕྱིའི་ཤེས་ལྡན་མི་སྣ་དང་སྤྱི་ཚོགས་རིམ་གྲས་གསར་པའི་མི་སྣའི་འཐབ་ཕྱོགས་གཅིག་གྱུར་བྱ་བ་བཟང་པོར་སྒྲུབ་རྒྱུ། ངེས་པར་དུ་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་བདེ་ཐང་ངང་གོང་དུ་སྤེལ་བ་དང་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་མི་སྣ་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཡར་སྐུལ་བྱེད་རྒྱུ། ངེས་པར་དུ་ཞང་ཀང་དང་ཨོ་མིན། ཐའེ་ཝན་བཅས་དང་རྒྱལ་ཕྱིའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་མི་སེམས་སྡུད་འགུག་གི་ནུས་པ་འདོན་རྒྱུ། ངེས་པར་དུ་ཏང་ཕྱིའི་འཐུས་ཚབ་མི་སྣའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ། ངེས་པར་དུ་འཐབ་ཕྱོགས་གཅིག་གྱུར་བྱ་བ་བཟང་པོར་སྒྲུབ་པའི་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་རྒྱུ། ངེས་པར་དུ་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་རྒྱུ་བཅས་ཡིན། དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བ་བཟང་པོར་སྒྲུབ་པའི་སྐོར་གྱི་བསམ་བློ་གལ་ཆེན་ནི། ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལོ་བརྒྱའི་འཕེལ་རྒྱས་ལོ་རྒྱུས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་ཡིན་ལ། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་རྩ་བའི་ཕྱོགས་སྟོན་ཡིན་པས། ཏང་ཡོངས་ཀྱིས་ངེས་པར་དུ་ཆ་ཚང་ཞིང་ཡང་དག་ལ། ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས།


ཞི་ཅིན་ཕིང་གིས་བསྟན་དོན། འཐབ་ཕྱོགས་གཅིག་གྱུར་ནི་ཏང་དགྲ་ལས་རྣམ་པར་རྒྱལ་བ་དང་སྲིད་སྐྱོང་རྒྱལ་དར་གྱི་མཆོག་གྱུར་ཐབས་ཤེས་གལ་ཆེན་ཡིན་ལ། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་བུ་མོར་མཐུན་སྒྲིལ་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་མཆོག་གྱུར་ཐབས་ཤེས་གལ་ཆེན་ཡིན་པས། ངེས་པར་དུ་ཡུན་རིང་པོར་རྒྱུན་འཁྱོངས་བྱེད་དགོས། མི་སེམས་ཀྱི་འཁོར་ཕྱོགས་དང་སྟོབས་ཤུགས་ཀྱི་བསྡུར་བ་ནི་ཏང་དང་མི་དམངས་ཀྱི་ལས་དོན་གྱི་རྒྱལ་ཕམ་ཐག་གཅོད་པའི་གནད་འགག་ཡིན་ལ། ཆེས་ཆེ་བའི་ཆབ་སྲིད་ཡིན། འཐབ་ཕྱོགས་གཅིག་གྱུར་བྱ་བའི་ངོ་བོའི་བླང་བྱ་ནི་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་ཡིན་ལ། དེས་ཐག་གཅོད་རྒྱུ་ནི་མི་སེམས་དང་སྟོབས་ཤུགས་ཀྱི་གནད་དོན་ཡིན་པས། གནད་འགག་ནི་མཐུན་པ་ཡོང་ཐབས་དང་ཁྱད་པར་སོར་གནས་ཀྱིས་མཐུན་སྒྲིལ་ནས་སྐྱོན་བརྗོད་དང་དེ་ནས་མཐུན་སྒྲིལ་བར་གྱི་ཕུལ་བྱུང་གོམས་སྲོལ་དར་སྤེལ་བྱས་ཏེ། སྣ་མང་རང་བཞིན་ལ་བརྩི་བཀུར་བྱེད་པའི་ཁྲོད་དུ་གཅིག་མཐུན་རང་བཞིན་བཙལ་ནས། སྤྱི་མཐུན་གྱི་ཆ་ཆེས་ཆེ་ཤོས་འཚོལ་བ་དང་སེམས་མཐུན་གྱི་ཆ་ཆེས་ཆེན་པོ་སྙེག་དགོས། འཐབ་ཕྱོགས་གཅིག་གྱུར་ནི་ཏང་གིས་མགོ་ཁྲིད་པའི་འཐབ་ཕྱོགས་གཅིག་གྱུར་ཡིན་པས། ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་ལ་ཁག་ཐེག་བྱེད་དགོས། འཐབ་ཕྱོགས་གཅིག་གྱུར་ནི་ཏང་ཡོངས་ཀྱི་བྱ་བ་ཡིན་པས། ངེས་པར་དུ་ཏང་ཡོངས་ཀྱིས་དེར་མཐོང་ཆེན་བྱེད་པ་དང་། དེ་ཚང་མས་མཉམ་དུ་སྒྲུབ་ནས། ཏང་ཨུས་གཅིག་གྱུར་གྱིས་མགོ་ཁྲིད་བྱེད་པ་དང་། འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གིས་སྣེ་ཁྲིད་མཐུན་སྦྱོར་བྱེད་པ། འབྲེལ་ཡོད་ཕྱོགས་ཀྱིས་རང་འགན་རང་ཁུར་བྱེད་པའི་འཐབ་ཕྱོགས་གཅིག་གྱུར་ཆེན་མོའི་བྱ་བའི་རྣམ་པ་བསྐྲུན་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལྟ་འཐབ་ཕྱོགས་གཅིག་གྱུར་གྱི་དུས་བབ་དང་། དེས་ཁུར་དུ་བླངས་པའི་འགན་འཁྲི་དང་ལས་འགན་ལ་འགྱུར་ལྡོག་ཆེན་པོ་འགའ་ཞིག་བྱུང་ཡོད། འཛམ་གླིང་སྟེང་ལོ་བརྒྱར་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མྱུར་དུ་ཚབས་ཆེར་འགྲོ་བཞིན་པས། འཐབ་ཕྱོགས་གཅིག་གྱུར་གྱིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་གི་ནུས་པ་སྔར་ལས་གལ་ཆེན་དུ་གྱུར་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཐད་དུ། འཐབ་ཕྱོགས་གཅིག་གྱུར་གྱིས་དཀྱིལ་སྙིང་ལ་དམིགས་པ་དང་ཆེ་ཕྱོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་སྔར་ལས་གལ་ཆེན་དུ་གྱུར་ཡོད། རང་རྒྱལ་གྱི་སྤྱི་ཚོགས་ཀྱི་གྲུབ་ཚུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་བས། འཐབ་ཕྱོགས་གཅིག་གྱུར་གྱིས་ཏང་གི་རིམ་གྲས་རྨང་གཞི་ཇེ་དྲག་ཏུ་གཏོང་བ་དང་ཏང་གི་མང་ཚོགས་རྨང་གཞི་རྒྱ་བསྐྱེད་པའི་ནུས་པ་སྔར་ལས་གལ་ཆེན་དུ་གྱུར་ཡོད། ང་ཚོས་དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་དར་རྒྱས་གོང་འཕེལ་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱས་ཏེ། འགན་འཁྲིའི་འདུ་ཤེས་དང་ལས་འགན་གྱི་འདུ་ཤེས་མཐོན་པོ་བཅངས་ནས་བྱ་བ་བཟང་པོར་སྒྲུབ་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། འཐབ་ཕྱོགས་གཅིག་གྱུར་ནི་མཐུན་སྒྲིལ་གྱི་ཆེད་དུ་བྱུང་བ་དང་མཐུན་སྒྲིལ་ལ་བརྟེན་ནས་དར་བ་ཡིན། ཀྲུང་ཧྭའི་བུ་བུ་མོའི་མཐུན་སྒྲིལ་ལ་ཡར་སྐུལ་བྱེད་པ་ནི། དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་ལོ་རྒྱུས་ཀྱི་ལས་འགན་ཡིན། བྱ་བ་འདི་བཟང་པོར་སྒྲུབ་ན། མཐུན་ཆ་བརྟན་སྲུང་བྱེད་པ་དང་ཐུན་མོང་གི་ལྟ་བ་རྒྱ་བསྐྱེད་པའི་འབྲེལ་བ་སྟངས་འཛིན་བཟང་པོ་བྱས་ཏེ། ཐུན་མོང་གི་ལྟ་བ་རྒྱུན་མ་ཆད་པར་རྒྱ་བསྐྱེད་ནས། ཏང་ཁག་མི་འདྲ་བ་དང་མི་རིགས་མི་འདྲ་བ། རིམ་གྲས་མི་འདྲ་བ། ཚོགས་པ་མི་འདྲ་བ། དད་མོས་མི་འདྲ་བ། སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བའི་འོག་ཏུ་འཚོ་བ་རོལ་བ་བཅས་ཀྱི་ཀྲུང་ཧྭའི་བུ་བུ་མོ་ཡོངས་རྫོགས་དངོས་སུ་མཐུན་སྒྲིལ་བྱེད་དུ་འཇུག་དགོས། མངོན་མེད་གྲུབ་འབྲས་དང་མངོན་སུམ་གྲུབ་འབྲས་ཀྱི་འབྲེལ་བ་སྟངས་འཛིན་བཟང་པོ་བྱས་ཏེ། སྲིད་འབྲས་ཀྱི་ལྟ་བ་ཡང་དག་རྒྱུན་འཁྱོངས་བྱས་ནས། ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་བརྟན་བརླིང་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས། རྩ་དོན་རང་བཞིན་དང་སྟབས་བསྟུན་རང་བཞིན་གྱི་འབྲེལ་བ་སྟངས་འཛིན་བཟང་པོ་བྱས་ཏེ། བྱེད་ཕྱོགས་སྲིད་ཇུས་ཀྱི་རྩ་དོན་རང་བཞིན་དང་ཁ་གཏད་བྱེད་ཐབས་ཀྱི་སྟབས་བསྟུན་རང་བཞིན་ཟུང་སྦྲེལ་བྱེད་མཁས་པར་བྱས་ནས། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པར་བྱེད་པ་དང་ཆབ་སྲིད་ཀྱི་མཐའ་ཚད་བརྟན་སྲུང་བྱེད་དགོས་པར་མ་ཟད། བྱེ་བྲག་གི་གནད་དོན་ལ་བྱེ་བྲག་གིས་དབྱེ་ཞིབ་བྱས་ཏེ། བྱ་བའི་ཐབས་ཤེས་དང་བྱེད་ཐབས་གཙིགས་སུ་འཛིན་དགོས། མཐུན་སྒྲིལ་དང་འཐབ་རྩོད་ཀྱི་འབྲེལ་བ་སྟངས་འཛིན་བཟང་པོ་བྱས་ཏེ། འཐབ་རྩོད་བྱེད་མཁས་པར་བྱེད་པ་དང་འཐབ་རྩོད་ཀྱི་ནུས་ཤུགས་ཇེ་དྲག་ཏུ་བཏང་ནས། ཧུར་ཐག་གིས་གཞོམ་ཞིག་བྲལ་བའི་མཐུན་སྒྲིལ་ངོ་མ་གྲུབ་པར་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་དུས་རྟག་ཏུ་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་འཐབ་ཕྱོགས་གཅིག་གྱུར་བྱ་བར་ཧ་ཅང་མཐོང་ཆེན་བྱས་ཏེ། སྔ་གཞུག་ཏུ་འབྲེལ་ཡོད་ཁྲིམས་སྲོལ་ཡིག་ཆ་གལ་ཆེན་ཁྱབ་བསྒྲགས་བྱས་ལ། ཀྲུང་དབྱང་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་དང་ཀྲུང་དབྱང་ཞིན་ཅང་བྱ་བའི་བཞུགས་མོལ་ཚོགས་འདུ། ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས། རྒྱལ་ཡོངས་ཆོས་ལུགས་བྱ་བའི་གྲོས་ཚོགས་སོགས་ཚོགས་འདུ་གལ་ཆེན་བསྡུས་ནས། དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བ་དང་ཆོས་ལུགས་བྱ་བ་བཟང་པོར་སྒྲུབ་པར་བླང་བྱ་གསལ་བོ་བཏོན་ཡོད་པ་དང་བཀོད་སྒྲིག་ཆ་ཚང་བྱས་ཡོད་པས། དེ་དོན་འཁྱོལ་བཟང་པོ་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། དུས་རབས་གསར་པའི་ཏང་མང་མཉམ་ལས་སྔར་ལས་ཚད་ལྡན་ཡིན་ཞིང་གོ་རིམ་ལྡན་ལ། སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་པར་སྐུལ་འདེད་གཏོང་དགོས། ཏང་ཕྱིའི་ཤེས་ལྡན་མི་སྣ་དང་སྤྱི་ཚོགས་རིམ་གྲས་གསར་པའི་མི་སྣའི་འཐབ་ཕྱོགས་གཅིག་གྱུར་བྱ་བར་ཤུགས་བསྣན་ནས། ཐུན་མོང་གི་ལྟ་བ་གཅིག་སྡུད་བྱེད་རྒྱུ་རྩ་བར་འཛིན་པ་དང་། རྒྱལ་གཅེས་འབད་འཐབ་དམིགས་འབེན་དུ་བརྩིས་ནས། ཁོ་ཚོས་རང་འགན་ལ་རྐང་བཙུགས་ཏེ་བྱ་གཞག་བསྐྲུན་པ་དང་། བཅོས་སྒྱུར་གསར་གཏོད་ལ་ཧུར་ཐག་གིས་ཞུགས་ཏེ་འཇོན་ཐང་ངོམ་པ་དང་ཕུགས་བསམ་སྙེག་པར་སྐུལ་མ་གཏོང་དགོས། སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་བདེ་ཐང་ངང་གོང་དུ་འཕེལ་བ་དང་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་མི་སྣ་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཡར་སྐུལ་བྱས་ཏེ། ཕུགས་བསམ་ཡིད་རྟོན་གྱི་སློབ་གསོ་དང་སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བའི་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས། ཁོ་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་ཁེ་ལས་པའི་སྙིང་སྟོབས་དར་སྤེལ་བྱེད་པར་རོགས་རམ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་འཛུགས་སྐྲུན་པ་ཚད་ལྡན་ཞིག་བྱེད་དུ་འཇུག་དགོས། རྒྱལ་ཕྱིའི་རྒྱལ་གཅེས་སྟོབས་ཤུགས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཀྲུང་གོར་རྒྱུས་ལོན་དང་ཀྲུང་གོར་མཛའ་མཐུན་བྱེད་པའི་སྟོབས་ཤུགས་སྐྱེད་སྲིང་བྱས་ཏེ། ཀྲུང་ཕྱིའི་རིག་གནས་དཔལ་ཡོན་གྱི་བརྗེ་རེས་སློབ་སྦྱོང་ལ་ཡར་སྐུལ་བྱེད་དགོས། དྲ་རྒྱའི་འཐབ་ཕྱོགས་གཅིག་གྱུར་བྱ་བ་བཟང་པོར་སྒྲུབ་ནས་དྲ་རྒྱའི་མང་ཚོགས་ལམ་ཕྱོགས་སུ་བཟང་པོར་བསྐྱོད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་བྱ་བར་ཤུགས་སྣོན་ན། རྩ་བ་ནི་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ཏང་ཡོངས་ཀྱི་གོང་འོག་ཚང་མ་མཉམ་དུ་འགུལ་བ་དང་འབྲེལ་ཡོད་ཕྱོགས་སོ་སོས་མཐུན་སྦྱོར་མཉམ་འབྲེལ་བྱེད་པའི་བྱ་བའི་རྣམ་པ་གྲུབ་པར་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་ལས་འགན་གཙོ་བོ་ལག་བསྟར་བྱས་ཏེ། འཐབ་ཕྱོགས་གཅིག་གྱུར་བྱ་བ་དེ་གྲོས་དོན་ཉིན་རིམ་གལ་ཆེན་དུ་འཇོག་དགོས། སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོས་འཐབ་ཕྱོགས་གཅིག་གྱུར་གྱི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། མཉམ་འཛིན་མཉམ་སྡོམ་གྱིས་མཉམ་ཤུགས་ཆེན་པོ་གྲུབ་པར་བྱེད་དགོས། འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གིས་རང་ངོས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཇུས་འདོན་དང་རྩ་འཛུགས། མཐུན་སྦྱོར། ལྟ་སྐུལ་སོགས་ཀྱི་ནུས་པ་གལ་ཆེན་འདོན་དགོས། འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པས་ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་། ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་ཇེ་ཆེར་བཏང་སྟེ། བྱ་བའི་ནུས་རྩལ་ཇེ་མཐོར་གཏོང་བ་དང་། བྱ་བའི་ཐབས་ཤེས་ལེགས་བཅོས་བྱས་ཏེ། འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་དང་འཐབ་ཕྱོགས་གཅིག་གྱུར་ལས་བྱེད་པའི་སྣང་བརྙན་བཟང་པོ་ངོམ་དགོས།

ཟླ7པའི་ཚེས29ཉིན་ནས30ཉིན་བར། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ལིས་ཁི་ཆང་དང་ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་བཅས་གྲོས་ཚོགས་ལ་ཞུགས།

ལིས་ཁི་ཆང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དེ་ཧ་ཅང་གལ་ཆེ། གསུང་བཤད་ཀྱིས་ལོ་བརྒྱའི་འཐབ་ཕྱོགས་གཅིག་གྱུར་གྱི་ལོ་རྒྱུས་རང་བཞིན་གྱི་བྱས་རྗེས་དང་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་བྱ་བར་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད་ཡོད་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཐད་བྱུང་བའི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རྒྱས་བཤད་ཆ་ཚང་མཛད་ཡོད་ལ། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ལོ་རྒྱུས་ཁ་ཕྱོགས་ལ་དབྱེ་ཞིབ་ཟབ་མོ་མཛད་ཡོད་པ་དང་། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་བྱ་བ་བཟང་པོར་སྒྲུབ་པའི་མཛུབ་སྟོན་བསམ་བློ་དང་གཞི་རྩའི་ལས་འགན། བྱ་བའི་གཙོ་གནད། སྲིད་ཇུས་བྱེད་ཐབས་བཅས་གསལ་བོར་བཏོན་ཡོད་པ་དེར། ཆབ་སྲིད་རང་བཞིན་དང་བསམ་བློ་རང་བཞིན། གཞུང་ལུགས་རང་བཞིན་ཧ་ཅང་དྲག་པོ་ལྡན་པས། དེར་སློབ་སྦྱོང་ནན་མོ་བྱེད་པ་དང་གོ་བ་ཟབ་མོ་བླངས་ཏེ། བསམ་བློ་དང་སྦྱོར་བ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱས་ནས། གཏན་ཕབ་གཉིས་ཀྱི་ཐག་ཆོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་ཐུབ་པར་བྱས་ཏེ། དོན་དངོས་དང་ཟུང་སྦྲེལ་གྱིས་ལས་འགན་སྣ་ཚོགས་ལག་བསྟར་དོན་འཁྱོལ་བྱས་ནས། རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཏུ་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།

ཝང་དབྱང་གིས་སྤྱི་སྡོམ་གཏམ་བཤད་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་གཟིགས་རྒྱ་ཆེ་ཞིང་དགོངས་པ་ཟབ་ལ། ནང་དོན་ཕུན་སུམ་ཚོགས། དེས་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པ་རྒྱས་བཤད་མཛད་པར་ལོ་རྒྱུས་ཀྱི་རྣམ་དཔྱོད་ནུས་པ་ཟབ་མོ་དང་གཞུང་ལུགས་ཀྱི་ཁྲིད་སྟོན་ནུས་པ་གལ་ཆེན། ལག་ལེན་གྱི་མཛུབ་སྟོན་ནུས་པ་ཆེན་པོ་བཅས་ལྡན་ལ། དེ་ནི་མར་ཁེ་སི་རིང་ལུགས་ཀྱི་བདེན་ལུགས་ཀྱི་འོད་སྣང་འཚེར་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཚགས་ཤིག་རེད། ཐེངས་འདིའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བཟང་པོ་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས། གཏན་ཕབ་གཉིས་ཀྱི་ཐག་ཆོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བ་བཟང་པོར་སྒྲུབ་པའི་སྐོར་གྱི་དགོངས་པ་གལ་ཆེན་ལ་ཆ་ཚང་ཞིང་ཡང་དག་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱེད་པ། དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་ལོ་རྒྱུས་ཁ་ཕྱོགས་དང་འགན་འཁྲི་གལ་ཆེན་ཁོང་དུ་བརྟན་པོར་ཆུད་པར་བྱས་ཏེ། དུས་རབས་གསར་པ་དང་བཞུད་ལམ་གསར་པའི་ཏང་གི་དཀྱིལ་སྙིང་ལས་འགན་ལ་དམིགས་ནས་སེམས་འགུག་ཤུགས་སྡུད་བྱེད་དགོས། རེ་བ་སྟོང་ཟད་དུ་མི་གཏོང་བ་དང་དངོས་འཛིན་བདེན་སྒྲུབ་ཀྱིས་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་བྱ་བ་བཟང་པོར་སྒྲུབ་པའི་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་རང་རྟོགས་བཅས་ཇེ་དྲག་ཏུ་བཏང་སྟེ། འབད་བརྩོན་ཆེན་པོས་ཞན་ཆ་གསབ་པར་ནུས་ཤུགས་འདོན་པ་དང་ཁག་ཁུར་ཕོད་པར་མིག་དཔེ་སྟོན་པ། བྱས་རྗེས་འཇོག་པར་བསམ་གཞིགས་གཏོང་བ་བཅས་བྱས་ཏེ། འཐབ་ཕྱོགས་གཅིག་གྱུར་གྱི་མཐུན་སྒྲིལ་དང་ཡར་བརྩོན། གསར་སྤེལ། གསོན་ཉམས་ལྡན་པ་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་མ་ཆད་པར་སྲ་བརྟན་དང་གོང་འཕེལ་དུ་གཏོང་དགོས། ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་མགོ་ཁྲིད་ལ་ཤུགས་བསྣན་ནས། འཐབ་ཕྱོགས་གཅིག་གྱུར་ཆེན་མོའི་བྱ་བའི་རྣམ་པ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། དོན་དངོས་དང་ཟུང་སྦྲེལ་གྱིས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ལེའུ་གསར་པ་ཧུར་ཐག་གིས་འབྲི་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན། རྒྱལ་སྲིད་ཨུ་ཡོན། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་བཅས་གྲོས་ཚོགས་ལ་ཞུགས།

ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱི་ཏང་སྲིད་འགན་ཁུར་བློ་མཐུན་གཙོ་བོ་དང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གཙོ་འགན་ཁུར་བའི་བློ་མཐུན། ཞིང་ཆེན་གཞོན་པ་རིམ་པའི་གྲོང་ཁྱེར་གྱི་ཏང་ཨུའི་འགན་ཁུར་བློ་མཐུན་གཙོ་བོ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག འབྲེལ་ཡོད་མི་དམངས་ཚོགས་པ་དང་ཀྲུང་དབྱང་དམག་ཨུ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ། ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་ལས་ཁུངས། ཁེ་ལས་དང་མཐོ་རིམ་སློབ་གྲྭ་ཁ་ཤས་ཀྱི་ཏང་ཨུ་དང་ཏང་ཙུའུ་ཡི་འགན་ཁུར་བློ་མཐུན། འབྲེལ་ཡོད་ཞིབ་འཇུག་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་སོགས་གྲོས་ཚོགས་ལ་ཞུགས། གྲོས་ཚོགས་དེ་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་རྣམ་པས་བསྡུས་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་སུ་ཡན་ལག་ཚོགས་ར་བཙུགས།


ཡོང་ཁུངས།མཚོ་སྔོན་བོད་སྐད་རྒྱང་སྒྲོག་རླུང་འཕྲིན་གྱི་འཕྲིན་སྟེགས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ།
རྩོམ་སྒྲིག་པ། འབའ་སྣང་གྲོལ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། ywo3 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
13460005
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:516617821
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།