ཞི་ཅིན་ཕིང་གིས་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་འདི་ལྟར་གསུངས་འདུག
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2022 ལོའི་ཟླ 6 ཚེས 27 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ཞི་ཅིན་ཕིང་གིས་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་འདི་ལྟར་གསུངས་འདུག
ཞི་ཅིན་ཕིང་གིས་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་འདི་ལྟར་གསུངས་འདུག
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-06-08ལྟ་ཀློག (930)རྩོམ་ཁུངས: ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།པར་འདེབ།

ཞི་ཅིན་ཕིང་གིས་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་འདི་ལྟར་གསུངས་འདུག


     རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ་5པའི་ཚེས་25ཉིན་པེ་ཅིང་དུ་བརྙན་ལམ་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་དོན་གྱི་མཐོ་རིམ་ཀྲོན་ཡོན་པ་ཆེ་ལའེ་ཐེ་དང་མཇལ་འཛོམས་གནང་བ་རེད། 

     ཞི་ཅིན་ཕིང་གིས་པ་ཆེ་ལའེ་ཐེ་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུས་པ་མ་ཟད། ཀྲུང་གོའི་ལོ་རྒྱུས་རིག་གནས་དང་ཟུང་འབྲེལ་གནང་སྟེ་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གོང་འཕེལ་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་བ་དང་། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཁྱོན་ཡོངས་ནས་སྲུང་སྐྱོང་དང་འགན་ལེན་བྱ་རྒྱུར་གཞོལ་བའི་རྩ་དོན་ལངས་ཕྱོགས་གསལ་བཤད་གནང་བ་རེད། ཞི་ཅིན་ཕིང་གིས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་ཉིན་མོ་ནས་བཟུང་། ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བ་བྱ་རྒྱུ་དེ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དུ་བརྩིས་ནས་ལོ་100ལྷག་ཙམ་རིང་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཁེ་ཕན་ཆེད་འབད་འཐབ་བྱས་ཡོད། མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པ་དེ་ང་ཚོའི་འབད་འཐབ་ཀྱི་དམིགས་འབེན་ཡིན། ཡུན་རིང་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། ཀྲུང་གོ་འདི་ཉིད་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ཐུབ་པ་དང་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གྱི་ལམ་བུའི་ཐོག་ལེགས་གྲུབ་ལྡན་པའི་ངང་བསྐྱོད་ཡོད། ང་ཚོས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་རྒྱུན་ཆད་མེད་པར་གོང་འཕེལ་གཏོང་བ་དང་། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འགན་ལེན་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་སྲུང་སྐྱོང་བཅས་བྱས་པས། ཀྲུང་གོ་མི་དམངས་ལ་དེ་བས་རྒྱ་ཁྱབ་དང་། དེ་བས་འཐུས་ཚང་། དེ་བས་ཁྱོན་ཡོངས་བཅས་ཀྱི་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད་ཅིང་། ཀྲུང་གོའི་མི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་སྔར་བྱུང་མ་མྱོང་བའི་འགན་ལེན་ཐུབ་ཡོད་ནན་སྟོན་གནང་བ་རེད། 

    ཞི་ཅིན་ཕིང་གིས། འགྲོ་བ་མིའི་ཐོབ་ཐང་འགན་ལེན་བྱེད་པར་སྔར་ལས་ཡག་པ་ལས་ཡག་ཤོས་མེད། ཀྲུང་གོ་ཕྱོགས་ཀྱིས་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག ཕྱོགས་ཁག་དང་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྐད་ཆ་ཤོད་རེས་དང་མཉམ་ལས་ཧུར་ཐག་བྱས་ནས་ཐུན་མོང་གི་ངོས་འཛིན་རྒྱ་ཆེར་གཏོང་བ་དང་། མི་མཐུན་པའི་ཆ་ཉུང་དུ་གཏོང་བ། ཕན་ཚུན་དཔྱད་གཞིར་འཛིན་པ། ཐུན་མོང་ཡར་རྒྱས་ཡོང་བ་བཅས་བྱས་ཏེ། ཐུན་མོང་ཐོག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ལ་སྐུལ་འདེད་དང་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད། མིག་སྔར། གལ་འགངས་ཆེ་ཤོས་ནི་དོན་དག་བཞི་ལེགས་པར་བསྒྲུབ་དགོས་པ་སྟེ། 

   གཅིག་ནས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས། མི་དམངས་ཀྱི་ཁེ་ཕན་དེ་ཐོག་མའི་སྐུལ་སློང་དང་མཐར་ཐུག་གི་དམིགས་འབེན་ལ་བརྩིས་ཐོག མི་དམངས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་ས་དང་། མི་དམངས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡིན་པ། ཆེས་དོན་དངོས་ཡིན་པ་བཅས་ཀྱི་ཁེ་ཕན་གནད་དོན་ཟམ་མི་ཆད་པར་ཐག་གཅོད་ཡག་པོ་བྱས་ཏེ། འབད་བརྩོན་ཆེན་པོས་མི་དམངས་རྣམས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས། དེ་ནི་འགྲོ་བ་མིའི་ཐོབ་ཐང་ཆེ་ཤོས་དེ་ཡིན། རྒྱལ་ཁབ་གཅིག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ཡག་པོ་ཡོད་མེད་ཀྱི་འགག་རྩ་དེ་རྒྱལ་ཁབ་དེ་གའི་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་ཐུབ་མིན་དང་། མི་དམངས་ཀྱི་ཐོབ་ཚོར་དང་། སྐྱིད་ཚོར། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་ཕྱིན་ཡོད་མེད་ལ་བལྟ་དགོས། འདི་ནི་རྒྱལ་ཁབ་གཅིག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ལ་ཞིབ་དཔྱད་བྱེད་པའི་ཚད་གཞི་གལ་ཆེ་ཤེས་དེ་རེད། མི་དམངས་ལ་རང་ཁྱིམ་རང་བདག་ངོ་མ་བྱེད་དུ་བཅུག་ནས་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་གོང་འཕེལ་གཏོང་བའི་ནང་ཞུགས་མཁན་གཙོ་བོ་དང་། སྐུལ་འདེད་གཏོང་མཁན་གཙོ་བོ། ཕན་པ་ཐོབ་མཁན་གཙོ་བོ་བཅས་སུ་འགྱུར་བ་བྱེད་དགོས།

     གཉིས་ནས་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གྱི་འགྲོ་ལམ་ལ་བརྩི་འཇོག་བྱེད་དགོས། འགྲོ་བ་མིའི་ཐོབ་ཐང་ནི་ལོ་རྒྱུས་དང་། ཞིབ་ཕྲ། དོན་དངོས་བཅས་ཡིན། རྒྱལ་ཁབ་ཁག་གི་རྒྱལ་ཚུལ་མི་འདྲ་བ་དང་། ལོ་རྒྱུས་རིག་གནས་དང་། སྤྱི་ཚོགས་ལམ་ལུགས། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ཆུ་ཚད་བཅས་ལ་ཧེ་བག་ཡོད་པས། ངེས་པར་དུ་རྒྱལ་ཁབ་དེ་གའི་དོན་དངོས་དང་མི་དམངས་ཀྱི་དགོས་མཁོར་གཞིགས་ནས་རང་ཉིད་ལ་འཚམ་པའི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གྱི་ལམ་བུ་འཚོལ་ཞིབ་བྱེད་དགོས། དོན་དངོས་དང་ཁ་བྲལ་བ་དང་རྒྱལ་ཁབ་གཞན་གྱི་ལམ་ལུགས་མ་དཔེ་ཇི་མ་ཇི་བཞིན་འདྲ་སྤོས་བྱས་ཚེ། རྒྱལ་ཁབ་ཀྱི་གནས་ཚུལ་དང་མི་འཚམས་པ་ཡོང་སྲིད་པ་མ་ཟད། མཇུག་འབྲས་ངན་པ་ཐོན་སྲིད་ཅིང་། མཐར་གནོད་འཚེ་ཕོག་མཁན་ནི་རྒྱ་ཆེའི་མི་དམངས་མང་ཚོགས་རེད། དེའི་ཐད་ཀྱི་དཔེ་ཧ་ཅང་མང་པོ་ཡོད་པས་ཕྱི་འདོམས་ཀྱི་བསླབ་བྱར་ལེན་དགོས། 

   གསུམ་ནས་རིགས་ཁག་གི་འགྲོ་བ་མིའི་ཐོབ་ཐང་ལ་གཅིག་གྱུར་འཆར་འགོད་ཀྱིས་ལྟ་རྟོག་བྱ་དགོས། འགྲོ་བ་མིའི་ཐོབ་ཐང་གི་ནང་དོན་ནི་ཁྱོན་ཡོངས་དང་ཕུན་སུམ་ཚོགས་པོ་ཡིན་པས། ངེས་པར་དུ་ཕྱོགས་བསྡུས་ཐོག་ནས་སྲིད་ཇུས་ལག་བསྟར་དང་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ལ་མཚོན་ན། འཚོ་གནས་དབང་ཆ་དང་གོང་འཕེལ་གྱི་དབང་ཆ་ནི་འགྲོ་བ་མིའི་ཐོབ་ཐང་ཨང་དང་པོ་དེ་ཡིན། སྤུས་ཚད་སྔར་ལས་མཐོ་བ་དང་། ལས་ཆོད་སྔར་ལས་ཆེ་བ། སྔར་ལས་དྲང་སྙོམས། སྔར་ལས་རྒྱུན་མཐུད། སྔར་ལས་བདེ་འཇགས་བཅས་ཀྱི་སྒོ་ནས་གོང་འཕེལ་ཡོང་བར་འབད་བརྩོན་བྱས་ཏེ། འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་གོང་འཕེལ་ཡོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས། 

      བཞི་ནས་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་གི་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་དང་སྲུང་སྐྱོབ་བྱ་རྒྱུ་ནི་མིའི་རིགས་ཡོངས་ཀྱི་བྱ་གཞག་ཡིན་པས། ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ལེགས་ཆ་ཀུན་འཛོམས་ཀྱི་རྒྱལ་ཁབ་ཅིག་མེད་པས། རྒྱལ་ཁབ་གཞན་ལ་བཀོད་འདོམས་བྱེད་མཁན་མི་དགོས་ལ། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཆབ་སྲིད་ཅན་དང་ཡོ་བྱད་ཅན་དུ་འགྱུར་བ་དང་ཚད་གཞི་གཉིས་བརྩེགས་བཟོས་ཏེ་འགྲོ་བ་མིའི་ཐོབ་ཐང་ལ་ཁ་གཡར་ནས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་དེ་བས་ཀྱང་བྱེད་མི་རུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ཐོག མིའི་རིགས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་བཏང་སྟེ། གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་བྱ་རྒྱུ་དེ་དེ་བས་དྲང་གཞག་དང་། ལུགས་མཐུན། ཁོང་ཡངས་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་ཧུར་ཐག་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བསྟན་གནང་འདུག

   པ་ཆེ་ལའེ་ཐེས། ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་ཀྱི་དཀའ་ངལ་ཁྱད་བསད་བྱས་ནས་ང་རང་ཀྲུང་གོར་འཚམས་འདྲི་ཡོང་བར་སྣེ་ལེན་ཞུས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ཐེངས་ནི་ལོ་17རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་མཐོ་རིམ་ཀྲོན་ཡོན་ཀྲུང་གོར་འཚམས་འདྲིར་ཡོང་ཐེངས་དང་པོ་ཡིན་པས། ངས་ད་ཐེངས་ཀྱི་འཚམས་འདྲིར་མཐོང་ཧ་ཅང་ཆེན་པོ་དང་གཅེས་སྤྲས་ཆེན་པོ་བྱེད་ཀྱི་ཡོད་ཅིང་། ཀྲུང་གོ་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་དང་རྒྱ་ཁྱབ་ངང་འབྲེལ་གཏུག་དང་ཐད་ཀར་འབྲེལ་གཏུག་བྱ་རྒྱུ་ཡིན། ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་ངས་ཀྲུང་གོར་ཤེས་རྟོགས་དེ་བས་ལེགས་པ་ཐུབ་རྒྱུའི་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབུལ་ཕོངས་སེལ་བ་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་པ། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ཡོང་བ་བྱེད་པ་སོགས་ཀྱི་ཐད་འབད་བརྩོན་བྱས་པ་དང་དེར་ཐོབ་པའི་གྲུབ་འབྲས་ལ་ང་རང་ཡིད་སྨོན་བྱེད་ཀྱི་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་མང་རིང་ལུགས་སྲུང་སྐྱོང་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་དང་གོ་ལ་ཧྲིལ་པོའི་རྒྱུན་མཐུད་གོང་འཕེལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་བསྔགས་བརྗོད་ཀྱང་ཞུ་རྒྱུ་ཡིན། མཐོ་རིམ་ཀྲོན་ཡོན་གཞུང་ལས་ཁང་གིས་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་མཉམ་ལས་ཐད་ཞིབ་བསྡུར་བྱས་ཏེ། གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ཡར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ཐུན་མོང་ཐོག་འབད་བརྩོན་བྱེད་འདོད་ཡོད་ཅེས་གསུངས་པ་རེད།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ།
རྩོམ་སྒྲིག་པ། འབའ་སྣང་གྲོལ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 52u8 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
11313235
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།