རྭ་རྒྱའི་མཐར་ཕྱིན་སློབ་མ་འོས་སྦྱོར། (ལྔ་བ) སྨན་པ་ཤེས་རབ་རྒྱ་མཚོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2022 ལོའི་ཟླ 6 ཚེས 27 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» མཐར་ཕྱིན་འོས་སྦྱོར། »རྭ་རྒྱའི་མཐར་ཕྱིན་སློབ་མ་འོས་སྦྱོར། (ལྔ་བ) སྨན་པ་ཤེས་རབ་རྒྱ
རྭ་རྒྱའི་མཐར་ཕྱིན་སློབ་མ་འོས་སྦྱོར། (ལྔ་བ) སྨན་པ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-06-08ལྟ་ཀློག (5623)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྭ་རྒྱའི་མཐར་ཕྱིན་སློབ་མ་འོས་སྦྱོར། 

 

སྨན་པ་ཤེས་རབ་རྒྱ་མཚོ་ལགས་ནི་1978ལོར་མདོ་སྨད་ཁྲི་ཀ་འཕྲང་དམར་གྲོང་རྡལ་དུ་སྐྱེས།  ལོ་གསུམ་གྱི་སྟེང་ཁོའི་ཨ་མ་མི་ཡུལ་དང་གཏན་དུ་བྲལ་བས་ཨ་མྱེས་དང་ཨ་ཕྱི་ཟུང་གིས་ཉེ་བར་བསྐྱངས་ཏེ་ནར་སོན།

  1993ལོར་ཁྲི་ཀ་རྫོང་འཕྲང་དམར་སེར་ཀྱཱ་དགོན་གྱི་རྩ་བའི་བླ་མ་ཨ་ཁུ་བློ་ལྡན་རྒྱ་མཚོའི་དྲུང་ནས་རབ་ཏུ་བྱུང་སྟེ། དགེ་བའི་བཤེས་གཉེན་ཆེན་པོ་ལྷ་རམས་པ་བློ་བཟང་མཐར་ཕྱིན་གྱི་དྲུང་ནས་ཡི་གེ་སྦྱོར་ཀློག་གཙོ་བྱས་ཏེ་དགོན་དེ་གའི་ཆོ་ག་ཆོས་སྦྱོད་དང་འདོན་རྟ་དབྱངས་གསུམ་བཅས་ལ་སྦྱང་བ་མཛད།

  1996ལོར་མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་དུ་དགེ་བཤེས་བསྟན་པ་ཡར་འཕེལ་དང་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་རྡོ་རྗེ་གཉིས་བསམ་སྦྱོར་ཚུལ་བཞིན་དུ་བསྟེན་ཏེ་ཐོས་བསམ་སློབ་གཉེར་གནང་།

  1998ལོར་ཟི་ལིང་གི་དུས་གསུམ་ཉི་འོད་གླིང་དུ་རྩིས་འཁོར་དང་དེང་རབས་ཚན་རྩལ་སྐོར་ལ་སློབ་སྦྱོང་བྱས།

   2000ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ཏེ་སློབ་དཔོན་ཆེན་མོ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་ལགས་གཙོས་རྒན་ལྡོང་ཡོན་ཏན་རྒྱ་མཚོ་དང་རྒན་གྲགས་པ་བཟང་བོ།  ལྷ་སའི་སེ་རའི་བློ་བཟང་ཐོག་མེད་ཚང་སོགས་དགེ་རྒན་མང་པོ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་སློབ་མཐར་ཕྱིན་ཅིང་། ཞོར་དུ་《ཙོང་ལ་རིང་མོའི་དགོད་སྒྲ།》དང་《ཇོ་བོའི་གཟི་བྱིན།》ཞེས་པའི་དུས་དེབ་གཉིས་ཀྱི་རྩོམ་སྒྲིག་པའི་འགན་ཡང་ཁུར་མྱོང་།   མཐར་ཕྱིན་ཆེད་རྩོམ་ལ《དཔྱིད་རླུང་།》ཞེས་པ་བརྩམས་གནང་མཛད།

   2004ལོར་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་བོད་སྨན་ཁང་དུ་ཕེབས་ཏེ་སྨན་རམས་པ་རིན་ཆེན་ལགས་ཀྱི་དྲུང་དུ་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དང་ལག་ལེན་དངོས་ལ་སློབ་སྦྱོང་དཔྱིས་ཕྱིན་པ་མཛད།

   2011ལོའི་ཟླ་9བར་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་དུ་ཕེབས་ཏེ་སྨན་ཁང་ཆེས་སྤྱིར་བཏང་བ་ཞིག་གཉེར་ནས་ནད་པ་མང་བོར་སྨན་བཅོས་དང་སྨན་ཕྲུག་སློབ་མ་མང་པོ་གསོ་སྐྱོང་གནང་།      ལྷག་དོན་ཁོང་གིས་གསོ་བ་རིག་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་སྒོས་གསར་གཏོད་མཛད་པའི་《སྐྲ་སྐྱེས་བུམ་བཟང་》དང་《མཛེས་སྤྲས་བོད་སྨན་》བཅས་ལ་སྤྱི་ཚོགས་ཁྲོད་གདེངས་འཇོག་དང་དགའ་བསུ་མི་ཉུང་བ་ཐོབ།

   2018ལོར་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་གི་ནུབ་ངོས་སུ་གནས་སྤར་ནས་དམངས་སྒོར་ཁྲི་ཉིས་སྟོང་ལྷག་གི་འགྲོ་སོང་བཏང་སྟེ་སྨན་ཁང་ཁང་མིག་བརྒྱ་དང་ལྔ་ཅུ་གཞི་རྒྱ་ཆེ་བ་ཞིག་འཛུགས་བསྐྲུན་བྱས།  ད་ལྟའང་གནས་དེ་གར་ཉི་མ་རེ་རེར་ནད་པ་ཉམ་ཐག་བརྒྱ་ཕྲག་མང་བོར་སྨན་བཅོས་བྱེད་བཞིན་པའི་སྐབས་ལགས་སོ།།


གསལ་བཤད།  
གཟའ་འཁོར་རེའི་ནང་དུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བར་ཆེད་དུ་སློབ་གླིང་འདིའི་ཕུལ་བྱུང་མཐར་ཕྱིན་སློབ་མ་རེ་འོས་སྦྱོར་བྱེད་འཆར་ཡོད་པས། མཐར་ཕྱིན་འཛིན་གྲྭ་སོ་སོའི་སྤྱི་ཚོགས་སྟེང་གཟེངས་ཐོན་གྱི་མཐར་ཕྱིན་སློབ་མ་དག་སློབ་ཚོགས་གཞུང་ལས་ཁང་དུ་འོས་སྦྱོར་གནང་རོགས་ཞུ།  སློབ་ཚོགས་གཞུང་ལས་ཁང་གི་ཁ་པར་ཨང་གྲངས།  (0975) 838 9857    སྐད་འཕྲིན། 15109745084

གཙོ་སྒྲུབ་ལས་ཁུངས།  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་གཞུང་ལས་ཁང་།  




སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ།
རྩོམ་སྒྲིག་པ། འབའ་སྣང་གྲོལ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 6 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། jg8m བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  རྭ་རྒྱའི་མཐར་ཕྱིན་སློབ་མ་འོས་སྦྱོར། (ལྔ་བ) སྨན་པ་ཤེས་རབ་རྒྱ་མཚོ།   སྤེལ་མཁན།: འོད་ཟེར། སྤེལ་དུས:2022/6/9
🙏🙏🙏
  རྭ་རྒྱའི་མཐར་ཕྱིན་སློབ་མ་འོས་སྦྱོར། (ལྔ་བ) སྨན་པ་ཤེས་རབ་རྒྱ་མཚོ།   སྤེལ་མཁན།: འོད་ཟེར། སྤེལ་དུས:2022/6/9
🙏🙏🙏
  རྭ་རྒྱའི་མཐར་ཕྱིན་སློབ་མ་འོས་སྦྱོར། (ལྔ་བ) སྨན་པ་ཤེས་རབ་རྒྱ་མཚོ།   སྤེལ་མཁན།: འོད་ཟེར། སྤེལ་དུས:2022/6/9
🙏🙏🙏
  རྭ་རྒྱའི་མཐར་ཕྱིན་སློབ་མ་འོས་སྦྱོར། (ལྔ་བ) སྨན་པ་ཤེས་རབ་རྒྱ་མཚོ།   སྤེལ་མཁན།: འོད་ཟེར། སྤེལ་དུས:2022/6/9
🙏🙏🙏
  རྭ་རྒྱའི་མཐར་ཕྱིན་སློབ་མ་འོས་སྦྱོར། (ལྔ་བ) སྨན་པ་ཤེས་རབ་རྒྱ་མཚོ།   སྤེལ་མཁན།: འོད་ཟེར། སྤེལ་དུས:2022/6/9
🙏🙏🙏
  རྭ་རྒྱའི་མཐར་ཕྱིན་སློབ་མ་འོས་སྦྱོར། (ལྔ་བ) སྨན་པ་ཤེས་རབ་རྒྱ་མཚོ།   སྤེལ་མཁན།: འོད་ཟེར། སྤེལ་དུས:2022/6/9
🙏🙏🙏
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
11316420
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།