ཕ་ཡུལ་ལ་ལྟ་ཞེས་པའི་ངའི་དངོས་བྲིས་གློག་བརྙན་གསར་རྩོམ་གྱི་ལམ་བུ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2022 ལོའི་ཟླ 5 ཚེས 18 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། »ཕ་ཡུལ་ལ་ལྟ་ཞེས་པའི་ངའི་དངོས་བྲིས་གློག་བརྙན་གསར་རྩོམ་གྱི་ལམ་བ
ཕ་ཡུལ་ལ་ལྟ་ཞེས་པའི་ངའི་དངོས་བྲིས་གློག་བརྙན་གསར་རྩོམ་གྱི་ལམ་བུ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-05-13ལྟ་ཀློག (479)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཕ་ཡུལ་ལ་ལྟ་ཞེས་པའི་ངའི་དངོས་བྲིས་གློག་བརྙན་གསར་རྩོམ་གྱི་ལམ་བུ།

འཆད་ཁྲིད་མཁན། ༼ མེ་ཏོག་དཀར་བོ ༽ཡི་འཁྲབ་ཁྲིད་པ་མཁའ་བྱམས་རྒྱལ།

ཁ་སང་སྟེ་སྤྱི་ཟླ་༥ཚེས་༡༡ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་རིག་གནས་བརྗེ་རེས་ཞིབ་འཇུག་ལྟེ་གནས་དང་བོད་ཡུལ་ན་གཞོན་སྐྱེས་ཁམས་གློག་བརྙན་གསབ་སྦྱོང་ལྟེ་གནས་གཉིས་ཀྱིས་དངོས་བྲིས་གློག་བརྙན་མེ་ཏོག་དཀར་བོ་ཡི་འཁྲབ་ཁྲིད་པ་མཁའ་བྱམས་རྒྱལ་ལགས་གདན་དྲངས་ཏེ་ཁོང་རང་གི་དངོས་བྲིས་གློག་བརྙན་གྱི་གསར་རྩོམ་བརྒྱུད་རིམ་སྐོར་ནས་འཆད་ཁྲིད་བྱས།  གཤམ་ནས་ཁོང་གི་ཁ་བརྡའི་ནང་དོན་བསྡུས་བསྡུས་ཤིག་འགོད་པར་བྱ།


གློག་བརྙན་གྱི་ལམ་ཁར་ཞུགས་འདོད་ནི་མི་རིགས་ཀྱི་རིག་གནས་སྲུང་སྐྱོབ་དང་ཉར་ཚགས་བྱེད་པའི་ེཆེད་དུ་ཡིན། ཡིན་ནའང་གློག་བརྙན་ལ་བརྟེན་ནས་མི་རིགས་ཀྱི་རིག་གནས་སྲུང་སྐྱོབ་བྱེད་རྒྱུ་ནི་ལས་དཀའ་མོ་ཞིག་རེད། ང་རང་སློབ་ཆེན་ལོ་རིམ་གཉིས་པའི་སྐབས་སུ་དངོས་སྦྱོང་གི་དུས་ཚོད་བེད་སྤྱད་ནས་《དཔའ་བོའི་ལུང་བ》ཞེས་པའི་དངོས་བྲིས་གློོག་བརྙན་དེ་ཕབ་པ་ཡིན། སྐབས་ཐོག་དེར་སློབ་གྲྭའི་ནང་དུ་བོད་ཡིག་གི་སློབ་ཁྲིད་ཕུད་པའི་སློབ་ཁྲིད་གཞན་དག་གི་དུས་ཚོད་བེད་སྤྱད་ནས་གློག་བརྙན་གྱི་ལས་ལ་ཞུགས་པ་ཡིན།


ངའི་བསམ་ཚུལ་ཡིན་ན། བོད་རང་དུ་དོན་སྙིང་ལྡན་པའི་གཏམ་རྒྱུད་ཞིག་ཡིན་ནའང་རྒྱལ་ཁོངས་ལས་བརྒལ་ཏེ་རྒྱལ་སྤྱིའི་གར་སྟེགས་སུ་སླེབས་ཚེ་གཏམ་རྒྱུད་དེའི་བརྗོད་བྱ་མི་ཚང་མས་སྣང་ངོར་འཕྲོད་པའི་ངེས་པ་མེད་པས། ལྟ་མཁན་ལ་ཇི་ལྟར་ངོ་སྤྲོད་བྱེད་རྒྱུ་ནི་ཧ་ཅང་གི་གལ་ཆེན་ཞིག་རེད། དེ་བས་ང་ཚོས་གཏམ་རྒྱུད་དེ་ལ་ཡང་ནས་བསྐྱར་དུ་ལེགས་སྒྲིག་བྱེད་དགོས། གློག་བརྙན་ཕབ་སྐྲུན་བྱས་ཚར་རྗེས་ངེས་པར་དུ་ལྟད་མོ་བར་གཟིགས་འབུལ་ཞུ་བ་དང་ཇི་ལྟར་གཟིགས་འབུལ་ཞུ་སྟངས་ལ་ཡང་བསམ་བློ་གཏོང་དགོས། རྒྱལ་ཁབ་སོ་སོའི་བརྙན་སྐྲུན་ལས་ཁུངས་དག་གིས་རང་གི་ས་གནས་ཀྱི་གློག་བརྙན་ཁྲོམ་རའི་དགོས་མཁོ་དང་མང་ཚོགས་ཀྱི་དགའ་ཁ་འཁྱེར་ཕྱོགས་ཤེས་པས་གློག་བརྙན་གཟིགས་འབུལ་གྱི་ཁྲོམ་རར་ནུས་པ་གལ་ཆེན་ཐོན་ཐུབ།


དངོས་བྲིས་གློག་བརྙན་ལེན་མཁན་ཞིག་ལ་མཚོན་ན་བརྩོན་སེམས་དགོས་པ་རེད། ང་རང་གིས་མེ་ཏོག་དཀར་བོ་ལེན་སྐབས་ཀྱི་ལོ་གཉིས་པོའི་རིང་ལ་གཉིད་བདེ་མོ་ཞིག་ཀྱང་ལོག་མ་ཐུབ་ཅེས་ན་ཆོག ཐེངས་ཤིག་གློག་བརྙན་《མེ་ཏོག་དཀར་བོ》ལེན་སྐབས་ཟི་ལིང་དུ་སོང་སྟེ་རྒྱུ་ཆ་ཉར་བ་དང་བྱ་བར་གོ་སྒྲིག་རེ་བྱས་རྗེས་གྲོགས་པོ་འགའ་དང་མཉམ་དུ་ལག་རྩེད་སྤོ་ལོ་རྩེད་སྐབས་ལུས་ཕུང་གིས་མ་ལྕོགས་པར་བརྒྱལ་བ་སོགས་གློག་བརྙན་གྱི་ལས་ལ་ཞུགས་ན་གཞན་ལས་ལྷག་པའི་སྡུག་རུས་ཐེག་དགོས་པ་རེད།

དྲི་བ། དངོས་བྲིས་གློག་བརྙན་གྱི་སེམས་ཤུགས་ཇི་ལྟར་གསོ་སྐྱོང་བྱས་ན་ལེགས། 

དྲིས་ལན། སྤྱིར་བཏང་གློག་བརྙན་གྱི་རིན་ཐང་རྟོགས་དགོས་པ་དང་ཁྱོད་ཀྱིས་ཕབ་སྐྲུན་བྱེད་བཞིན་པའི་བརྗོད་བྱའི་ཁྲོད་དུ་རང་ཉིད་འཚོལ་དགོས། རང་གིས་གློག་བརྙན་ལས་དགོས་པའི་རྒྱུ་མཚན་གསལ་བོ་ཞིག་ཤེས་དགོས་པ་རེད། ང་ལ་མཚོན་ན། གློག་བརྙན་ཕབ་སྐྲུན་བྱེད་སྐབས་དཀའ་ངལ་ལ་འཕྲད་དུས་སེམས་ནས་དགའ་ཚོར་ཆེན་པོ་སྐྱེས་འོང་། དེ་ནི་རང་ཉིད་དང་གློག་བརྙན་བར་གྱི་འབྲེལ་བ་ཤེས་པས་ཡིན། 


དྲི་བ། དངོས་བྲིས་གློག་བརྙན་ལེན་སྐབས་དེའི་བདེན་པའི་ཚད་དེ་ག་འདྲ་ཞིག་ཏུ་བསམ་ནས་བླངས་ན་དོན་སྙིང་ལྡན། 

དྲིས་ལན། དྲི་བ་འདི་མ་གཞི་ནས་རྩོད་གཞི་ཆེ་བའི་གནད་དོན་ཞིག་རེད། སྤྱིར་བཏང་དངོས་ཡོད་གནས་ཚུལ་ཕབ་རྒྱུ་དེ་འཛམ་བུ་གླིང་གིས་ཁས་ལེན་བཞིན་ཡོད། དངོས་བྲིས་གློག་བརྙན་གྱི་སྒྱུ་རྩལ་བཤད་སྐབས་ཁྱོད་ཀྱི་བརྙན་ཆས་ཀྱི་སྒོ་ཕྱེས་པའི་སྐད་ཅིག་མ་དེ་ནས་བཟུང་ཁྱོད་ཀྱིས་འཚོ་བ་དངོས་ཤིག་ལེན་ཐུབ་བྲལ། ཡང་ན་ཕྱིས་སུ་ཁྱོད་ཀྱིས་དངོས་ཡོད་ཀྱི་འཚོ་བ་མང་བོ་ཞིག་ལ་བཟོ་བཅོས་དང་བསྐྱར་བསྒྲིགས་བྱེད་བཞིན་ཡོད་པས། སྐབས་དེར་དངོས་བྲིས་གློག་བརྙན་ཁྲོད་ཀྱི་འཚོ་བ་དེ་དངོས་ཡོད་ཀྱི་འཚོ་བ་ཞེས་བརྗོད་ཐབས་བྲལ། 


དྲི་བ། གལ་ཏེ་བརྗོད་བྱ་གང་རུང་ཞིག་གཞིར་བཟུང་ན་དེ་ཉིད་ཡང་དག་མིན་དང་ལྟད་མོ་བའི་སྣང་ངོར་འཕྲོད་མིན་དེ་ཁྱེད་རང་གིས་ཇི་ལྟར་ཐག་གཅོད་བྱས་པ་ཡིན། 

དྲིས་ལན། སྤྱིར་བཏང་བརྗོད་བྱ་ཡང་དག་མིན་ལ་ལྟ་བ་དེ་སུས་ཀྱང་བཤད་དཀའ་བ་ཞིག་རེད། བརྗོད་བྱ་ཞིག་འདེམས་སྐབས་དོན་དག་ཅིག་ཇི་ལྟར་བཤད་པ་དང་། གཏམ་རྒྱུད་ཅིག་ཇི་ལྟར་བརྗོད་པ་ལ་མ་གཞི་སྤྱི་ཁོག་ཅིག་དགོས་པ་རེད།  གློག་བརྙན་ནི་སྒྱུ་རྩལ་བརྩམས་ཆོས་ཤིག་རེད། དེ་ནི་གཏམ་རྒྱུད་བཤད་སྤྱད་ཀྱི་ལག་ཆ་ཞིག་ཀྱང་རེད། གཏམ་རྒྱུད་ཀྱི་་སྒྲིག་གཞི་ཅི་ལྟ་བུ་ཞིག་ཡིནའང་གཏམ་རྒྱུད་ཁ་ཚང་ཞིག་ངེས་པར་དུ་ཡོད་དགོས། གློག་བརྙན་དང་བརྙན་འཕྲིན་གཉིས་ཀྱང་འདྲ་བ་མ་རེད། དེ་ལ་མྱུར་ཚད་ཀྱི་འགྲོས་དང་རོལ་དབྱངས། སྒྲིག་སྦྱོར་སོགས་ཀྱི་ཁྱད་པར་ཆེན་པོ་ཡོད། 


“看故乡”我的纪录片创作之路 

                         ——《光之子》导演卡先加讲座

昨天,5月11日,吉美坚赞民族职业学校的陀弥文化交流研究中心和藏地青年生态影像培训中心邀请了纪录片《光之子》导演卡先加,就他的纪录片创作历程进行了讲座。

下面列出他的讲座要点:

想走上电影的道路是为了保护和保存民族文化,但用电影来保护民族文化是很困难的。我大二的时候利用实习的时间拍了《英雄谷》的纪录片,当时在学校里用藏语课以外的其他课的时间从事电影工作。我认为,虽然这在藏区是一个很有意思的故事,但一旦走出国门,走上国际,这个故事并不是每个人都能看得懂的。如何向观众介绍是很重要的,所以我们要对这个故事进行反复地整理。电影拍完之后,一定要考虑观众的赏析以及如何赏析,各国的媒体都知道当地电影市场的需求和群众的喜好,对电影放映市场有很重要的作用。

作为一个纪录片拍摄者,也是需要付出努力的,可以说,我自己在接片子的那两年,连个安稳觉都没睡过。有一次拍电影《光之子》的时候,去了西宁,整理了一下材料,安排了一下工作,和几个朋友一起打篮球,身体吃不消,晕倒在地,更需要付出艰苦的努力。

问:如何培养纪录片的精神?

答:你应该了解电影的价值,从你正在拍摄的题材中寻找自己。你得弄明白为什么要做电影。对我来说,拍电影时遇到困难,心里很高兴。那是因为知道自己和电影之间的关系。

问:拍纪录片时,把它的真实度拍成什么样子才有意思?

答:这问题本身就是一个争议很大的问题。平凡的现实让世界认可。说到纪录片的艺术,你就会发现,在打开摄像机的瞬间,你再也无法感受到真实的生活了。也许你后来会对很多现实生活进行修改和重建,当时在纪录片中的生活并不能说是真实的生活。

问:如果根据某一主题,你是如何决定它是否正确并能让观众满意的?

答:一般看主题是否准确,这是谁也说不准的。选一个题目,怎么说一件事?如何讲一个故事本身需要一个整体。电影是一部艺术作品。它也是讲故事的工具。任何故事结构都必须有完整的故事。电影和电视也不一样,它有速度的节奏和音乐,装备等差别很大。


谢  / 2022.5.11

གཙོ་སྒྲུབ་པ། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་། བོད་ཡུལ་ན་གཞོན་སྐྱེས་ཁམས་གློག་བརྙན་གསབ་སྦྱོང་ལྟེ་གནས། 

主办:吉美坚赞民族职业学校  藏地生态影像青年培训中心 

བཀའ་དྲིན་ཞུ་ཡུལ། ཨ་ལག་ཤ་SEEགཙང་གསུམ་འགོ་ཁུངས་ཀྱི་ལས་གཞི་ལྟེ་གནས། མཚོ་སྔོན་འོད་སྲུང་རིག་གནས་སྨྱན་བྱད་ཚད་ཡོད་ཀུང་སི། 

特别鸣谢:阿拉善SEE三江源项目中心  青海奥向文化传媒有限公司

གསར་འགོད་པ། མཐར་ཕྱིན་གཉིས་པའི་སློབ་མ་ལྷ་བུ་གཅོད་པ། མཐར་ཕྱིན་དང་བོའི་སློབ་མ་བསོད་ནམས་སྟོབས་རྒྱལ།

ཡིག་སྒྱུར་བ། མཐོ་གཉིས་དང་བོའི་སློབ་མ་བསོད་ནམས་འབྱུང་གནས། མཐོ་གཉིས་གཉིས་པའི་སློབ་མ་འབྲུག་འབུམ་ཐར།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ།
རྩོམ་སྒྲིག་པ། འབའ་སྣང་གྲོལ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། c91f བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
10717621
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།