​ཡང་དང་བསྐྱར་དུ་ཉིང་སྐྱུར་བརྟག་དཔྱད་བྱ་དགོས་དོན་ག་རེ་ཡིན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2022 ལོའི་ཟླ 5 ཚེས 18 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འོས་སྦྱོར་གླིང་། »​ཡང་དང་བསྐྱར་དུ་ཉིང་སྐྱུར་བརྟག་དཔྱད་བྱ་དགོས་དོན་ག་རེ་ཡིན།
​ཡང་དང་བསྐྱར་དུ་ཉིང་སྐྱུར་བརྟག་དཔྱད་བྱ་དགོས་དོན་ག་རེ་ཡིན།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-04-22ལྟ་ཀློག (813)རྩོམ་ཁུངས: མཚོ་སྔོན་བོད་སྐད་དྲྭ་ཚིགས།པར་འདེབ།

ཡང་དང་བསྐྱར་དུ་ཉིང་སྐྱུར་བརྟག་དཔྱད་བྱ་དགོས་དོན་ག་རེ་ཡིན།

为何要反复多次做核酸检测?

    གཅིག འགོ་ནད་རང་བཞིན་གྱི་ནད་རིགས་གང་ཡིན་རུང་ནད་རྟགས་མི་མངོན་པའི་དུས་སྐབས་ངེས་ཅན་ཞིག་ཡོད་ཅིང་། པྲོག་གསར་གློ་ཚད་ཀྱི་འགོ་ནད་ཀྱང་དེ་ལས་མ་འདས་ལ། ནད་རྟགས་མངོན་མིན་དེ་ཡང་མི་རེ་རེ་ལ་ཁྱད་པར་ཆེ་ཞིང་དུས་ཚོད་ཀྱང་རིང་ཐུང་ཡོད། དེ་བས་ཡང་དང་བསྐྱར་དུ་ཉིང་སྐྱུར་བརྟག་དཔྱད་བྱ་དགོས་པ་ཡིན།གཉིས། བརྟག་དཔྱད་ཚད་ལེན་གྱི་ཐད་ནས་བཤད་ན། བརྟག་དཔྱད་ཚད་ལེན་ལ་ཆེས་བཟང་བའི་དུས་སྐབས་ཤིག་ཡོད། དེ་ནི་ནད་དུག་འགོས་ཡོད་པའི་མི་ལ་ནད་རྟགས་ཐོག་མར་མངོན་བཞིན་པའི་སྐབས་ཡིན། བར་སྐབས་འདི་ལ་ཡང་དང་བསྐྱར་དུ་ཉིང་སྐྱུར་བརྟག་དཔྱད་བྱས་ན། ནད་དུག་འགོས་ཡོད་པའི་ནད་པ་མྱུར་དུ་ངེས་འཛིན་ཐུབ་པ་ལ་ཕན་ཐོགས་ཡོད།

 

   གསུམ། ཉིང་སྐྱུར་བརྟག་དཔྱད་ལ་མ་དཔེ་ལེན་དུས་སྣ་ཁུང་ནས་ལེན་པ་དང་། མིད་པ་ནས་ལེན་པ། མིད་པ་ དང་སྣ་ཁུང་གཉིས་ཀ་ནས་ལེན་པའི་བྱེད་ཐབས་འགའ་ཤས་ཡོད། མ་དཔེ་ལེན་སྟངས་གང་ཡིན་ཀྱང་བླངས་པའི་མ་དཔེ་ལ་བར་ཁྱད་ངེས་ཅན་ཞིག་ཡོད་པ་ནི་གཡོལ་དཀའ་ཞིག་ཡིན་ཏེ། མ་དཔེ་ལེན་སའི་གནས་དང་ཟབ་ཚད། བླངས་པའི་ཟགས་ཐོན་དངོས་པོ་ཚད་ཐིག་ལ་ཐོན་མིན་གྱི་དབང་གིས་བརྟག་དཔྱད་མཇུག་འབྲས་ལ་ཤུགས་རྐྱེན་ཐེབས་སྲིད་པ་ཡིན། དེ་བས་ཡང་དང་བསྐྱར་དུ་ཉིང་སྐྱུར་བརྟག་དཔྱད་བྱ་དགོས་པ་ཡིན།

བཞི། ནད་དུག་འགོས་ཡོད་པའི་མི་ལ་ནད་རྟགས་དངོས་སུ་ཐོན་ནས་ན་བར་གྱུར་བའི་གོ་རིམ་ཁྲོད་དུ། ཡང་དང་བསྐྱར་དུ་ཉིང་བསྐྱུར་བརྟག་དཔྱད་བྱས་ན། ནད་པ་དེ་ལ་འགོས་ཡོད་པའི་ནད་དུག་གི་མང་ཉུང་དང་ནད་ཀྱི་ལྕི་ཡང་ཐག་གཅོད་ཐུབ་པས། ཚད་གཞི་དེ་ལ་བརྟེན་ནས་གནད་ལ་འཁེལ་བའི་གསོ་བཅོས་བྱས་ན་ནད་པ་མྱུར་དུ་དྲག་སྐྱེད་འབྱུང་བར་ཕན་པ་ཡོད།

 

   མཐར་གཏུགས་ན། ཉིང་སྐྱུར་བརྟག་དཔྱད་བྱེད་པ་ནི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་བྱེད་ཐབས་གཙོ་བོ་ཡིན་ཏེ། མི་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་བྱེད་པ་ལ་བརྟེན་ནས་ནད་རྟགས་ཅན་གྱི་ནད་པ་དང་ནད་རྟགས་མེད་པའི་ནད་པ་སྔ་མོ་ནས་ངེས་འཛིན་ཐུབ་པར་མ་ཟད། ཉེན་ཁ་ཆེ་བའི་ས་ཁུལ་དང་གཙོ་གནད་དུ་གྱུར་བའི་མི་ཚོགས་གཏན་ཁེལ་བྱས་ཏེ། དུས་ཐོག་དུ་ཁ་གཏད་རང་བཞིན་གྱི་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱས་ན། རིམས་ནད་རྒྱ་ཁྱབ་ཏུ་འགོས་མཆེད་འགྲོ་བ་འགོག་སྡོམ་བྱེད་ཐུབ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ།
རྩོམ་སྒྲིག་པ། འབའ་སྣང་གྲོལ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 2yq5 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ​ཡང་དང་བསྐྱར་དུ་ཉིང་སྐྱུར་བརྟག་དཔྱད་བྱ་དགོས་དོན་ག་རེ་ཡིན།   སྤེལ་མཁན།: སྒྲོལ་མ་རྒྱལ། སྤེལ་དུས:2022/4/22
དུས་བཅད་ལྟར་རིམ་པ་བཞིན་ཉིང་སྐྱུར་བརྟག་དཔྱད་བྱེད་པ་ནི་གལ་འགངས་ཆེ་བའི་ལས་དོན་ཡིན་པས་དོན་འཁྱོལ་བྱ་དགོས།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
10721569
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།