རྭ་རྒྱའི་སློབ་གྲྭ་ལ་ཅི་ལྟར་ཞུགས་དགོས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2022 ལོའི་ཟླ 7 ཚེས 3 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འོས་སྦྱོར་གླིང་། »རྭ་རྒྱའི་སློབ་གྲྭ་ལ་ཅི་ལྟར་ཞུགས་དགོས།
རྭ་རྒྱའི་སློབ་གྲྭ་ལ་ཅི་ལྟར་ཞུགས་དགོས།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-04-19ལྟ་ཀློག (1592)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་པའི་གོ་རིམ་སོགས་གསལ་བཤད་ཉུང་བསྡུས། 

 གྱི་ལིང་འཇིགས་མེད།

    རྟག་པར་ཁ་པར་དང་སྐད་འཕྲིན་གྱི་ལམ་ནས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཅི་ལྟར་ཞུགས་དགོས། ཁྱོད་ཀྱིས་ང་ལ་མིང་ཐོ་ཞིག་བཀོད་ན་ཆོག་གམ། རྒྱུགས་ལེན་རྒྱུ་ཡོད་དམ། དུས་གང་ཡིན་ལ་ཡོང་ནས་ཞུགས་ཆོག་གམ། ཟུར་ཞུགས་བྱས་ནས་འདུག་ཆོག་གམ་ཟེར་བ་སོགས་དྲི་བ་མང་བོ་ཞིག་གཅིག་འཕྲོར་གཅིག་བྱས་ནས་ཡོང་བཞིན་འདུག དེ་རིང་བདག་གིས་སློབ་གླིང་གི་འཕྲིན་སྟེགས་འདི་བརྒྱུད་ནས་ལན་ཧ་ཅང་སྟབས་བདེ་ཞིག་འབུལ་རྒྱུ་ཡིན། 

    གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ལ་ཞུགས་འདོད་ན་ལོ་རེའི་སྤྱི་ཟླ་དགུ་བའི་ཚེས་བརྒྱད་ཉིན་དངོས་སུ་སློབ་གྲྭར་ཡོང་ནས་ཞུགས་དགོས། 

    ལོ་རེ་རེའི་སྤྱི་ཟླ་དགུ་བའི་ཚེས་བརྒྱད་ཉིན་བར་དུ་ནམ་ཡིན་ཡང་མིང་ཐོ་དགོད་ཆོག 

    མིང་ཐོ་འགོད་སྐབས་སློབ་མ་རང་གི་ཉེ་ལམ་གྱི་འདྲ་པར་ཞིག་དང་། ཐོབ་དཔང་གི་པར་གཅིག སྒོར་བརྒྱ་བཅས་དགོས། རྒྱུ་ཆ་འདི་དག་མི་གཞན་བརྒྱུད་ནས་བསྐུར་ནའང་ཆོག་ལ། སློབ་གྲྭའི་དགེ་རྒན་དང་ལས་བཟོ་བ་སོགས་ལ་དྲ་ལམ་ནས་བསྐུར་ཏེ་མིང་ཐོ་བཀོད་ནའང་ཆོག 

    གྲྭ་གྲོང་ལ་དབྱེ་བ་མེད་པར་ཞུགས་ཆོག ཆ་རྐྱེན་གཙོ་བོ་ནི་ལོ་བཅུ་དྲུག་ཡན་ནམ། ཡང་ན་དམའ་འབྲིང་མཐར་ཕྱིན་ལག་རྟགས་ཡོད་དགོས། 

    སྤྱི་ཟླ་དགུ་བའི་ཚེས་བརྒྱད་ཉིན་གཅིག་གྱུར་གྱི་རྒྱུགས་ལ་ཞུགས་དགོས། རྒྱུགས་འབྲས་ལྟར་འཛིན་གྲྭ་དགར་དགོས་པས། གལ་ཏེ་ཆུ་ཚད་ངེས་ཅན་ཞིག་ཡོད་ན་མཐོ་འབྲིང་དུ་ཞུགས་ཆོག ད་སྔ་ཡི་གེ་གཏན་ནས་མ་སྦྱངས་པ་དང་། བོད་ཡིག་གསར་དུ་སློབ་མཁན་ལྟ་བུའི་རིགས་ཀྱིས་དངོས་གཞི་ནས་གསར་དུ་སྦྱང་ཆོག 

    སློབ་ཡུན་ནི་ཆེས་རིང་བ་ལོ་དྲུག་དང་ཆེས་ཐུང་བ་ལོ་གསུམ། དེ་བཞིན་རྒྱུགས་འབྲས་ལྟར་ལོ་ལྔ་དང་བཞི་ཅན་བཅས་ཅི་རིགས་ཡོད། 

    སྦྱང་བྱ་ནི་སུམ་རྟགས་དག་གསུམ་གྱི་རྨང་གཞིའི་སྟེང་ལ་སྙན་ངག་མངོན་བརྗོད། སྐར་རྩིས་སོགས་རིག་གནས་ཆུང་བ་ལྔ་དང་། དེ་བཞིན་སྒྲ་དང་ཚད་མ། བོད་དབྱིན་རྩིས་གསུམ། རྒྱ་ཡིག་བཅས་གང་འཚམ་རེ་དང་། མཐོ་འབྲིང་སྐབས་བོད་ཡིག་ཆེས་མཐོའི་ཆེད་སྦྱོང་འཛིན་གྲྭ་དང་། གསོ་རིག་ཆེད་སྦྱོང་། བཟོ་རིག་ཆེད་སྦྱོང་། གློག་བརྙན་ཆེད་སྦྱོང་། དབྱིན་ཡིག་ཆེད་སྦྱོང་། གློག་ཀླད་ཆེད་སྦྱོང་སོགས་རང་རང་གི་དགའ་མོས་ལྟར་ཆེད་སྦྱོང་སྣ་ཚོགས་འདེམས་ཆོག 

   སློབ་མཐར་ཕྱིན་སྐབས་རྒྱལ་ཡོངས་གཅིག་གྱུར་ལྟར་ཞིང་ཆེན་སློབ་གསོ་ཐིན་གྱིས་ཆེད་ལས་མཐོ་འབྲིང་གི་ལག་རྟགས་སྟེར་བཞིན་ཡོད་ལ། སློབ་མཐར་ཕྱིན་རྗེས་སློབ་ཆེན་ཆེད་སྦྱོང་དང་དངོས་གཞི། ཞིབ་འཇུག འབུམ་རམས་སོགས་བཏོན་པའི་སློབ་མ་མང་བོ་ཡོད་པ་བཞིན་སློབ་མ་ཚང་མར་གོ་སྐབས་ཆེན་པོ་ཡོད།

    ཟུར་ཞུགས་བྱས་ཏེ་སློབ་ཁྲིད་ལ་ཉན་ནས་འདུག་མི་ཆོག ད་སྔ་འདིའི་རིགས་དོ་དམ་སོགས་གང་ཅིའི་ཐད་ནས་དཀའ་ངལ་ཆེ་བས་བཀོད་སྒྲིག་བྱས་མེད།  

    སློབ་མའི་ཡོང་ཁུངས་ལ་སྔར་བཞིན་ཚད་བཟུང་མེད་པས་ཞིང་ཆེན་ཕྱི་ནང་གང་གི་ཡིན་ཡང་ཆོག 

    ད་དུང་གསལ་བཤད་བྱ་རྒྱུ་ཞིག་ལ་ད་སྔ་ལོ་ཚད་མ་ལོངས་པའི་མིང་ཐོ་ཅུང་མང་བས་གལ་ཏེ་གོ་སྐབས་དམ་འཛིན་བྱས་ན་དེ་དག་ཕུད་པའི་རྗེས་ནས་ཁྱོད་རང་ད་ལོར་ཐད་ཀར་སློབ་གྲྭ་ལ་ཞུགས་ཐུབ་པ་འདྲ། སྒེར་ནས་དྲི་བ་གནང་མཁན་ཡོངས་ལ་དཀྱུས་གཅིག་ཏུ་ལན་འདི་ཕུལ་བ་ཡིན། 

     མིང་ཐོ་འགོད་མཁན་བློ་བཟང་བདེ་ལེགས་ཡིན་ལ། གཤམ་གྱི་ཁ་པར་ཨང་གྲངས་འདི་བརྒྱུད་ནས་ཁོང་གི་སྐད་འཕྲིན་ལ་སྦྲེལ་ཆོག མིང་ཐོ་འགོད་དགོས་ཞེས་པ་ལྟ་བུའི་གསལ་བཤད་ཡོད་ན་ཁོང་གིས་སྒེར་འབྲེལ་དང་ལེན་བྱ་ངེས། 

ཁ་པར་ཨང་གྲངས། 18097158222


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ།
རྩོམ་སྒྲིག་པ། འབའ་སྣང་གྲོལ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། liao བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
11406202
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།