ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་མཚམས་སྦྱོར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2022 ལོའི་ཟླ 5 ཚེས 20 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གི་རྩ་འཛུགས། »ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་མཚམས་སྦྱོར།
ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་མཚམས་སྦྱོར།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-03-23ལྟ་ཀློག (956)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་མཚམས་སྦྱོར། 

    མཚོ་སྔོན་ཞིང་ཆེན་དགེ་ལས་སྤྱིའི་ཚོགས་པ་ཐོན་མི་སམ་བྷོ་ཊ་རོགས་སྐྱོར་ཐེབས་རྩའམ་ཐོན་མིའི་སློབ་ཚོགས་ཞེས་པ་འདི་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་སློབ་ཐུན་མོང་གིས་གྲུབ་པའི་སློབ་གྲོགས་མཉམ་འབྲེལ་ཚོགས་པ་ཞིག་ཡིན་ལ།   སྤྱི་ལོ་༢༠༡༤ལོའི་ཟླ་༧པའི་ཚེས་༡༣ཉིན་སློབ་གླིང་རང་གི་འཁྲུངས་སྟོན་སྐབས་ཉི་ཤུ་བའི་དགེ་སློབ་ལྷན་འཛོམས་ཀྱི་གླགས་དང་བསྟུན་ནས་མདོ་དབུས་ཁམས་གསུམ་གྱི་མཁས་པ་བརྒྱད་ཅུ་ལྷག་གདན་དྲངས་ནས་ཐོན་མིའི་སློབ་གསོའི་ཕྱོགས་ནས་བགྲོ་གླེང་རྒྱ་ཆེར་གནང་ཞིང་།    སྐབས་དེར་སློབ་གླིང་འདིའི་བྱེད་པོ་བོད་ཀྱི་སློབ་གསོ་བ་ཆེན་མོ་རྒན་དམ་པ་འཇིགས་མེད་རྒྱལ་མཚན་མཆོག་སྐུ་དངོས་ཀྱིས་དབུ་ཁྲིད་པར་བརྟེན་ནས་གསར་དུ་བཙུགས་པ་ཡིན།      སློབ་ཚོགས་འདིའི་ཁ་ཕྱོགས་ནི་ཐོན་མིའི་སློབ་གསོའི་རྩ་དོན་གཞིར་བཟུང་ནས་དགེ་རྒན་འཇིགས་མེད་རྒྱལ་མཚན་མཆོག་གི་དགོངས་བཞེད་དང་མཐུན་དགོས་པར་མ་ཟད།  སློབ་ཚོགས་ཀྱིས་ནམ་ཡང་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མཐུན་པར་མ་ཡུམ་སློབ་གྲྭ་དང་མཐུན་སྒྲིལ།  མཉམ་གནས།  སྐྱིད་སྡུག་མཉམ་མྱོང་གིས་ལས་དོན་བསྒྲུབ་དགོས་པ་དང་།  མཐར་ཕྱིན་སློབ་མ་གཙོས་པའི་སྤྱི་ཚོགས་ཡོངས་ལ་སྣེ་ཁྲིད་དང་གཞོག་འདེགས།  མིག་དཔེ་སྟོན་ཐུབ་དགོས།


མཐར་ཕྱིན་སྐབས་དང་པོའི་རྒྱུན་ལས་འཐུས་ཚབ་པ། 

དངོས་མིང་།   དགེ་འདུན་བསམ་གཏན།
པིར་མིང་།  འགར་རྩེ་རིག་ལྡེ
དྲ་མིང་།    རྨུ།
ཕ་ཡུལ།    མཚོ་ལྷོ་འབའ་རྫོང་ཞོལ་མ་ཡུལ་ཚོ།

ལས་གནས།   སྐབས་དང་པོའི་རྒྱུན་ལས་འཐུས་ཚབ་པ། 

1994-1999གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་མཐར་ཕྱིན།

 2003__2006 དབྱིན་བོད་གཉིས་ཀ་ལེགས་བྱང་རབ་འབྱམས་པའི་དཔང་ཡིག་ཐོབ།
 2007-2010.དབྱིན་ཡིག་རིམ་པ་བཞི་པའི་དཔང་ཡིག་ཐོབ།

 2014-2017མཚོ་སྔོན་དགེ་འོས་སློབ་ཆེན་ནས་སློབ་མཐར་ཕྱིན།

 

མཐར་ཕྱིན་སྐབས་གཉིས་པའི་འཛིན་གྲྭའི་རྒྱུན་ལས་འཐུས་ཚབ་པ།

དངོས་མིང་།  གུ་རུ་སྐྱབས།(འབྲུག་རྩེ་འབུམ།)
གངས་ལྗོངས་འོད་འབར་རྨོངས་སེལ་ཚོགས་པའི་ཚོགས་གཙོ་ཟུར་བ།
འབའ་ཡུལ་ཐོན་མིའི་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྤྱི་གཉེར་ཁོང་མི།
སློབ་གླིང་གི་ལོ་མཇུག་བྱ་བའི་སྤྱི་སྡོམས་ཁྲོད་ལོ་གཉིས་ལ་བསྟུད་མར་ཕུལ་བྱུང་ལས་འཛིན་པའི་བྱ་དགའ་ཐོབ།

མཐར་ཕྱིན་སྐབས་གསུམ་པའི་འཛིན་གྲྭའི་རྒྱུན་ལས་འཐུས་ཚབ་པ།

དངོས་མིང་།    དམ་ཆོས་ཕུན་ཚོགས།                   

ཕ་ཡུལ།    མཚོ་ལྷོ་མང་རྫོང་བྱ་མདོ་ཡུལ་ཚོ།       
༡༩༩༥-༢༠༠༡བར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་སློབ་སྦྱོང་བྱས། 
ལས་གནས།    གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས།
མང་རྫོང་ཐོན་མིའི་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་ཚིགས་རྩོམ་སྒྲིག་པ་དང་དྲ་ཚིགས་གསར་འགོད་པ། 

མགོ་ལོག་འཇིགས་མེད་རྒྱལ་མཚན་རིག་གནས་སློབ་གསོ་བློ་འདྲི་ཚད་ཡོད་མཐུན་གཉེར་ཁང་གི་རྒྱུན་ལས།

མཐར་ཕྱིན་སྐབས་བཞི་བའི་རྒྱུན་ལས་འཐུས་ཚབ་པ །        

དངོས་མིང་བསོད་ནམས་ཚེ་རིང།

དྲྭ་མིང་བྷོ་ཊའི་རེ་སྒུག
སྤྱི་ལོ་༡༩༩༤ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ལ་ཞུགས།
སྤྱི་ལོ་༢༠༠༢ལོར་སློབ་མཐར་ཕྱིན།
སྤྱི་ལོ་༢༠༠༢ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་ཞུགས།

སྤྱི་ལོ་༢༠༠༣ལོར་ཕྱི་ཕྱོགས་སུ་སློབ་སྦྱོང་ལ་སོང་།

མཐར་ཕྱིན་སྐབས་ལྔ་བའི་རྒྱུན་ལས་འཐུས་ཚབ་པ །

དངོས་མིང་།  དཀོན་མཆོག་བཟང་བོ།
༡༩༩༧ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས།
༢༠༠༥སློབ་མཐར་ཕྱིན།
ད་ལྟ་རྭ་དགོན་དགའ་ལྡན་བཀྲ་ཤིས་འབྱུང་གནས་སྔ་རིགས་ནང་བསྟན་སློབ་་གཉེར་ཁང་ན་སློབ་སྦྱོང་བྱེད་བཞིན་ཡོད།


མཐར་ཕྱིན་སྐབས་དྲུག་པའི་འཛིན་གྲྭའི་རྒྱུན་ལས་འཐུས་ཚབ་པ།

དངོས་མིང་། དཀོན་མཆོག་བསམ་འགྲུབ། 
སྡོད་གནས། རྨ་ལྷོ་སོག་རྫོང་། 
༢༠༠༤ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་སློབ་མཐར་ཕྱིན། 
༢༠༡༡ནུབ་བྱང་མི་རིགས་སློབ་ཆེན་ནས་མཐར་ཕྱིན། 
༢༠༡༡ལོའི་ཟླ༩ནས་བཟུང་དགེ་རྒན་ཞིག་གི་མིང་ཙམ་ཁུར་ནས་ཡོད།
 

 མཐར་ཕྱིན་སྐབས་བདུན་པའི་རྒྱུན་ལས་འཐུས་ཚབ་པ །

མིང་ལ་ཁྲི་སྙིང་རྒྱལ་ཟེར་ཞིང་། ཕ་ཡུལ་ནི་མཚོ་སྔོན་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་བདུད་ཤུལ་སྡེ་བའི་ཡིན། ཕ་ཡུལ་གྱི་སློབ་ཆུང་མཐར་ཕྱིན་རྗེས། རྭ་རྒྱ་ཤེས་རིག་ནོར་བུའི་གླིང་དུ་ཞུགས་ནས་རྒྱ་བོད་དབྱིན་གསུམ་གྱི་བསླབ་ཚན་དག་སློབ་གཉེར་བྱས་ཏེ་མཐར་ཕྱིན། 2010ལོར་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་ཆེད་སྦྱོང་རིམ་པར་རྒྱུགས་འཕྲོད་དེ་སློབ་གཉེར་མཐར་ཕྱིན། 2013ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཀྱི་སྡེ་ཁག་ནས་དངོས་གཞིའི་རིམ་པ་མཐར་ཕྱིན།2018ལོར་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་དེ་སློབ་གསོ་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་སློབ་གཉེར་མཐར་ཕྱིན། སྔ་རྗེས་སུ༼དབྱིན་ཡིག༽ཡུལ་སྐོར་སྣེ་ཤན་པ་དང་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་དམའ་འབྲིང་གི་དབྱིན་ཡིག་དགེ་རྒན། མགོ་ལོག་ཁུལ་རྟ་བོ་སློབ་འབྲིང་གི་མཐོ་འབྲིང་བོད་ཡིག་དགེ་རྒན། སི་ཁྲོན་དཀར་མཛེས་ཁུལ་སྡེ་དགེ་རྫོང་ཁམས་ཞེ་ཆེན་བྱམས་བརྩེ་དྭ་ཕྲུག་སློབ་གྲྭའི་སློབ་གཙོ་གཞོན་པ་དང་དབྱིན་བོད་གཅིག་ལྕོག་དགེ་རྒན་བཅས་ཀྱི་འགན་ཁུར། ད་ལྟ་མགོ་ལོག་གཅིག་སྒྲིལ་རྫོང་རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭའི་དབྱིན་ཡིག་དགེ་རྒན་གྱི་ལས་ཀ་གཉེར་བཞིན་ཡོད།


མཐར་ཕྱིན་སྐབས་བརྒྱད་པའི་འཛིན་གྲྭའི་རྒྱུན་ལས་མཐུས་ཚབ་པ།   

དངོས་མིང་། འཇམ་དབྱངས་དཔལ་བཟང་།  

  རྟེན།   གྲྭ་བ།    

དགོན་པ།  རྭ་རྒྱ་དགོན།    

ལས་ཀ   སྨན་པའི་བྱ་བ།

མཐར་ཕྱིན་སྐབས་དགུ་བའི་འཛིན་གྲྭའི་རྒྱུན་ལས་འཐུས་ཚབ་པ།
ངོས་མིང་།  དོན་འགྲུབ།
ཕ་ཡུལ། རྨ་ལྷོ་སོག་རྫོང་།
ས་གནས། ཁུ་སུན་ཞིང་ཤིང་བཟའ་ལྷ་སྡེ།
2000ལོར་གངས་ལྗོངས་ཤིས་རིག་ནོར་བུའི་སློབ་གླིང་དུ་ཞུགས། 
2002ལོར་གངས་ལྗོངས་ཤིས་རིག་ནོར་བུའི་སློབ་གླིང་གི་བདེ་སྲུང་ཁང་གི་འགན་ཁུར།
2006ལོར་གངས་ལྗོངས་ཤིས་རིག་ནོར་བུའི་སློབ་གླིང་ནས་སློབ་མཐར་ཕྱིན།
20019ལོར་གངས་ལྗོངས་ཤིས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་འས་ཚབ་མི་སྣ་བདམས། 

  

མཐར་ཕྱིན་སྐབས་བཅུ་བའི་འཛིན་གྲྭའི་རྒྱུན་ལས་འཐུས་ཚབ་པ།

དངོས་མིང་། བསོད་ནམས་རབ་སྣང་།

ཕ་ཡུལ། མགོ་ལོག་ཁུལ་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ།
ལས་གནས། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་དྲུང་ཡིག་པ།
རྨ་ཆེན་རྫོང་ཁྱུང་ཆེན་ཀོ་པགས་ཆེད་གཉེར་མཉམ་སྒྲུབ་ཚོང་སྡེའི་འགན་འཛིན་པ།
གངས་ལྗོང་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་ཚིགས་རྩོམ་སྒྲིག་པ་དང་དྲ་ཚིགས་གསར་འགོད་པ།
མགོ་ལོག་འཇིགས་མེད་རྒྱལ་མཚན་རིག་གནས་སློབ་གསོ་བློ་འདྲི་ཚད་ཡོད་མཐུན་གཉེར་ཁང་གི་རྒྱུན་ལས།
དུས་ཀྱི་སྨྲ་ལྕེ་དྲ་ལམ་རིག་གནས་བགྲོ་གླེང་གི་གཙོ་སྐྱོང་བ།
གོ་ལོག་རི་བོང་བློ་ལྡན་སློབ་སྦྱོང་མཉེན་ཆས་ཀྱི་འགན་འཛིན་གཞོན་པ།  


མཐར་ཕྱིན་སྐབས་བཅུ་གཅིག་པའི་འཛིན་གྲྭའི་རྒྱུན་ལས་འཐུས་ཚབ་པ།
དངོས་མིང་། བློ་བཟང་འོད་ལྡན།
ཕ་ཡུལ། མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་ཞོལ་མ་ཡུལ་ཚོ།
ལས་གནས། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས།
རྨ་ཆེན་རྫོང་རྨ་ཀླུང་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་ཀྱི་ཚོགས་གཙོ།

རྨ་ཆེན་རྫོང་གངས་ལྗོངས་མཉམ་སྒྲུབ་ཚོང་སྡེའི་མཉམ་འབྲེལ་ཚོང་སྡེ་ཡི་མ་བདག་གི་འཐུས་མི།

མཐར་ཕྱིན་སྐབས་བཅུ་གཉིས་པའི་མཐར་ཕྱིན་འཛིན་གྲྭའི་འཐུས་ཚབ་པ།

མིང་།  ལོ་ཆུང་།  སློབ་གླིང་དུ་ཡོད་དུས་ལོ་ངོ་དྲུག་གི་རིང་ལ་སྐབས་བཅུ་གཉིས་པའི་འཛིན་དཔོན་དང་རྩོམ་སྒྲིག་པ་སློབ་སྲིད་ཁང་གི་ལས་མི་བཅས་ཀྱི་འགན་ཁུར་མྱོང་།  མཐར་ཕྱིན་རྗེས་ནུབ་བྱང་མི་རིགས་སློབ་ཆེན་དང་ལྷ་ས་སོགས་ནས་སློབ་སྦྱོང་བྱས།   ད་ལྟ་སྐབས་བཅུ་གཉིས་པའི་མཐར་ཕྱིན་འཛིན་གྲྭའི་འཐུས་ཚབ་རྒྱུན་ལས་དང་ཀན་ལྷོ་ཐོན་མའི་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ་བཅས་ཡིན།

མཐར་ཕྱིན་སྐབས་བཅུ་གསུམ་པའི་འཛིན་གྲྭའི་རྒྱུན་ལས་འཐུས་ཚབ་པ། 

དངོས་མིང་།  འཕྲིན་ལས་ཉི་མ།  པིར་མིང་།  རྨ་སྲས་ཕོ་ཉ།  

ལས་གནས།  ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲྭ་ཚིགས་རྩོམ་སྒྲིག་པ་དང་གསར་འགོད་པ།  

མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭའི་དགེ་རྒན། 

 གྱང་རིང་དགོན་རྨ་རྒྱལ་ཆོས་རིག་སློབ་གླིང་གི་སྤྱིའི་འགན་འཛིན་པ།  

གྱང་རིང་དགོན་པའི་དགོན་གཙོ། 

བརྩམས་ཆོས་ཀྱི་སྐོར་ལ། སྙན་ངག་གི་དེབ་སྟེ་གླིང་བུ་རྒྱང་འབུད་དང་། ཕུག་རོན་གྱི་གསང་བརྡ། ཕུག་རོན་གྱི་གཤོག་འགྱུར་དང་། བརྡ་སྤྲོད་ཀྱི་དེབ་སྟེ། བྱིས་པའི་དགའ་སྟོན། གཞོན་ནུའི་ལམ་ཡིག ཐོན་མིའི་འཛུབ་སྟོན། བདེན་པའི་ཚངས་ཐིག་བཅས་བཞི་དང་། ཚིག་ཐུང་རྩོམ་ཡིག་གི་དེབ་སྟེ།  སྐད་ཆའི་རླབས་སྒྲ་དང་། ཚིག་གི་ཕྲེང་བ། དཔེ་ཀློག་བཅས་ཡོད་དོ།། 

མཐར་ཕྱིན་སྐབས་བཅུ་བཞི་བའི་འཛིན་གྲྭ་དང་བོ། 
མིང་། འཇིགས་མེད་བློ་གསལ། 
རྟེན། གྲྭ་བ།
ས་གནས། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་དམེ་ཤུལ་ཐང་སར་དགོན་པ། 
ཉིས་སྟོང་དྲུག་ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ཤིང་ཉིས་སྟོང་བཅུ་གཅིག་ལོར་སློབ་མཐར་ཕྱིན། 
ཉིས་སྟོང་བཅུ་བཞི་ལོར་སློབ་དཔོན་དམ་པ་འཇིགས་མེད་རྒྱལ་མཚན་མཆོག་གི་གསུང་བཤད་ཟིན་བྲིས་<<སློབ་གསོ་བ་ཞིག་གི་བློ་གྲོས་ལས་ཐོན་པའི་གསེར་གྱི་གཏེར་ཁ་>>ཞེས་པ་པར་དུ་བསྐྲུན་ཏེ་བཀྲམ། 
༢༠༡༤ལོའི་ཟླ་༧པར་གངས་ལྗོངས་ཤེས་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་སུ་བདམས། 
དམེ་ཤུལ་སློབ་གསོའི་ཐེབས་རྩ་ཚོགས་པའི་རྒྱུན་ལས་ཚོགས་གཙོ་གཞོན་པ། 
བསང་ཆུ་རྫོང་ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས། 
དམེ་ཤུལ་ཐང་སར་དགོན་རིག་གནས་སྦྱོང་བརྡར་འཛིན་གྲྭའི་དགེ་རྒན་བཅས་ཀྱི་འགན་འཁུར་བཞིན་ཡོད། 


མཐར་ཕྱིན་སྐབས་བཅུ་བཞི་བའི་འཛིན་གྲྭ་གཉིས་པའི་རྒྱུན་ལས་འཐུས་ཚབ་པ།
དངོས་མིང་། དཀོན་མཆོག་ཆོས་རྒྱན། 
རྟེན། གྲོང་བ།
ཕ་ཡུལ།  མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་རྩི་གོར་ཐང་གྲོང་རྡལ་རྨ་བྱང་ཤ་བྲང་ཚོ་དྲུག་གི་ནང་ཚན་ཕྱིས་རྒྱ་སྡེ་བ། 
ཤེས་རིག་ནོར་བུའི་སློབ་གླིང་གི་༢༠༡༡ལོའི་མཐར་ཕྱིན་སློབ་མ།
  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གླིང་སྟོད་གསར་བཞེངས་ཐད་ཀྱི་དགེ་ལས་སྦྱིན་བདག་ཐོག་མ་བཙལ་མཁན་དང་།   སློབ་དཔོན་རིན་པོ་ཆེ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གི་གསུང་ཆོས་རྩོམ་སྒྲིག་ཁང་གི་ཁུངས་མི་ལ།  ཤེས་རིག་སྒྲོལ་མེ་གཙོ་སྒྲུབ་ཚན་ཆུང་འཛུགས་མཁན། བྲག་དཀར་རྫོང་འཇིགས་མེད་མཉམ་སྐྱོད་སློབ་ཚོགས་ཀྱི་རྒྱུན་ལས།  བྲག་དཀར་རྫོང་དཀྱིལ་སྙིང་ཚོང་ར་བསྐྱར་འཛུགས་བློ་འདྲི་ལྷན་ཚོགས་ཀྱི་ཁུངས་མི་བཅས་ཡིན་ལ། 
༢༠༡༢-༢༠༡༤བར་གངས་ལྗོངས་ཤེས་རིག་དར་སྤེལ་སློབ་གླིང་གི་ལས་བཟོ་བའི་འགན་ཁུར།
༢༠༡༤-༢༠༡༧བར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ལས་བཟོ་བའི་འགན་ཁུར།
༢༠༡༦ལོར་རྩི་གོར་ཐང་གྲོང་རྡལ་དམངས་ཁྲོད་ཁོར་ཡུག་བདག་གཉེར་དོ་དམ་མཐུན་ཚོགས་གསར་འཛུགས་བྱས། 
༢༠༡༩ལོར་མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར་ཁང་དང་མཉམ་འབྲེལ་གྱིས་རྒྱལ་ཡོངས་རང་བཞིན་གྱི“སྣོད་བཅུད་རྟགས་མའི”ལྷུག་རྩོམ་འགྲན་སྡུར་གྱི་བྱ་འགུལ་སྤེལ།
༢༠༢༠ལོར་རྫོང་སྲིད་གཞུང་གིས་བྲག་དཀར་རྫོང་ཡུལ་སའི་འཇོན་མི་གསོ་སྦྱོང་ལྟེ་གནས་མཐུན་ཚོགས་གསར་འཛུགས་བྱེད་སྐབས་ཟླ་ཕོག་མེད་པར་སྲིད་གཞུང་གི་རེ་བཅོལ་ལྟར་དམངས་ཕན་གྱི་ལས་ཀ་བསྒྲུབས།

མཐར་ཕྱིན་སྐབས་བཅོ་ལྔ་བའི་རྒྱུན་ལས་འཐུས་ཚབ་པ།

དངོས་མིང་། རྡོ་ཐར།
ཕ་ཡུལ། མགོ་ལོག་ཁུལ་དགའ་བདེ་རྫོང་ཁྱི་འབྲི་ཡུལ་ཚོ་ཁྱི་འབྲི་སྡེ་བ།
ལས་གནས། ཁྱི་འབྲི་མི་རིགས་དཔར་སྐྲུན་ཁང་གི་འགན་འཛིན་པ།

ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་མཐར་ཕྱིན་སྐབས་བཅོ་ལྔ་བའི་རྒྱུན་ལས་འཐུས་མི་ཡིན།


མཐར་ཕྱིན་སྐབས་བཅུ་དྲུག་པའི་འཛིན་གྲྭ་གཉིས་པའི་རྒྱུན་ལས    

མིང་། མགར་པད་མ།    

སྤྱི་ལོ་༢༠༡༣ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་མཐར་ཕྱིན།

མཐར་ཕྱིན་རྗེས་དགོན་སྡེའི་དོ་དམ་མི་སྣ་སོགས་ཀྱི་ལས་འགན་ཁུར་ཏེ་ཞབས་ཞུ་གང་ཐུབ་རེ་སྒྲུབ་བཞིན་པ་ལགས་སོ།།


མཐར་ཕྱིན་སྐབས་བཅུ་བདུན་པའི་རྒྱུན་ལས་འཐུས་ཚབ་པ། 

དངོས་མིང་།   དཔལ་གྱི་སེངྒེ་།
ཕ་ཡུལ།    མཚོ་ལྷོ་ཁུལ་བྲག་དཀར་རྫོང་གནམ་ཐང་སྡེ་བ། 
ལས་གནས།   སྐབས་བཅུ་བདུན་པའི་རྒྱུན་ལས་འཐུས་ཚབ་པ། 
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་2014ལོའི་མཐར་ཕྱིན་སློབ་མ།   ཕ་སྐད་ཚན་ཆུང་ནས་བྱ་བ་གཉེར། 

མཐར་ཕྱིན་སྐབས་བཅོ་བརྒྱད་པའི་འཛིན་གྲྭའི་རྒྱུན་ལས་འཐུས་ཚབ་པ། 

ཚེ་དབང་རྒྱལ། སི་ཁྲོན་རྔ་བ། 
2005ལོར་རྔ་བ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་འགྲིམ། 
2011ལོར་རྔ་བ་ཁུལ་བོད་ཡིག་སློབ་འབྲིང་འགྲིམ། 
2013ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས། 
2015ལོར་ནུབ་བྱང་མི་རིགས་སློབ་ཆེན་དུ་ཞུགས། 
ད་ལྟ་ཡུན་ནན་ཡུལ་སྣེའི་མིག་ས་གནས་རིག་གནས་ཞིབ་འཇུག་ལྟེ་གནས་སུ་ལས་ཀ་ལས་བཞིན་ཡོད་ལ། ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་མཐར་ཕྱིན་སྐབས་བཅོ་རྒྱུན་པའི་རྒྱུན་ལས་འཐུས་མི་ཡིན། 

མཐར་ཕྱིན་སྐབས་བཅོ་བརྒྱད་པའི་འཛིན་གྲྭའི་རྒྱུན་ལས་འཐུས་ཚབ་པ།

དངོས་མིང་། འཕྲིན་ལས་རྣམ་རྒྱལ།
ཕ་ཡུལ། ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་། 
ལས་གནས། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་ཚོགས་མི། 
སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གི་དྲ་བའི་རྩོམ་སྒྲིག་པ།
སྣར་ཐང་རིག་གནས་སྨྱན་སྦྱོར་ཚད་ཡོད་མཐུན་གཉེར་ཁང་གི་སྤྱིའི་འགན་འཛིན་པ།  

ཡུལ་ཤུལ་ཁུལ་སྐབས་བཅོ་ལྔ་པའི་སྲིད་གྲོས་ཨུ་ཡོན།



མཐར་ཕྱིན་སྐབས་བཅུ་དགུ་བའི་འཛིན་གྲྭ་དང་བོའི་ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་འཐུས་ཚབ་པ།

དངོས་མིང་། བློ་བཟང་ཆོས་དར།

ལོ་དྲུག་གི་ཐོག་ལི་ཐང་དགོན་ཆེན་ནས་རབ་ཏུ་བྱུང་། རིམ་གྱིས་འདོན་ཆོག་དང་ཚད་མའི་གཞུང་དག་ལ་སློབ་གཉེར་བྱས། 

ཉིས་སྟོང་བཅུ་གཅིག་ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས། ཉིས་སྟོང་བཅུ་དྲུག་ལོར་སློབ་མཐར་ཕྱིན། སློབ་གྲྭའི་སྐད་ཡིག་སྤྱི་བསྡོམས་པའི་འགན་ལོ་གཅིག་ལ་ཁུར། མཐར་ཕྱིན་སྐབས་བཅུ་དགུ་བའི་ཐོན་མིའི་སློབ་ཚོགས་ཀྱི་འཐུས་ཚབ་པར་བདམས།   

ཉིས་སྟོང་བཅུ་དྲུག་ལོར་《ལམ་གྲོ།》ཞེས་པའི་བྲིན་ཆེ་བའི་སྒྱུར་རྩོམ་ཞིག་སྤྱི་ཚོགས་སུ་བཀྲམ།

 ཉིས་སྟོང་བཅུ་བདུན་ནས་ད་ལྟའི་བར་བླ་བྲང་བཀྲ་ཤིས་འཁྱིལ་དང་རེབ་གོང་སོགས་ནས་ནང་བསྟན་ཆོས་གཞུང་གཙོས་བོད་ཀྱི་རིག་གནས་ལ་བག་ཆགས་ཕྲན་ཙམ་རེ་བཞག


 མཐར་ཕྱིན་སྐབས་བཅུ་དགུ་བའི་འཛིན་གྲྭ་གཉིས་པའི་ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་འཐུས་ཚབ་པ།

དངོས་མིང་། སྐྱེ་རྒུ་དོན་གྲུབ། 

 ༢༠༡༦ ལོར་གངས་ལྗོངས་ཤེས་རིག་ནོར་བུ་སློབ་གླིང་ནས་མཐར་ཕྱིན།  

ནུབ་བྱང་མི་རིགས་སློབ་གྲྭ་ནས་སློབ་ཆེན་མཐར་ཕྱིན།   

ད་ལྟ་བོད་ཀྱི་སྐར་རྩིས་རིག་པ་དང་གསོ་བ་རིག་པ་ལ་སློབ་སྦྱོང་བྱེད་ཀྱིན་ཡོད།  

མཐར་ཕྱིན་སྐབས་ཉི་ཤུ་བའི་འཛིན་གྲྭ་འཛིན་གྲྭ་དང་བོའི་རྒྱུན་ལས་འཐུས་ཚབ་པ།

དངོས་མིང་། དཀོན་མཆོག་ཡོན་ཏན།  
རྟེན། གྲྭ་བ།
ཕ་ཡུལ། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདོ་ལ་རྫོང་འབྲོག་ལུང་ཡུལ་ཚོ་མདའ་བཞི་སྡེ་བ། 
ལས་གནས། གངས་ལྗོངས་ཤེས་རིག་ནོར་བུའི་སློང་གླིང་གི་སྐབས་ཉི་ཤུ་བའི་འཛིན་གྲྭ་དང་བོའི་རྒྱུན་ལས།


མཐར་ཕྱིན་སྐབས་ཉི་ཤུ་བའི་འཛིན་གྲྭ་གཉིས་པའི་རྒྱུན་ལས་འཐུས་ཚབ་པ།

མིང་། སངས་རྒྱས།
ཕ་ཡུལ། ཀན་ལྷོ་ཁུལ་བསང་ཆུ་རྫོང་དམེ་ཤུལ།
ལས་གནས། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས། 

མཐར་ཕྱིན་སྐབས་ཉེར་གཅིག་མཐར་ཕྱིན་དང་བོའི་འཛིན་གྲྭའི་རྒྱུན་ལས་འཐུས་ཚབ་པ། 

ཅོ་ནེ་བཟོད་པ་རྒྱ་མཚོ།   སྤྱི་ལོ་1990'1་12ལོར་ཅོ་ནེ་རྫོང་བྲག་ལྕོག་ཐང་སྡེ་བར་སྐྱེས།  

བྲག་ལྕོག་ཐང་སྡེ་བ་ནས་སློབ་ཆུང་འགྲིམས། ལས་རིགས་གྲྭ་བ།  ཆུང་དུས་ནས་རབ་ཏུ་བྱུང་སྟེ་སྟག་ཚང་དགོན་དགའ་ལྡན་ཕུན་ཚོགས་གླིང་ནས་ཆོས་སྒོར་ཞུགས། 

རང་དགོན་དང་བླ་བྲང་སོགས་སུ་སློབ་གཉེར་ཅུང་བྱས།  ཤེས་རིག་ནོར་བུའི་གླིང་གི་སྐབས་ཉེར་གཅིག་པའི་འཛིན་གྲྭ་དང་བོའི་མཐར་ཕྱིན་སློབ་མ་ཡིན། 

ད་ལྟ་སྟག་ཚང་དགོན་དགའ་ལྡན་ཕུན་ཚོགས་གླིང་ན་ཚོགས་ཆོས་གྲྭར་འགྲིམ་ཞོར་དུ་ཐོན་མིའི་རྒྱུན་ལས་ཀྱི་འགན་ཁུར་ནས་ཡོད།

  


མཐར་ཕྱིན་སྐབས་ཉེར་གཅིག་མཐར་ཕྱིན་གཉིས་པའི་འཛིན་གྲྭའི་རྒྱུན་ལས་འཐུས་ཚབ་པ། 
དངོས་མིང་། ཚེ་དབང་དཔལ་འབྱོར།
ཕ་ཡུལ། ཡུལ་ཤུལ་ཁུལ་ནང་ཆེན་རྫོང་། 
ལས་གནས། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་ཚོགས་མི། 
ནང་ཆེན་རྗོང་མེ་ལོང་རིག་གནས་སྨྱན་སྦྱོར་ཚད་ཡོད་མཐུན་གཉེར་ཁང་གི་སྤྱིའི་འགན་འཛིན་པ།  

མཐར་ཕྱིན་སྐབས་ཉེར་གཉིས་པའི་འཛིན་གྲྭ་དང་བོའི་རྒྱུན་ལས་འཐུས་ཚབ་པ།

དངོས་མིང་།    སྒར་བློ་བཟང་ཤེས་རབ།
ཕ་ཡུལ།     སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྫོང་ཐང་སྐོར་གྲོང་རྡལ།
སྤྱི་ལོ༡༩༨༨ལོར་མདོ་སྨད་ཐང་སྐོར་སྐ་བར་མ་ནས་སྐྱེས་ཤིང་ལོ་བཅུའི་སྟེང་རབ་ཏུ་བྱུང་སྟེ་སོག་ཚང་དགོན་དགའ་ལྡན་བཀྲ་ཤིས་ཐེག་ཆེན་གླིང་དུ་ཆོས་གྲྭར་ཞུགས་ཏེ་འདོན་ཆ་སོགས་ལ་རིམ་བཞིན་སྦྱངས། 
༢༠༡༣གངས་ལྗོངས་ཤེས་རིག་ནོར་བའི་སློབ་གླིང་དུ་ཞུགས། 
༢༠༡༥ལོ་ནས་འཇིགས་མེད་ལབ་ཙེ་རུ་དཔུང་ཚང་གི་འཛིན་གྲྭའི་འཛིན་དཔོན་གྱི་འགན་ལོ་ལྔ་ལ་འཁུར། 
༢༠༡༦ལོར་འཇིགས་མེད་ཀུན་སྤྱོད་བྱ་དགའ་ཨང་དང་བོ་ཐོབ།
༢༠༡༨ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྤྱིའི་སྐབས་ཉེར་གཉིས་པའི་ཕ་སྐད་དོ་དམ་ཚན་ཆུང་གི་ཚོགས་གཙོ།
༢༠༡༩ལོར་སློབ་མཐར་ཕྱིན་ཁར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་ལ་གདམས་ཐོན་བྱུང་།
 ༢༠༡༩ལོར་སློབ་མཐར་ཕྱིན་རྗེས་རང་དགོན་དུ་ལོག་ཅིང་ཕར་ཕྱིན་ནས་དབུ་བརྩམས་ཏེ་སློབ་གཉེར་ཕྲན་ཙམ་ཞིག་བྱེད་དང་བྱེད་ཡོད།
༢༠༡༩ལོ་ནས་ཐང་སྐོར་དགོན་གྲོང་གཉིས་ཀྱི་དུས་དེབ་གུར་ཀུམ་གསར་བའི་ཆུན་པོའི་རྩོམ་སྒྲིག་པའི་འགན་ཁུར་དང་འཁུར་བཞིན་པ་ལགས་སོ། །

མཐར་ཕྱིན་སྐབས་ཉེར་གཉིས་པའི་འཛིན་གྲྭ་གཉིས་པའི་རྒྱུན་ལས་མཐུས་ཚུབ་པ།

དངོས་མིང་། རིན་ཆེན་བཟང་བོ།
ཕ་ཡུལ། མཚོ་ལྷོ་ཁུལ་བྲག་དཀར་རྫོང་རྩི་གོར་ཐང་གྲོང་རྡལ།
ལས་གནས། གངས་ལྗོངས་ཤེས་རིག་ནོར་བའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས།

སྐབས་ཉེར་གསུམ་པའི་མཐར་ཕྱིན་འཛིན་གྲྭ་དང་པོའི་རྒྱུན་ལས་འཐུས་ཚབ་པ།

དངོས་མིང་། བློ་བཟང་དབང་ཕྱུག
ཕ་ཡུལ། དཀར་མཛེས་ལི་ཐང་།
ལས་གནས། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་ཚོགས་མི།   
ཀཾ་པོ་གནས་སྒོ་དགོན་པའི་ཤེས་ཡོན་ཚོགས་པའི་ཚོགས་མི།  

ཀཾ་པོ་གནས་སྒོ་དགོན་པའི་དཔེ་མཛོད་ཁང་གི་ལས་མི།

  

མཐར་ཕྱིན་སྐབས་ཉེར་གསུམ་པའི་འཛིན་གྲྭ་གཉིས་པའི་རྒྱུན་ལས་མཐུས་ཚབ་པ།                     
དངོས་མིང་།   མགར་གསང་སྔགས་རྒྱ་མཚོ།    
ཕ་ཡུལ།  མཚོ་ལྷོ་ཁུལ་འབའ་རྫོང་རྨ་བྱང་ཡུལ་ཚོ།  
 ཆུང་དུས་ནས་བཟུང་ཕ་ཡུལ་གྱི་སློབ་ཆུང་འགྲིམས་ཤིང་རང་ལོ་བཅུ་གཉིས་སྟེང་རབ་ཏུ་བྱུང་སྟེ་གཙང་དགོན་དོན་གྲུབ་རབ་བརྟན་གླིང་གི་ཆོས་སྒོར་ཞུགས།  དགོན་པའི་ཆོ་ག་ཆོས་སྤྱོད་འགའ་བློ་འཛིན་བྱེད་ཞོར་བསྡུས་གྲྭ་དང་གྲུབ་དོན་ས་གསུམ་བཅས་ལ་སྦྱང་བ་བྱས། ༢༠༡༣ལོར་གཙང་དགོན་ལྔ་རིག་ལེགས་བཤད་སློབ་གླིང་དུ་ཟུར་ཞུགས་བྱས་ཏེ་བགྲང་བྱ་གསུམ་འདས་རྗེས་སློབ་མཐར་ཕྱིན།
༢༠༡༧ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས། སློབ་གླིང་དུ་སྡོད་ཡུན་ལོ་ངོ་བཞི་ཡི་རིང་རང་འཛིན་གྲྭའི་འཛིན་དཔོན་དང་བོད་ཡིག་ཆེད་སྦྱོང་གི་འཛིན་དཔོན། སྐབས་ཉེར་གསུམ་པའི་སློབ་གླིང་སྤྱིའི་རྩོམ་སྒྲིག་པའི་ཚོགས་གཙོ། འཛིན་གྲྭའི་ནང་ཁུལ་གྱི་རྩོམ་སྒྲིག་པ་བཅས་ཀྱི་འགན་ཁུར་མྱོང་། 
༢༠༡༩ལོར་རང་དགོན་གྱི་གྲོགས་རིགས་པ་སྨྲ་བ་འཛིན་གྲོགས་རྣམ་པ་དང་ལྷན་དུ་ཕར་ཕྱིན་དམ་བཅའ་འཇོག་རྒྱུའི་སྐལ་བཟང་མངོན་དུ་གྱུར།
༢༠༢༠ལོར་མཐར་ཕྱིན་ཏེ་བོད་ཡིག་ཆེད་ལས་ཀྱི་དཔང་ཡིག་ཐོབ། 
ལས་གནས།   གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་ཚོགས་མི་དང་།  གཙང་དགོན་ལྔ་རིག་ལེགས་བཤད་སློབ་གླིང་གི་དགེ་རྒན་གྱི་ལས་འགན་འཁུར་གྱིན་ཡོད་དོ།།

མཐར་ཕྱིན་སྐབས་ཉེར་བཞི་བའི་འཛིན་གྲྭ་དང་བོའི་རྒྱུན་ལས་འཐུས་ཚབ་པ།

དངོས་མིང། བློ་བཟང་ཆོས་འཕེལ། 
ཕ་ཡུལ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་།
བསླབ་གནས། ཆེད་ལས་མཐོ་འབྲིང་མཐར་ཕྱིན།  

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས།

  

མཐར་ཕྱིན་སྐབས་ཉེར་བཞི་བའི་འཛིན་གྲྭ་གཉིས་པའི་རྒྱུན་ལས་འཐུས་ཚབ་པ།

དངོས་མིང་། བསོད་ནམས་བློ་གྲོས། 
ཕ་ཡུལ།  མཚོ་བྱང་མདོ་ལ། 
སྡོད་གནས། མཚོ་ལྷོ་བྲག་དཀར།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ།
རྩོམ་སྒྲིག་པ། འབའ་སྣང་གྲོལ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། urkx བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
10747882
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།