གངས་ལྗོངས་ཚོང་རའི་གསར་འགྱུར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2022 ལོའི་ཟླ 9 ཚེས 25 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »གངས་ལྗོངས་ཚོང་རའི་གསར་འགྱུར།
གངས་ལྗོངས་ཚོང་རའི་གསར་འགྱུར།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-01-25ལྟ་ཀློག (5719)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གསར་འགྱུར་བསྡུས་འཕྲིན།

   སྤྱི་ལོ2022ལོའི་སྤྱི་ཟླ1ཚེས1ཉིན་མགོ་ལོག་གངས་ལྗོངས་ཞིང་ཕྱུགས་ཆེད་གཉེར་མཉམ་སྒྲུབ་ཚོང་སྡེའི་མཉམ་འབྲེལ་ཚོང་སྡེ་ཡི་ད་ལོའི་སྐབས་བབས་ཀྱི་ལས་འཛིན་པ་དག་གིས་ཟླ་བ་གསུམ་གྱི་རིང་ལ་ཚོང་སྡེ་སྤྱིའི་གནས་ཚུལ་ལ་རྒྱུས་ལོན་དང་འགོ་ཁྲིད་སྔ་གཞུག་བར་གྱི་རྒྱུ་དངོས་སྤྲད་ལེན་སོགས་རྒྱལ་ཁབ་ཆེན་པོའི་ཁྲིམས་དང་མཐུན་ལ་མ་བདག་ཁོངས་མི་ཡོངས་ཀྱི་ཐུགས་དང་མཐུན་པའི་སྒོ་ནས་ཞིབ་རྒྱས་སུ་བླངས་བའི་གནས་ཚུལ་སྤྱི་སྡོམ་བྱས་ཏེ། འཆར་གཞི་གསར་བ་དང་བཀོད་སྒྲིག་གསར་བའི་འོག་ནས་རང་ཚོང་སྡེའི་མཐའ་འདུག་གི་སྡེ་བ་ཉེར་གཅིག་ལ་ཆེད་དུ་སོང་ནས་ཁོངས་གཏོགས་མ་བདག་དག་ལ་དངོས་ཡོད་མ་རྐང་དག་སྒྲིག་དང་ཚོང་སྡེའི་འདས་མ་ད་གསུམ་གྱི་གནས་ཚུལ་གསལ་རྗེན་དུ་སྙན་ཞུ་བྱས་པར་མ་ཟད།སྐྱིད་སྡུག་གི་གཏམ་གླེང་གང་མང་བྱས་པ་བརྒྱུད་ནས་ང་ཚོས་སེམས་ཤུགས་ཆེ་རུ་བསྐྱེད་དེ་རྒྱལ་ཁབ་དང་མི་རིགས་ཀྱི་དཔལ་འབྱོར་ལ་ཞབས་འདེགས་ཀྱི་ཚུལ་དུ་ས་གནས་འཕེལ་རྒྱས་དང་མི་རིགས་འཕེལ་རྒྱས།མདོར་ན་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཕྱོགས་ལ་སྔར་ལས་ཀྱང་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས་པའི་བསམ་ཚུལ་གཅིག་མཐུན་དུ་བཏོན་པ་དང་།རང་རང་གི་འདོད་མོས་ལྟར་མ་རྐང་གསར་བཞག་དང་གསར་སྣོན་སོགས་བྱེད་འཆར་ཡོད་པ་གཤམ་གསལ་ལྟར།


རྭ་རྒྱ་ཆུ་བ་རྒྱ་བཟའ་སྡེ་བ་ནས་མ་རྐང་དམངས་སྒོར 606110 བཞག     


རྭ་རྒྱ་སེར་ཐོ་སྡེ་བ་ནས་མ་རྐང་དམངས་སྒོར405000 བཞག 


རྭ་རྒྱ་ཙང་གུ་དང་སུ་རིག་ཆེན་སྡེ་བ་གཉིས་ནས་མ་རྐང་དམངས་སྒོར 248333 བཞག 


རྭ་རྒྱ་གཡོན་གཞིས་སྡེ་བ་ནས་མ་རྐང་དམངས་སྒོར 20000 བཞག  


རྭ་རྒྱ་དགོན་པ་དང་སློབ་གྲྭ་གཉིས་ནས་མ་རྐང་དམངས་སྒོར 3810000 བཞག  


ཞོལ་མ་ཡུལ་ཚོ་ནས་མ་རྐང་དམངས་སྒོར 216111 བཞག  

རྭ་རྒྱ་ནགས་སྐོར་སྡེ་བ་ནས་མ་རྐང་དམངས་སྒོར 250000 བཞག  

རྭ་རྒྱ་དགོན་པའི་དགེ་འདུན་པ་མི་སྒེར་ནས་མ་རྐང་དམངས་སྒོར 229999 བཞག  


རྭ་རྒྱ་ཧྭ་བྱ་སྡེ་བ་དང་ཇ་སག་སྡེ་བ།ཡག་ཁྱ་སྡེ་བ།ལྷ་སྡེ།ཐེབ་བྱས་སྡེ་བ་བཅས་ཀྱི་མ་བདག་ཚོགས་འདུ་བསྡུས་ཤིང་།ཧྭ་བྱ་སྡེ་བ་ནས་མ་རྐང་དམངས་སྒོར15000བཞག  


རྨ་བྱང་ཡུལ་ཚོ་ནས་མ་རྐང་དམངས་སྒོར 163333 བཞག 


ལྷག་བསམ་དཀར་བའི་མི་ཁྱད་པར་བ། སྡེ་ཁག་དམིགས་བསལ་བ་སྐོར་ཞིག་གི་གནས་ཚུལ། 
རྭ་རྒྱ་དགོན་པ་ལ་སྔོན་ཚོང་སྡེ་ནས་ཆད་པའི་མ་སྒོར་ཡོངས་སུ་འཕྲོད་ཟིན་པ་དང་།ལྷག་བསམ་རྣམ་དག་གིས་སྐྱེད་ཀ1238283.8ཡོད་པ་དེ་སྒོར་ཟུར་གཅིག་ཀྱང་སྟེར་མི་དགོས་པར་མཐའ་འདུག་ཚོ་བར་ཞལ་འདེབས་ཀྱི་ཚུལ་དུ་ཕུལ་བ་ཡིན་པར་ཐག་བཅད།
2.གཡོན་གཞིས་སྟོབས་རྒྱལ་ལགས་ལ་སྔོན་ཚོང་སྡེ་ནས་ཆད་པའི་མ་སྒོར་ཡོངས་སུ་འཕྲོད་ཟིན་པ་དང་།རྒན་ལགས་ཀྱིས་ལྷག་བསམ་རྣམ་དག་གིས་སྐྱེད་ཀ682638.8ཡོད་པ་དེ་སྒོར་ཟུར་གཅིག་ཀྱང་སྟེར་མི་དགོས་པར་མཐའ་འདུག་ཚོ་བར་ཞལ་འདེབས་ཀྱི་ཚུལ་དུ་ཕུལ་བ་ཡིན་པར་ཐག་བཅད།
3.ལྷ་སྡེ་རྡོ་རྗེ་ཁྲོ་རྒྱལ་ལགས་ལ་སྔོན་ཚོང་སྡེ་ནས་ཆད་པའི་མ་སྒོར་ཡོངས་སུ་འཕྲོད་ཟིན་པ་དང་།རྒན་ལགས་ཀྱིས་ལྷག་བསམ་རྣམ་དག་གིས་སྐྱེད་ཀ562706ཡོད་པ་དེ་སྒོར་ཟུར་གཅིག་ཀྱང་སྟེར་མི་དགོས་པར་མཐའ་འདུག་ཚོ་བར་ཞལ་འདེབས་ཀྱི་ཚུལ་དུ་ཕུལ་བ་ཡིན་པར་ཐག་བཅད།
 
4.རྨ་བྱང་བཀྲ་ཤིས་རྒྱ་མཚོ་ལགས་ལ་སྔོན་ཚོང་སྡེ་ནས་ཆད་པའི་མ་སྒོར་ཡོངས་སུ་འཕྲོད་ཟིན་པ་དང་།རྒན་ལགས་ཀྱིས་ལྷག་བསམ་རྣམ་དག་གིས་སྐྱེད་ཀ468266ཡོད་པ་དེ་སྒོར་ཟུར་གཅིག་ཀྱང་སྟེར་མི་དགོས་པར་མཐའ་འདུག་ཚོ་བར་ཞལ་འདེབས་ཀྱི་ཚུལ་དུ་ཕུལ་བ་ཡིན་པར་ཐག་བཅད།
5.ཡག་ཁྱ་མགོན་པོ་སྐྱབས་ལགས་ལ་སྔོན་ཚོང་སྡེ་ནས་ཆད་པའི་མ་སྒོར་ཡོངས་སུ་འཕྲོད་ཟིན་པ་དང་།རྒན་ལགས་ཀྱིས་ལྷག་བསམ་རྣམ་དག་གིས་སྐྱེད་ཀ48133.4ཡོད་པ་དེ་སྒོར་ཟུར་གཅིག་ཀྱང་སྟེར་མི་དགོས་པར་མཐའ་འདུག་ཚོ་བར་ཞལ་འདེབས་ཀྱི་ཚུལ་དུ་ཕུལ་བ་ཡིན་པར་ཐག་བཅད།
6.ཝ་ཤར་བསྟན་དབང་གིས་བསྐྱིས་པའི་མ་སྒོར་ཡོངས་སུ་ཕྱིར་འཕྲོད་ཅིང་སྐྱེད་ཀ766ཡོད་པ་དེ་སྟེར་མི་དགོས་པར་མཐའ་འདུག་ཚོ་བར་ཞལ་འདེབས་ཀྱི་ཚུལ་དུ་ཕུལ་བ་ཡིན་པར་ཐག་བཅད།
7. ཐེབ་ཤེས་བློ་བཟང་གིས་བསྐྱིས་པའི་མ་སྒོར་ཡོངས་སུ་ཕྱིར་འཕྲོད་ཅིང་སྐྱེད་ཀ47704.6 ཡོད་པ་དེ་སྟེར་མི་དགོས་པར་མཐའ་འདུག་ཚོ་བར་ཞལ་འདེབས་ཀྱི་ཚུལ་དུ་ཕུལ་བ་ཡིན་པར་ཐག་བཅད།

8. བསྟན་འཛིན་འབྱོར་ལྡན་ལགས་ལ་སྔོན་ཚོང་སྡེ་ནས་ཆད་པའི་མ་སྒོར་ཡོངས་སུ་འཕྲོད་ཟིན་པ་དང་།རྒན་ལགས་ཀྱིས་ལྷག་བསམ་རྣམ་དག་གིས་སྐྱེད་ཀ167500ཡོད་པ་དེ་སྒོར་ཟུར་གཅིག་ཀྱང་སྟེར་མི་དགོས་པར་མཐའ་འདུག་ཚོ་བར་ཞལ་འདེབས་ཀྱི་ཚུལ་དུ་ཕུལ་བ་ཡིན་པར་ཐག་བཅད་པ་སོགས་རླབས་ཆེན་གྱི་སྐྱེས་བུ་འདི་དག་གི་ནམ་མཁའ་ལས་ཡངས་པའི་བློ་རྒྱ་དང་རྒྱ་མཚོ་ལས་ཟབ་པའི་རིགས་ཞེན་གྱི་འདུ་ཤེས་ལ་ང་ཚོས་དུས་ནམ་ཡང་སློབ་སྦྱོང་བྱས་ཏེ་དཀའ་ཁག་ལ་མགོ་མི་སྒུར་བར་མདུན་སྐྱོད་བྱ་བའི་ཆོད་སེམས་བརྟན་པོ་ཡོད།

གསར་འགྱུར་འབྲི་མཁན། རྭ་རྒྱ་རྟ་མགྲིན་སྐྱབས།




སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ།
རྩོམ་སྒྲིག་པ། འབའ་སྣང་གྲོལ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། b80e བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
13459786
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:516617821
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།