མགོ་ལོག་གངས་ལྗོངས་ཚོ​ང་རའི་གསར་འགྱུར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2022 ལོའི་ཟླ 9 ཚེས 25 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »མགོ་ལོག་གངས་ལྗོངས་ཚོ​ང་རའི་གསར་འགྱུར།
མགོ་ལོག་གངས་ལྗོངས་ཚོ​ང་རའི་གསར་འགྱུར།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས 2021-12-28ལྟ་ཀློག (9107)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མགོ་ལོག་གངས་ལྗོངས་ཚོང་རའི་གསར་འགྱུར།

     མགོ་ལོག་གངས་ལྗོངས་ཞིང་ཕྱུགས་ཆེད་གཉེར་མཉམ་སྒྲུབ་ཚོང་སྡེའི་མཉམ་འབྲེལ་ཚོང་སྡེ་ཡི་སྐབས་གཉིས་པའི་མ་བདག་འཐུས་མིའི་ཚོགས་ཆེན་རང་ཚོང་སྡེའི་དགྱེས་འཛོམས་ཚོམས་ཆེན་ནས་བསྡུས་ཤིང་། སྤྱི་ལོ2021ལོའི་སྤྱི་ཟླ12ཚེས26ཉིན་གྱི་ཞོགས་པའི་ཆུ་ཚོད900   ནས་ཕྱི་དྲོའི་ཆུ་ཚོད600 བར་དུ་ཚོགས་འདུ་བསྡུས།  ཚོགས་ཐོག་ཏུ་མགོ་ལོག་ཁུལ་དང་རྫོང་གི་མཐུན་ཚོགས་གཉིས་ཀྱི་འགན་འཛིན་འགོ་ཁྲིད་དང་རྭ་རྒྱ་དགོན་པའི་དམངས་གཙོ་དོ་དམ་ཁང་གི་དབུ་བཞུགས་འགོ་གཙོ། གཞན་ད་དུང་མཐའ་འདུག་ཚོ་བཞིའི་སྐྱིད་སྡུག་ལ་ལྷག་བསམ་དཀར་བའི་གདན་ཞུའི་དགེ་འདུན་པ་དང་རྨ་རྒྱལ་ཚོང་སྡེ། རྫ་དམར་ཚོང་སྡེ་སོགས་ཀྱི་འགན་འཛིན་འགོ་ཁྲིད་དང་རང་ཚོང་སྡེའི་སྐབས་བབས་ཀྱི་ལས་འཛིན་ལྷན་ཚོགས། དེ་མིན་རང་ཚོང་སྡེའི་མ་བདག་ཁྱིམ་གྲངས་དྲུག་བརྒྱ་ལ་ཉེ་བའི་སྐུ་ཚབ་འཐུས་མི་ཡོངས་དངོས་སུ་ཚོགས་ཞུགས་བྱས་ཏེ། ཚོང་སྡེའི་སྐྱིད་སྡུག་ལ་གླེང་མོལ་བྱས་ཤིང་ད་ལྟའི་གནས་བབས་དང་མ་འོངས་པའི་འཕེལ་རྒྱས་ལ་ཀུན་གྱིས་བསམ་གཞིག་ཡང་ཡང་བཏང་མཐར་རྭ་རྒྱ་དགོན་དང་ཤེས་རིག་ནོར་བུའི་སློབ་གླིང་གཉིས་གཙོ་བྱས་དགོན་སྡེ་དང་སློབ་གྲྭ།ཚོང་སྡེ་དང་མི་སྒེར་བཅས་ནས་དམངས་སྒོར་ཁྲི་བཞི་བརྒྱ་སོ་གསུམ4330000ལྷག་གི་མ་རྐང་གསར་བཞག་བྱས་ཤིང་། དཀའ་ཁག་ཆེ་བའི་དཀྱོགས་མཚམས་ཤིག་ནས་ན་གཞོན་ཁག་ཅིག་གིས་སྣེ་ཁྲིད་དེ་དཔུང་བ་མཉམ་གཤིབ་ཀྱིས་འབྱོར་འབྲིང་སྤྱི་ཚོགས་ཀྱི་ལམ་ལ་གོམ་པ་སྤོས་ཤིང་།

      ཡན་ལག་སྡེ་ཁག་ལྔ་ལ་ན་གཞོན་འཇོན་ནུས་ཅན་གྱི་འགོ་ཁྲིད་གཙོ་གཞོན་བཅུ་འདེམས་པར་གྲོས་འཆམ་བྱུང་མ་ཟད།རྭ་རྒྱ་རྟ་མགྲིན་སྐྱབས་ཀྱིས་སྤྱིའི་ལག་བསྟར་པའི་འགན་བླངས་ཤིང་སྤྱིའི་ལས་འཛིན་དཔོན་བསྟན་འཛིན་འགྲོ་དོན་གྱིས་ཚོགས་འདུ་ལ་སྣེ་ཁྲིད་བྱས་ཏེ་ཚོགས་འདུའི་ཡུལ་ངོས་ནས་རྒྱལ་ཁབ་ཆེན་པོའི་ཁྲིམས་དང་མཐུན་པའི་སྒོ་ནས་སྤྱིའི་དམངས་ཆེན་འཐུས་མི་སྟེ་ཉིན་དེའི་འགོ་ཁྲིད་འདེམས་བསྐོ་བྱ་བའི་ལྟ་ཞིབ་པ་གཉིས་བདམས་པ་དང་།འདེམས་ཤོག་བརྒྱུད་མཁན་གཉིས་དང་འདེམས་ཤོག་ཕྱིར་བསྡུ་མཁན་དང་ཁྱབ་བསྒྲགས་བྱེད་མཁན་གཉིས།འདེམས་ཤོག་རྩིས་ལེན་བྱེད་མཁན་གཅིག་དང་འདེམས་ཐོན་མི་སྣ་ཐོ་འགོད་བྱེད་མཁན་གཅིག་བཅས་ཡུལ་ངོས་ནས་མང་གཙོ་བྱས་ཏེ་བདམས་ཤིང་།ཁྲིམས་མཐུན་དང་དྲང་བདེན་གཞིར་བཟུང་སྟེ་འདེམས་ཤོག་གི་མང་ཉུང་ལྟར་ཆུ་བ་རྒྱ་བཟའི་བསོད་ནམས་རབ་སྣང་དང་། རྨ་བྱང་བྲག་ཞོལ་སྡེ་བའི་བློ་ལྡན་གཉིས་ཁྱུང་ཆེན་ཚོང་སྡེའི་ལས་འཛིན་དཔོན་གཙོ་གཞོན་ལ་གདམ་ཐོན་བྱུང་ཞིང་།སུ་རིག་ཆེན་གྱི་ཏིང་འཛིན་སྐྱབས་དང་ཞོལ་མ་ཡུལ་ཚོའི་ཆོས་འབུམ་རྒྱལ་གཉིས་ལག་རྩལ་ཚོང་སྡེའི་ལས་འཛིན་དཔོན་གཙོ་གཞོན་ལ་གདམ་ཐོན་བྱུང་།གཞན་ད་དུང་སེར་ཐོ་སྡེ་བའི་གདུགས་དཀར་སྐྱབས་དང་སེར་ཐོ་སྡེ་བའི་བསོད་ནམས་ཚེ་རིང་གཉིས་གནས་གཙང་ཕྱུགས་ཐོན་ཚོང་སྡེའི་ལས་འཛིན་དཔོན་གཙོ་གཞོན་ལ་གདམ་ཐོན་བྱུང་བར་མ་ཟད།ཞོལ་མ་སྟག་ལུང་སྡེ་བའི་འཇིགས་སྐྱབས་དང་སེར་ཐོ་སྡེ་བའི་རྡོ་རྗེ་གཉིས་གཡུ་འབྲུག་ཚོང་སྡེའི་ལས་འཛིན་དཔོན་གཙོ་གཞོན་ལ་གདམ་ཐོན་བྱུང་། དེ་མིན་ལྷ་སྡེ་ཡི་མྱུར་མཛད་དང་སེར་ཐོ་སྡེ་བའི་བསྟན་འཛིན་བསམ་མཆོག་གཉིས་རྨ་འགྲམ་ཚོང་སྡེའི་ལས་འཛིན་དཔོན་གཙོ་གཞོན་ལ་གདམ་ཐོན་བྱུང་།

    མཐར་སྤྱིའི་ལས་འཛིན་དཔོན་གཞོན་པ་རྭ་ཚང་ཚེ་རིང་དབང་རྒྱལ་གྱིས་གངས་ལྗོངས་ཚོང་རའི་རྒྱུ་དངོས་ཟླ་ངོ་གཉིས་ལྷག་གི་དུས་ཚོད་སྤྱད་དེ་རྩིས་ལེན་བྱས་པའི་གོ་རིམ་དང་དངོས་ཡོད་ཀྱི་རྒྱུ་དངོས། མ་འོངས་པའི་ཁ་ཕྱོགས་དང་མ་རྐང་སོགས་ཀྱི་སྐོར་ནས་ཕྱི་གསལ་ནང་གསལ་ཞིག་བསྒྲགས་པར་མ་ཟད།རྩིས་ལེན་གྱི་གོ་རིམ་ཁག་བཅུ་བདུན་དུ་བགར་ནས་བླངས་ཡོད་པ་དང་གངས་ལྗོངས་ཚོང་རའི་དངོས་ཡོད་ཀྱི་ས་ཆའི་རྒྱ་ཁྱོན་དང་འཛུགས་སྐྲུན་གྱི་རྒྱ་ཁྱོན། རྒྱུ་དངོས་རྫས་གསུམ་ཞིབ་ཏུ་རྩིས་བརྒྱབ་པ་སྤྱི་བསྡོམས་བྱས་ནས་གསལ་བསྒྲགས་བྱས་པ་དང་།གངས་ལྗོངས་ཚོང་ར་སྤྱིའི་མ་བདག་དང་མ་རྐང་གི་སྤྱི་གྲངས། བླངས་ཟིན་པའི་བགོ་བྱ་དང་འཕར་སྣོན། ད་ལྟའི་དངོས་ཡོད་ཀྱི་མ་རྐང་གི་སྤྱི་གྲངས་དང་སང་ལོའི་ལོ་མཇུག་ནས་བཟུང་བགོ་བྱ་རྒྱག་རྒྱུ་ཡིན་ཚུལ་སོགས་ཀྱི་སྐོར་ནས་སྙན་ཞུ་བྱས་ཤིང་། ང་ཚོས་ནམ་ཡང་དཔུང་བ་མཉམ་གཤིབ་བྱས་ནས་ཤུགས་རྒྱག་དགོས་པ་དང་བུད་ན་སྒང་གཅིག་དང་ལྷུང་ན་གཞུང་གཅིག་བྱེད་པའི་སེམས་ཤུགས་དང་མཐུན་སྒྲིལ་ཡོད་ན་གངས་ལྗོངས་ཚོང་ར་ནམ་ཡང་འུ་ཚོའི་ཡིན་པ་མ་ཟད་གངས་ལྗོངས་ཚོང་ར་ནི་གཞི་རྒྱ་ཆེ་བའི་ཚོང་སྡེ་ཞིག་ཡིན་པས་འུ་ཚོས་མ་འཇོན་ན་སུས་ཀྱང་མི་འཇོན་ལ། ང་ཚོའི་ལས་འཛིན་པ་དག་ལའང་དུས་ནམ་ཡང་ཤུགས་རྒྱག་པའི་ཆོད་སེམས་བརྟན་པོ་ཡོད་པ་སོགས་གསན་གལ་ཆེའི་སྙན་ཞུའི་ཕུལ་ཞིང་ཚོགས་འདུའི་མགོ་མཇུག་ལེགས་པར་བསྡུས།

གངས་ལྗོངས་ཚོང་རའི་ལས་འཛིན་པ་རྭ་རྒྱ་རྟ་མགྲིན་སྐྱབས་ཀྱིས་ཚོགས་འདུ་གཙོ་སྐྱོང་དང་མདོ་འཛིན་བྱས།

མགོ་ལོག་ཁུལ་ཚོང་ཚོགས་ཀྱི་ཚོགས་གཙོ་གཞོན་པ། རྨ་ཆེན་རྗོང་ཚོང་ཚོགས་ཀྱི་ཚོགས་གཙོ་བྷ་ཡོ་ནས་གཏམ་བཤད་གནང་གིན་པ།

རྨ་ཆེན་རྫོང་ཚོང་ཚོགས་ཀྱི་ཚོགས་གཙོ་གཞོན་པ། རྫ་དམར་ཚོང་སྡེའི་ལས་འཛིན་དཔོན་མདོ་སྔགས་རྒྱ་མཚོ་ཡིས་གཏམ་བཤད་གནང་བ།

གངས་ལྗོངས་ཚོང་རའི་ལས་འཛིན་དཔོན་བསྟན་འཛིན་འགྲོ་དོན་གྱིས་གཏམ་བཤད་གནང་བ།

འདེམས་བསྐོའི་དབང་འཛིན་མི་སྣ་འདེམ་བཞིན་པ།

འདེམས་ཤོག་གསལ་བསྒྲགས་བྱེད་བཞིན་པ།

འདེམས་ཤོག་ལ་རྩིས་རྒྱག་གིན་པ།

བདམས་ཐོན་བྱུང་བའི་སྡེ་ཁག་སོ་སོའི་ལས་འཛིན་དཔོན་གཙོ་གཞོན།

མ་རྐང་གསར་འཇོག་གནང་བཞིན་པའི་རྣམ་པ།

ཚོང་རའི་ལས་འཛིན་དཔོན་གཞོན་པ་རྭ་ཚང་ཚེ་རིང་དབང་རྒྱལ་གྱིས་ཚོགས་འདུའི་མཇུག་བསྡུས།

གསར་འགོད་པ།  རྭ་རྒྱ་རྟ་མགྲིན་སྐྱབས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ།
རྩོམ་སྒྲིག་པ། འབའ་སྣང་གྲོལ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། c91f བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  མགོ་ལོག་གངས་ལྗོངས་ཚོ​ང་རའི་གསར་འགྱུར།   སྤེལ་མཁན།: རྭ་བསིལ་རླུང་། སྤེལ་དུས:2021/12/2
ན་གཞོན་དག་གི་དཔུང་པ་མཉམ་བཤིབ་བྱས་པ་དེ་འཕེལ་རྒྱས་ཤིག་རེད། སྟོབས་ཤུགས་ཤིག་རེད། ཁྱེད་རྣམས་པ་ཚེ་རིང་། མདུན་ལམ་ལ་འོད་སྟོང་འབར་ཤོགས།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
13459807
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:516617821
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།