དེབ་གསར་འགྲེམ་བརྡ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2022 ལོའི་ཟླ 6 ཚེས 27 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འོས་སྦྱོར་གླིང་། »དེབ་གསར་འགྲེམ་བརྡ།
དེབ་གསར་འགྲེམ་བརྡ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2016-12-23ལྟ་ཀློག (4665)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


དེབ་གསར་འགྲེམ་བརྡ།

རང་རིགས་རྒྱ་ཆེའི་སློབ་གཉེར་བ་རྣམས་ལ་ཞུ་རྒྱུར།

    དེ་ཡང་ཕྲན་གྱིས་བོད་དབྱིན་རྒྱ་གསུམ་ཤན་སྦྱར་ཅན་གྱི་དེབ་ཆུང་༼སྐད་གསུམ་རྩོམ་འབྲིའི་ལག་དེབ།༽ཅེས་པ་བསྒྱུར་ཟིན་ཏེ་མི་འགྱངས་པར་ས་གནས་སོ་སོ་ནས་དགྲམ་རྒྱུ་ཡིན། དེབ་འདིའི་ནང་དུ་རྩོམ་ཐུང་89ཙམ་དབྱིན་བོད་རྒྱ་གསུམ་ཤན་སྦྱར་བྱས་ཏེ་ཡོད་ལ།

སྡེ་ཚན་ཆེན་པོ་བཞི་སྟེ།

༼1.ཇི་བཞིན་བརྗོད་པའི་རྩོམ་ཡིག

 2.གསལ་བཤད་རྩོམ་ཡིག

3.དགག་སྒྲུབ་རྩོམ་ཡིག

 4.ཉེར་སྤྱོད་ཡི་གེ།༽བཅས་ཡོད།

      ད་དུང་རྩོམ་ཡིག་ལ་གོ་བ་ཡག་པོ་ལོན་ཆེད་ཐ་སྙད་དཀའ་མོ་དག་ཁོལ་དུ་ཕྱུང་སྟེ་དབྱིན་བོད་རྒྱ་གསུམ་གྱིས་བཀོད་ཡོད་པས་སྐད་རིགས་སློབ་གཉེར་བ་དག་ལ་ཉེ་བར་ཕན་པའི་དེབ་ཆུང་ཞིག་ཡིན།   རྒྱ་ཆེའི་སློབ་གཉེར་བ་དག་གིས་འབྲེལ་གཏུག་གནང་བར་དགའ་བསུ་ཞུ།

     མཐར་བོད་གངས་ཅན་གྱི་སྐད་ཡིག་སློབ་གཉེར་བ་དག་གི་སྦྱངས་འབྲས་སྔར་ལས་བཟང་བའི་སྨོན་འདུན་དང་བཅས་དེབ་འདི་སྒྱུར་བ་བོ་ཨ་མཆོག་མགོན་པོ་སྐྱབས་ཀྱིས་སྤྱི་ལོ་༢༠༡༦ལོའི་ཟླ་༡༢པའི་ཚེས་༡༥ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས།


      ཨ་མཆོག་མགོན་པོ་སྐྱབས་ནི་སྤྱི་ལོ་༡༩༨༩ལོར་ཀན་ལྷོ་ཁུལ་བསང་ཆུ་རྫོང་ཨ་མཆོག་རྩྭ་ཐང་ནས་སྐྱེས་ཤིང་།  རང་ལོ་བརྒྱད་པའི་སྟེང་ཡུལ་ཚོ་ནས་སློབ་གྲྭར་འགྲིམ་མགོ་བརྩམས། སློབ་ཆུང་ནས་གསུམ་བཟང་སློབ་མའི་བྱ་དགའ་སོགས་ཐེངས་ཁ་ཤས་ལ་ཐོབ།  སློབ་ཆུང་མཐར་ཕྱིན་རྗེས་གཙོས་བོད་རིགས་སློབ་འབྲིང་དུ་ཞུགས་ཤིང་དམའ་འབྲིང་མཐར་ཕྱིན།  དེ་ནས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ནས་ལོ་གསུམ་ལ་བོད་ཡིག་ཆེད་སྦྱོང་འཛིན་གྲྭར་སློབ་སྦྱོང་བྱས་ལ།  སློབ་གླིང་འདི་ནས་མཐོ་འབྲིང་རིམ་པའི་ཕུལ་བྱུང་སློབ་མའི་བྱ་དགའ་ཐེངས་གཉིས་ལ་ཐོབ། སློབ་མཐར་ཕྱིན་རྗེས་ལྷ་སའི་ལམ་བཟང་སྐད་ཡིག་སློབ་གྲྭར་ཞུགས་ནས་ལོ་གཉིས་ལྷག་ལ་དབྱིན་ཡིག་ཆེད་སྦྱོང་བྱས། དེ་ནས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་ཆེད་སྦྱོང་གི་སློབ་མཐར་ཕྱིན།   སྤྱི་ལོ་༢༠༡༤ལོར་སློབ་དཔོན་དམ་པ་འཇིགས་མེད་རྒྱལ་མཚན་མཆོག་གི་ཐུགས་བཀོད་ལྟར་པེ་ཅིན་གྱི་ཝོ་སྒྲིར་ཧྥོ༼Waldorf华德福༽སློབ་གྲྭ་ནས་ལོ་གཅིག་ཙམ་ལ་དགེ་རྒན་གྱི་སྦྱོང་བརྡར་སོགས་སློབ་གསོའི་སྐོར་ལ་འབད་པ་བྱས།  སློབ་མཐར་ཕྱིན་རྗེས་སློབ་དཔོན་མཆོག་གི་བཀའ་དགོངས་བཞིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཕྱིར་ཡོང་ནས་དབྱིན་ཡིག་དང་རྩིས་རིག་བོད་ཡིག་གི་ཡིག་གཟུགས་དགེ་རྒན་བཅས་ཀྱི་ལས་གནས་ལ་བརྩོན་བཞིན་ཡོད།

ཨ་མཆོག་མགོན་པོ་སྐྱབས་ཀྱི་ཁ་པར་དང་སྐད་འཕྲིན།

ཁ་པར།13897558643

སྐད་འཕྲིན།1557454136



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ།
རྩོམ་སྒྲིག་པ། འབའ་སྣང་གྲོལ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 41t7 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
11310389
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།