མཚར་གཏམ་གད་མོའི་རིག་རྩལ་ཆེད་ཚོགས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2022 ལོའི་ཟླ 7 ཚེས 3 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འོས་སྦྱོར་གླིང་། »མཚར་གཏམ་གད་མོའི་རིག་རྩལ་ཆེད་ཚོགས།
མཚར་གཏམ་གད་མོའི་རིག་རྩལ་ཆེད་ཚོགས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2016-07-03ལྟ་ཀློག (12969)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ན་གཞོན་སྒྱུ་རྩལ་བ་རྭ་རྒྱ་རྟ་མགྲིན་སྐྱབས་དང་ཨ་རིག་བསྟན་སྐྱོང་གཉིས་ཀྱི་མཚར་གཏམ་གད་མོའི་རིག་རྩལ་ཆེད་ཚོགས།

     སྤྱི་ལོ་༢༠༡༦ལོའི་ཟླ་༦པའི་ཚེས་༢༦ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དང་རྩྭ་ཐང་བུ་མོའི་སློབ་གྲྭ།  རྨ་ཀླུང་དམངས་སྲོལ་སྒྱུ་རྩལ་ཚོགས་པ་བཅས་ཀྱིས་གཙོ་སྒྲུབ་དང་ཡུལ་ཤུལ་རེ་བའི་ཚོང་ཁྲོམ་ཚད་ཡོད་མཐུན་གཉེར་ཁང་གི་རྒྱབ་སྐྱོར་དང་ཐུགས་ཁུར་ལ་བརྟེན་ཏེ་ན་གཞོན་སྒྱུ་རྩལ་བ་རྭ་རྒྱ་རྟ་མགྲིན་སྐྱབས་དང་ཨ་རིག་བསྟན་སྐྱོང་གཉིས་ཀྱིས་ཕུགས་བསམ་གྱི་རྡོ་རིང་ཞེས་པའི་མཚར་གཏམ་གད་མོའི་རིག་རྩལ་ཆེད་ཚོགས་ཤིག་མགོ་ལོག་ཁུལ་ཐོག་ཏུ་འཚོགས་ཤིང་། ཆེད་ཚོགས་འདིར་བཞད་གར་དང་ཁ་ཤགས་སོགས་གཙོ་བྱས་ཏེ་སློབ་གླིང་གཉིས་ཀའི་སྒྱུ་རྩལ་ལ་དགའ་བ་སྐོར་ཞིག་དང་ཕྱོགས་སོ་སོ་ནས་ཕེབས་པའི་གདན་ཞུའི་གླུ་བ་རྨ་གླིང་ལྷུན་གྲུབ་དང་ཨ་རིག་གུ་རུ།  ངག་བསྟན།  ཁ་བ་དོན་གྲུབ།  ཆོས་ཉིད་རྒྱ་མཚོ།  སྦྲ་ནག་བྱང་ཆུབ།  བསྟན་པ། བསྟན་འཛིན་ཚེ་རིང་།  རྟ་མགྲིན་སྐྱབས་སོགས་དང་།  གླུ་མ་འཕྲིན་ལས་མཚོ།  ལས་དབང་ལྷ་མོ།  མགོན་པོ་མཚོ། དར་མ།  ཚེ་རིང་སྒྲོལ་མ་བཅས་ཀྱིས་གླུ་དང་རྡུང་ལེན་སོགས་རིག་རྩལ་གྱ་ནོམ་པ་ཞིག་གྲ་སྒྲིག་བྱས་པས།   རྒྱ་ཆེའི་གཟིགས་མོ་བ་ཡོངས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད།

   བཀའ་དྲིན་ཆེ་བའི་དགེ་རྒན་རྣམས་ཡུལ་དངོས་སུ་ཕེབས་ཏེ་སློབ་མ་རང་གི་དགའ་ཕྱོགས་དང་ཕུགས་བསམ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་ཁོ་ཚོའི་མི་ཚེའི་ལམ་བུ་འོད་སྟོང་འབར་བ་ཞིག་ཏུ་འགྱུར་བར་སྨོན་པ་རུམ་གང་བཏེགས་ནས་ཕེབས་ཡོད་པའི་ཟུར་ཞིག

ཕུགས་བསམ་གྱི་རྡོ་རིང་ཞེས་པའི་མཚར་གཏམ་གད་མོའི་ཆེད་ཚོགས་ཀྱི་ཡུལ་དངོས།

ཕུགས་བསམ་གྱི་རྡོ་རིང་ཞེས་པའི་མཚར་གཏམ་གད་མོའི་ཆེད་ཚོགས་ཀྱི་ཡུལ་དངོས།

ཡུལ་དངོས་མདོ་འཛིན་པ་གཉིས།

ཕུགས་བསམ་གྱི་རྡོ་རིང་ཞེས་པའི་མཚར་གཏམ་གད་མོའི་ཆེད་ཚོགས་ཀྱི་ཡུལ་དངོས།

ཁ་ཤགས་འཁྲབ་སྟོན་གྱི་ཡུལ་དངོས།

གླུ་དང་རྡུང་ལེན་གྱི་མཆོད་པ།

ཚོགས་རའི་ཡུལ་དངོས་ཀྱི་ཟུར་ཞིག

     ཐེངས་འདིར་རྒྱབ་སྐྱོར་བླ་མེད་གནང་མཁན་དྲིན་ཅན་གྱི་ཕ་མ་དང་གཉེན་ཉེ་དུ་ད་དུང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དང་རྩྭ་ཐང་བུ་མོའི་སློབ་གྲྭ་རྨ་ཀླུང་དམངས་སྲོལ་སྒྱུ་རྩལ་ཚོགས་པ་ཡུལ་ཤུལ་རེ་བའི་ཚོང་ཁྲོམ་ཚད་ཡོད་མཐུན་གཉེར་ཁང་ད་དུང་ཕྱོགས་སོ་སོ་ནས་ཕེབས་པའི་གདན་ཞུའི་གླུ་བ་གླུ་མ་དག་ལ་ལྷག་བསམ་ཟོལ་མེད་ངང་བཀའ་དྲིན་ཆེ་ཞུ་བ་ལགས།

ང་རང་སྒྱུ་རྩལ་ལ་དགའ་བ་ནི་མཚན་སྙན་གྲགས་ལ་དགའ་བ་མ་ཡིན་པར། ང་རང་སྒྱུ་རྩལ་ལ་དགའ་བ་ནི་ཡུལ་སྲོལ་གོམས་གཤིས་ལ་དགའ་བ་ཡིན།

    ད་ལོར་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་དགུ་བའི་མཐར་ཕྱིན་སློབ་གྲོགས་རྭ་རྒྱ་རྟ་མགྲིན་སྐྱབས་དང་ཨ་རིག་བསྟན་སྐྱོང་གཉིས་ཀྱིས་སློབ་གླིང་འདི་གའི་ཐུན་མོང་མ་ཡིན་པའི་ཤེས་རིག་འགྲན་གླིང་འདི་ཉིད་བརྗོད་བྱར་བཟུང་ནས་༼ཕུགས་བསམ་གྱི་རྡོ་རིང་༽ཞེས་པའི་མཚར་གཏམ་གད་མོའི་རིག་རྩལ་ཆེད་ཚོགས་ཤིག་མགོ་ལོག་ཁུལ་གནམ་སའི་གླུ་གར་ཁང་དུ་སྤྱི་ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན་མགོ་བཀྲ་ཤིས་ཤིང་མཇུག་དོན་འགྲུབ་པའི་ངང་ཡོངས་སུ་ལེགས་འགྲུབ་བྱུང་བའི་ཡུལ་དངོས།

མཚར་གཏམ་གད་མོའི་རིག་རྩལ་ཆེད་ཚོགས་སྟེང་གི་གདན་ཞུའི་སྐུ་མགྲོན་དང་འཁྲབ་སྟོན་པ་ཡོངས་ཀྱི་མཉམ་པར།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ།
རྩོམ་སྒྲིག་པ། འབའ་སྣང་གྲོལ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། khan བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  མཚར་གཏམ་གད་མོའི་རིག་རྩལ་ཆེད་ཚོགས།   སྤེལ་མཁན།: སྨིན་མོ། སྤེལ་དུས:2016/7/3
རྟེན་འབྲེལ་ཞུ།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
11406263
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།