གངས་ལྗོངས་གཅེས་ནོར་གྱིས་འོ་བསྡུ་ས་ཚིགས་ཀྱི་བདག་གཉེར་དོ་དམ་སྐོར་གྱི་སྦྱོང་བརྡར་འཛིན་གྲྭ་བསྡུས།

མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གངས་ལྗོངས་གཅེས་ནོར་འགན་འཁྲི་ཚད་ཡོད་མཐུན་གཉེར་ཁང་གི་

གསར་འགྱུར།

青海省果洛州雪域珍宝有限责任公司

2018年6月30日

     གངས་ལྗོངས་གཅེས་ནོར་མཐུན་གཉེར་ཁང་གིས་སྐབས་གསུམ་པའི་མཉམ་སྒྲུབ་ཚོང་སྡེའི་འོ་བསྡུ་ས་ཚིགས་ཀྱི་བདག་གཉེར་དོ་དམ་མི་སྣ་དང་ལག་རྩལ་འཇོན་ནུས་སྦྱོང་བརྡར་འཛིན་གྲྭ་བསྡུས།

     སྤྱི་ཟླ་6པའི་ཚེས་29ཉིན་ངེད་གངས་ལྗོངས་གཅེས་ནོར་མཐུན་གཉེར་ཁང་གི་ཐོན་སྐྱེད་སྡེ་ཁག་གིས་སྤེལ་བའི་སྐབས་གསུམ་པའི་མཉམ་སྒྲུབ་ཚོང་སྡེའི་འཇོན་ནུས་ལས་མི་གསོ་སྐྱོང་གི་ཟབ་སྦྱོང་དངོས་སུ་འགོ་བརྩམས་ཤིང་།  ཐེངས་འདིའི་ཟབ་སྦྱོང་ཉིན་གཉིས་ལ་འཚོགས་པ་དང་། ཚེས་ཉེར་དགུའི་སྔ་དྲོར་ངེད་མཐུན་གཉེར་ཁང་གི་ཐོན་སྐྱེད་སྡེ་ཁག་གི་སྤྱི་གཉེར་བ་ཚེ་ཐར་འབུམ་གྱིས་འགོ་འཛིན་བྱས་པ་བརྒྱུད་ཐེངས་འདིའི་གདན་ཞུའི་འགོ་ཁྲིད་ཁུལ་ཞིང་ཕྱུགས་ཅུའུ་ཡི་མགོ་གཙོ་ཚེ་རིང་དོན་གྲུབ་ལགས་ཀྱིས་དུས་ཚོད་གཅིག་ལྷག་གི་རིང་ལ་ཕྱུགས་ལས་འཕེལ་རྒྱས་དང་ཁྱད་པར་དུ་ནོར་ནག་གི་འཕེལ་རྒྱས་སྐོར་གྱི་གསུང་བཤད་གྱ་ནོམ་པ་གནང་།

      གངས་ལྗོངས་གཅེས་ནོར་མཐུན་གཉེར་ཁང་གི་སྲོལ་འབྱེད་མི་སྣ་སློབ་དཔོན་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་བོད་ཁུལ་གྱི་དཔལ་འབྱོར་དང་། ནོར་ནག་གི་རིན་ཐང་། ཞིང་ཕྱུགས་བཟོ་ཚོང་ཆེད་ལས་ཅན་དུ་གཏོང་བའི་ཁ་བྱང་གཞིར་བཟུང་སྟེ་གསུང་བཤད་གལ་ཆེན་གནང་།

      མཐུན་གཉེར་ཁང་གི་སྤྱི་གཉེར་བ་པདྨ་མཁའ་འགྲོས་འོ་མའི་བདེ་འཇགས་དང་ཁུལ་གྱིས་འདིའི་ཕྱོགས་ལ་བཏང་བའི་མ་དངུལ་དང་རྒྱབ་སྐྱོར་གནང་བའི་སྐོར་གྱི་གཏམ་བཤད་བྱས་ཏེ་སྔ་དྲོའི་ཟབ་སྦྱོང་མཇུག་སྒྲིལ།

       ཕྱི་དྲོར་ངེད་མཐུན་གཉེར་ཁང་གི་ཐོན་སྐྱེད་སྡེ་ཁག་གི་སྤྱི་གཉེར་བ་ཚེ་ཐར་འབུམ་གྱིས་འོ་བསྡུ་ས་ཚུགས་སོ་སོ་ལ་འཛོམས་དགོས་པའི་ཆ་རྐྱེན་དང་ད་ལོའི་གན་རྒྱ་འཇོག་ཚུལ། གན་རྒྱའི་སྒྲིག་ལམ་སོགས་གསལ་བཤད་གནང་བར་མ་ཟད་འཐུས་ཚབ་མི་སྣ་དག་གི་བསམ་ཚུལ་ལ་རྒྱུས་ལོན་ནན་མོ་བྱས།

       མཐུན་གཉེར་ཁང་གི་རྫས་དཔྱད་འགན་ལེན་མི་སྣས་སྨན་རྫས་ཀྱི་སྤྱོད་ཐབས་དང་ལྷག་པར་དུ་རྫས་དཔྱད་བྱེད་ཐབས་ལ་ཡུལ་དངོས་ནས་དཔེ་སྟོན་བྱས།

       སྤྱི་ཟླ་6པའི་ཚེས30ཉིན་གྱི་སྔ་དྲོར་སྤོ་འགུལ་འོ་བསྡུ་ས་ཚིགས་ཀྱི་འོ་མ་འཁྱག་བཟོའི་ལག་རྩལ་པ་ཀྲང་ལགས་ཀྱིས་འོ་མ་འཁྱག་བཟོ་འཕྲུལ་ཆས་ཇི་ལྟར་བཀོད་སྤྱོད་བྱེད་པ་དང་བཀོལ་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད་གང་དག་ལ་མཉམ་འཇོག་བྱེད་དགོས་པའི་སྐོར་གསལ་བཤད་གནང་།

ཡུལ་དངོས་ནས་དཔེ་སྟོན་བྱེད་བཞིན་པ།

མཇུག་མཐར་དགེ་སློབ་ཡོངས་ཀྱིས་མཉམ་པར་བརྒྱབ་སྟེ་ཐེངས་འདིའི་ཟབ་སྦྱོང་བདེ་ལེགས་ངང་མཇུག་སྒྲིལ།

གངས་ལྗོངས་གཅེས་ནོར་འགན་འཁྲི་ཚད་ཡོད་མཐུན་གཉེར་ཁང་གི་ཐོན་སྐྱེད་སྡེ་ཁག་གིས།

2018ལོའི་ཟླ་6པའི་ཚེས30ཉིན།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2018-06-30 ལྟ་ཀློག (9474)