མཐོ་ལས་དགོན་གྱི་རྭ་རྒྱའི་སློབ་གྲོགས་ལྷན་འཛོམས།

 མཐོ་ལས་དགོན་གྱི་རྭ་རྒྱའི་སློབ་གྲོགས་ལྷན་འཛོམས།  

སྤྱི་ལོ་༢༠༢༡ལོའི་ཟླ་༡༡ཚེས་༢༧ཉིན་མཐོ་ལས་དགོན་པའི་མཚན་ཉིད་གྲྭ་ཚང་དུ་ཐོས་བསམ་སློབ་གཉེར་གནང་བཞིན་པའི་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་གླིང་གི་མཐར་ཕྱིན་སློབ་མ་དག་ལྷན་འཛོམས་སྐབས་གཉིས་པ་བྱུང་ཞིང་།  ཐེངས་འདིར་སློབ་གྲོགས་བཅོ་ལྔ་ཙམ་མཉམ་དུ་འཛོམས།  ང་ཚོ་འདིར་འཛོམས་དོན་ནི་ཟ་མ་གང་ཞིམ་དང་གཏམ་གང་ཡག་བཤད་ནས་འདུག་རྒྱུ་ཙམ་མིན་པར།  རང་རང་གི་ད་ལྟའི་སློབ་སྦྱོང་གི་གནས་བབ་དང་མ་འོངས་པའི་སློབ་སྦྱོང་གི་ཁ་ཕྱོགས་སོགས་ཀྱི་ངོས་ནས་རང་རང་གི་བསམ་ཚུལ་ལྷུག་བརྗོད་བྱས་པ་དང་། དཀའ་ངལ་ཅན་གྱི་སློབ་གྲོགས་སོགས་ལ་ནུས་པ་ཅི་ལྕོག་གིས་རོགས་རམ་བྱེད་རྒྱུ་སོགས་མཛའ་བརྩེ་མཚོན་པའི་ཁ་བརྡ་མང་པོ་བྱས་པར་མ་ཟད། སྐབས་བཅོ་ལྔ་བའི་མཐར་ཕྱིར་སློབ་མ་འབོ་ར་བསོད་ནམས་ཀྱིས་ད་ལོར་དགོན་འདི་ནས་ཕར་ཕྱིན་རམས་འབྱམས་པའི་དམ་བཅའ་བཞག་པས།   ང་ཚོ་འདིར་ཡོད་པའི་སློབ་གྲོགས་ཚང་མས་ཁོ་ལ་རྟེན་འབྲེལ་གྱི་ཁ་བཏགས་འཐེན་པ་དང་གང་འཚམས་ལེགས་སྐྱེས་སོགས་ཕུལ། ཁོང་གིས་ཀྱང་ཐེངས་འདིའི་སློབ་གྲོགས་ལྷན་འཛོམས་ཀྱི་མཐུན་རྐྱེན་ཡོངས་སུ་སྦྱར།  མཐར་ཚོགས་གཙོ་ཀ་རྒྱ་བློ་བཟང་མཆོག་གིས་སཾ་བྷོ་ཊ་རོགས་སྐྱོར་ཐེབས་རྩའི་རྒྱུན་ལས་སྐབས་བརྗེ་ཚོགས་ཆེན་སྐབས་ཀྱི་ཚོགས་འདུའི་ནང་དོན་གཙོ་བོ་སོགས་ང་ཚོ་ལ་རེ་རེ་བཞིན་ངོ་སྤྲོད་བྱས་ནས་སྐབས་གཉིས་པའི་སློབ་གྲོགས་ལྷན་འཛོམས་བཀྲ་ཤིས་བདེ་ལེགས་ངང་ནས་མཇུག་རྫོགས།




གསར་འགོད་པ། ཐེ་བསམ། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2021-12-12 ལྟ་ཀློག (6706)