ལང་ཚོའི་མཆོད་ཡོན་སྙན་དེབ་ངོ་སྤྲོད།

《ལང་ཚོའི་མཆོད་ཡོན་》ཞེས་པའི་སྙན་དེབ་ངོ་སྤྲོད།

 

      《ལང་ཚོའི་མཆོད་ཡོན་》ཞེས་པའི་སྙན་དེབ་འདི་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ལྔ་བའི་མཐར་ཕྱིན་སློབ་མ་ཁ་སྒང་གཡང་འབུམ་ཚེ་རིང་ལགས་ཀྱིས་སློབ་མཐར་ཕྱིན་པའི་གཏང་རག་ཆུང་ཆུང་ཞིག་གི་ཟོལ་གྱིས་རང་ཉིད་ལ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་སྦྱིན་མཁན་གྱི་དྲིན་ཆེན་ཕ་མ་ཟུང་དང་ཤེས་རིག་གི་བདུད་རྩི་བུམ་པ་གང་བྱོའི་ཚུལ་དུ་སྩོལ་གནང་མཁན་གྱི་བླ་མེད་དགེ་བའི་བཤེས་གཉེན་རྣམ་པའི་བཀའ་དྲིན་མཚོན་སླད་དུ་མི་ཡུལ་ལ་སྐྱེས་སུ་བཏེགས་པ་ཞིག་ཡིན་ལ།སྙན་དེབ་འདིའི་ནང་དུ་རྩོམ་པ་པོ་ཁོང་གིས་མི་ལོ་བཞིའི་རིང་གི་དཀའ་སྤྱད་ཁྲོད་ཀྱི་མཐོང་ཐོས་མྱོང་གསུམ་དང་།ལྷག་པར་དུ་དྲིན་ཆེན་དགེ་བའི་བཤེས་གཉེན་རྣམ་པའི་གསེར་ལས་ལྷག་པའི་བཀའ་སློབ་ལམ་སྟོན་རྣམས་རྩ་བར་བཟུང་ནས་མི་རིགས་ཀྱི་ལ་རྒྱ་དང་རིག་གཞུང་གི་རིན་ཐང་སོགས་ཁ་ཚ་དགོས་གཏུགས་ཀྱི་དོན་གནད་དེ་དག་གཙོར་འདོན་བྱས་ཡོད་པ་སྟེ།དཔེར་ན།‘གངས་སེང་དཀར་མོའི་གདུང་འབོད་’དང་‘སེམས་ཀྱི་འཕར་སྒྲ།’ ‘ངང་པ་དཀར་པོ།’ ‘སྙིང་ཁར་བཞུར་བའི་གླུ།’ད་དུང་‘འབྲོང་ཕྲུག་’དང་‘ཁ་བའི་སྐྱོ་དབྱངས་’སོགས་མདོར་ན་མི་རིགས་འདིའི་འདས་མ་ད་གསུམ་གྱི་གནས་བབ་དང་བདེ་སྡུག་སེམས་ལ་གཏིང་སིམ་དུ་གྱུར་བའི་རྣམ་པ་གསལ་བོར་མངོན་ཞིང་བསྟན་ཡོད་དོ།།



རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2015-07-09 ལྟ་ཀློག (3606)